当前位置: 寺庙僧侣 > 生态环保

འཚོ་བའི་གད་སྙིགས་ཇི་ལྟར་ཐག་གཅོད་བྱེད་དགོས་སམ། དེ་དག་རིགས་དབྱེ་བྱས་ཚེ་གནོད་སྐྱོན་ཇེ་དམར་གཏོང་ཐུབ།
生活垃圾应如何处理?分类丢弃才能降低危害

发布时间:2019年11月12日

ང་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད། ཉིན་རེར་གད་སྙིགས་མང་པོ་འབྱུང་བཞིན་ཡོད། མི་མང་པོ་ཞིག་གིས་གད་སྙིགས་ཐག་གཅོད་བྱེད་སྐབས་རིགས་མི་འདྲ་བའི་གད་སྙིགས་མཉམ་དུ་འཇོག་གི་ཡོད། འོ་ན་གད་སྙིགས་བསྐྱུར་བའི་སྐབས་སུ་གལ་ཏེ་རིགས་དབྱེ་མ་བྱས་ན་ཁོར་ཡུག་ལ་ཤུགས་རྐྱེན་གང་དག་ཐེབས་སྲིད་དམ། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་གད་སྙིགས་ནི་ཇི་ལྟར་རིགས་དབྱེ་བ་ཡིན་ནམ། ང་ཚོས་ཇི་ལྟར་གད་སྙིགས་བསྐྱུར་ན་ད་གཟོད་ཁོར་ཡུག་ལ་གནོད་པ་མི་བཟོའམ། 

ཆིང་ཧྭ་སློབ་ཆེན་ཀྲུང་གོ་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝུན་ཙུང་གོ་ཡིས《མི་དམངས་ཉིན་རེའི་ཚགས་པར》གྱི་བཅར་འདྲི་དང་ལེན་བྱེད་སྐབས།གད་སྙིགས་རིགས་དབྱེ་ནི་གད་སྙིགས་གཙང་སེལ་མ་བྱས་གོང་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ་གད་སྙིགས་ཉུང་གཏོང་དང་ཁོར་ཡུག་སྦགས་བཙོག་ཆུང་དུ་གཏོང་བའི་འབྱུང་རྩ་ནས་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་ཀྱང་རེད་གསུང་གི་ཡོད། གད་སྙིགས་མཉམ་དུ་མེར་བསྲེགས་ན་གནོད་ལྡན་རླངས་གཟུགས་ཕྱིར་གཏོང་བ་དང་མཁའ་རླུང་ལ་སྦགས་བཙོག་བཟོ་སྲིད་པ་མ་ཟད་ད་དུང་མང་ཚོགས་ལ་བདེ་ཐང་གི་ཉེན་ཁ་བཟོ་སྲིད། འཚོ་བའི་གད་སྙིགས་རིགས་དབྱེ་བྱས་ཚེ་རྗེས་མཐུད་ཀྱི་གད་སྙིགས་གཙང་སེལ་གྱི་ལས་ཕྱོད་ཆེ་རུ་འགྲོ་བ་དང་ཐག་གཅོད་ཀྱི་དཀའ་གནད་ཆུང་དུ་གཏོང་ཐུབ་པས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། དཔེར་ན་ཚ་ཐང་ཅུང་མཐོ་བའི་འབར་ཐུབ་པའི་གྲུབ་ཆར་འབར་སྲེག་གློག་བཏང་ནས་ཚ་དྲོད་ཀྱི་ལས་ཕྱོད་མཐོར་འདེགས་གཏོང་ཐུབ། དབྱེ་ཕྲལ་བྱེད་སླ་བའི་སྐྱེ་ལྡན་དངོས་རྫས་ལོགས་སུ་བདམས་ནས་ལུད་སྤུངས་ན་ལུད་སྤུངས་ཀྱི་ཕན་འབྲས་དང་སྤུས་ཀ་མཐོར་འདེགས་བྱེད་ཐུབ།

འོ་ན་འཚོ་བའི་ཁྲོད་རྒྱུན་དུ་མཐོང་བའི་གད་སྙིགས་ལ་རིགས་གང་དག་ཡོད་དམ། 《ཧོ་ཧྥེའི་ཉིན་རེའི་ཚགས་པར》ཐོག་ངོ་སྤྲོད་བྱས་པར་གཞིགས་ན་འཚོ་བའི་གད་སྙིགས་དེ“བཞི་བགོས་བྱེད་ཐབས”ལྟར་བསྡུས་ཆོག་པའི་གད་སྙིགས་དང་།ཟ་ཁང་གི་གད་སྙིགས(རུལ་སླ་བའི་གད་སྙིགས་)དུག་ལྡན་དང་གནོད་ལྡན་གད་སྙིགས།དེ་མིན་གྱི་གད་སྙིགས་བཅས་སུ་དབྱེ་ཆོག་གི་ཡོད་པ་རེད། 《ཟི་ལིང་དགོང་དྲོའི་ཚགས་པར》ཐོག་ངོ་སྤྲོད་བྱས་པར་གཞིགས་ན། གད་སྙིགས་ནང་བེད་མེད་དུ་བསྐྱུར་བའི་ཤོག་བུ་དང་།སྤོས་འགྱིག ལྕགས་རིགས།འཁེལ་འཐག་དངོས་པོ། གློག་ཆས་དང་གློག་རྡུལ་ཐོན་རྫས། ཤེལ་སྒོ། འགྱིག་ཁུག་ཐུམ་སྒྲིལ་དངོས་པོ་སོགས་ཚུར་བསྡུ་དང་ཐོན་ཁུངས་བེད་སྤྱོད་བྱ་རྒྱུར་འཚམ་པའི་དངོས་པོ་དང་། ཟ་ཁང་གི་གད་སྙིགས་ནང་བེད་མེད་དུ་བཏང་བའི་ཚལ་ལྷག་དང་། ལྷག་རོ། ཀྭ་ཤུན་ཉིང་། ཡལ་ག་ལྷག་འཕྲོ། སྔོ་ཚལ་ལོ་མ། ཤ་རུལ། རུས་ཆགས། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་ནང་ཁྲོལ་སོགས་རྒྱུན་གཏན་འཚོ་བའི་ནང་ཐོན་པའི་རུལ་སླ་བའི་གད་སྙིགས་ཚུད་ཡོད། དུག་དང་གནོད་པ་ལྡན་པའི་གད་སྙིགས་ཀྱི་ཁོངས་སུ་དོར་བའི་གློག་རྫས་དང་། གློག་རྡུལ་ཐོན་རྫས། སྤུས་ཚད་འགན་ལེན་གྱི་དུས་ལས་ཡོལ་ཞིང་རྒྱུན་མཁོའི་མཛེས་འཆོས་བྱུག་རྫས་དང་། འབུ་གསོད་སྨན། སྒྲོན་སྦུག་རྙིང་པ། རྩི་རོ། དུས་ལས་ཡོལ་པའི་སྨན་རྫས་སོགས་མིའི་ལུས་ཁམས་བདེ་ཐང་ངམ་རང་བྱུང་ཁོར་ཡུག་ལ་ཐད་ཀར་རམ་མི་མངོན་པའི་གནོད་སྐྱོན་བཟོ་བའི་འཚོ་བའི་གད་སྙིགས་ཚུད་ཡོད། གད་སྙིགས་གཞན་དག་ནང་སྤྲོད་ཐེངས་གཅིག་རང་བཞིན་གྱི་ཟས་སྣོད་འཐུང་ཆས་དང་། དུ་སྣེ། ཤོག་བུ། རྫ་དཀར་རྙིང་པ། ཐལ་རྡུལ། གཅེས་ཉར་སྲོག་ཆགས་ཀྱི་སྐྱག་གཅིན་སོགས་ཚུད་ཡོད།

ཤིན་ཧྭ་གསར་འགྱུར་ཁང་གིས་བསམ་འཆར་བཏོན་པར་གཞིགས་ན་ཁྱིམ་ཚང་གི་ཐབ་ཚང་དུ་གད་སྙིགས་བླུག་སྣོད་བཞག་ནས་གསང་སྤྱོད་ནང་གད་སྙིགས་བླུགས་སྒམ་གཞན་དག་བཞག་སྟེ་ཚུར་བསྡུའི་དངོས་པོ་ཐད་ཀར་གད་སྙིགས་བླུགས་སྒམ་ནང་བླུགས་ཆོག་པ་ཡིན།དེ་བས་ཁྱིམ་ནས་སྤྱི་པའི་ཁུལ་དུ་གད་སྙིགས་བླུགས་སྐབས་རིགས་དབྱེ་བའི་གད་སྙིགས་དེ་དག་དེ་མཚུངས་ཀྱི་བསྡུ་རུབ་སྣོད་ཆས་ནང་བླུགས་དགོས།

རྩོམ་འདི་ནི་ཧྥུའུ་ཏན་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན་དང་།སྤྱི་པའི་འཕྲོད་བསྟེན་སློབ་གླིང་ཁོར་ཡུག་འཕྲོད་བསྟེན་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་ཁན་ཧེ་ཏུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་དཔྱད་གནང་བ་དང་། མིག་སྔར་དེའི་ཞིབ་འཇུག་ཁ་ཕྱོགས་གཙོ་བོ་ནི་ཁོར་ཡུག་དང་བདེ་ཐང་།ཁོར་ཡུག་མཆེད་ནད་རིག་པ། བདེ་ཐང་ཉེན་ཁའི་དཔྱད་དཔོག་སོགས་ཚུད་ཡོད། 


在我们的日常生活中,每天都会产生大量垃圾,很多人在处理垃圾时经常将不同种类的垃圾放在一起丢弃,殊不知这样不经分类的做法会对环境产生危害。那么,垃圾在被丢弃时,如不经过分类,会对环境产生哪些影响?在日常生活中,垃圾究竟是如何分类的?我们又该怎样丢弃垃圾才不会对环境造成危害呢?

清华大学中国循环经济产业研究中心主任温宗国在接受《人民日报》采访时表示,垃圾分类是对垃圾进行前处置的重要环节,是从源头实现垃圾减量化和减小环境污染的关键。垃圾混在一起焚烧,可能释放有害气体,造成空气污染,还会给公众带来健康风险。而生活垃圾分类可以提高后续垃圾处理效率,降低处理难度,是发展循环经济的重要抓手。比如,将热值较高的可燃成分进行燃烧发电,提高热效率;将易降解的有机物质分选出来进行堆肥处理,可提高堆肥效率和质量等。

那么,生活中常见的垃圾可分为哪几类?据《合肥日报》介绍,生活垃圾按照“四分法”可分为可回收垃圾、餐厨垃圾(易腐垃圾)、有毒有害垃圾和其它垃圾。据《西宁晚报》介绍,可回收垃圾包括废弃的纸张、塑料、金属、纺织物、电器电子产品、玻璃、塑料袋、包装物等适宜回收和资源利用的物质;餐厨垃圾包括废弃的剩菜、剩饭、瓜果皮核、残枝落叶、菜梗菜叶、腐肉、骨头畜禽产品内脏等日常生活中产生的易腐性垃圾;有毒有害垃圾包括废弃的电池、电子产品、过期日用化妆品、杀虫剂、废旧灯管、废油漆桶、过期药品等对人体健康或者自然环境造成直接或者潜在危害的生活垃圾;其它垃圾包括一次性餐具、烟头、污染纸张、破旧陶瓷品、尘土、宠物粪便等。

新华社建议,可在家中厨房放置厨余垃圾桶,在卫生间放置其它垃圾桶,可回收物直接投入可回收垃圾箱。从家中向公共区投放垃圾时,将分类垃圾分别投放至相应的收集容器内。

本文由复旦大学博士生导师、公共卫生学院环境卫生学教研室副主任阚海东进行科学性把关,目前其主要研究方向为环境与健康、环境流行病学、健康风险评估等。