当前位置: 寺庙僧侣 > 防火防灾

གངས་འཚུབ་ཀྱི་གནོད་འཚེར་ཁ་གཏད་ཇི་ལྟར་གཅོག་དགོས།
如何应对暴雪灾害

发布时间:2019年11月14日

གངས་འཚུབ་ནི་དུས་ཡུན་རིང་པོའི་ནང་གངས་མང་པོ་བབས་ནས་གཞི་ཁྱོན་ཆེ་པོར་གངས་གསོག་ཐེབས་པའི་རང་བྱུང་སྣང་ཚུལ་ཞིག་ཡིན་ཞིང་ཆུ་ཚོད་12ནང་གངས་བབས་ཚད་དེ་ཧའོ་རྨིད་4ཡན་ཡིན་ཚེ་གནམ་གཤིས་ལས་ཁུངས་ཀྱིས་གངས་འཚུབ་ཉེན་ཟོན་སྔོན་བརྡ་སྔོན་པོ་གཏོང་འགོ་ཚུགས་ཀྱི་ཡོད།  གངས་འཚུབ་དང་འགྲོགས་པའི་ལྷགས་རླུང་ཆེན་པོ་དང་དྲོད་ཚད་མར་ཆགས་པའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་འདྲེན་སྐུད་ལམ་སོགས་པའི་སྲོག་རྩ་དང་འབྲེལ་བའི་བཟོ་བསྐྲུན་ལས་གཞིར་གནོད་སྐྱོན་ཚབས་ཆེན་བཟོ་བ་དང་ཐ་ན་གཏོར་བཤིག་ཀྱང་གཏོང་གི་ཡོད། གལ་ཏེ་ཁ་བ་ཆེན་པོ་འབབ་པའི་གནམ་གཤིས་དང་འཕྲད་ན་བུ་བཅོལ་ཁང་དང་སློབ་གྲྭ།ལས་ཁུངས་ཁག་སོགས་ཀྱིས་གནས་སྐབས་ཉེན་གཡོལ་བྱ་ཐབས་སྤེལ་དགོས་པ་དང་དགོས་ངེས་ཀྱི་སྐབས་སུ་སློབ་ཁྲིད་བྱེད་མཚམས་སམ་ལས་མཚམས་འཇོག་དགོས།

གལ་ཏེ་ཉེན་ཁ་ཆེ་བའི་ཁང་རྙིང་ནང་དུ་བསྡད་ཡོད་ཚེ་མྱུར་དུ་གནས་སྤོ་བྱེད་དགོས།

རྨིད་ངོས་སྙོམས་གྲུ་བཞི་མ་50ཅན་གྱི་ཁང་པའི་ཐོག་ངོས་ལ་གལ་ཏེ་གངས་མཐུག་པོ་མཐོ་ཚད་ཁྲེ་གཅིག་ཙམ་གསོག་ཡོད་ན་ཧ་ལམ་ཏུན་2ཙམ་གྱི་གནོན་ཤུགས་ཐེག་དགོས་པས་དེ་འདྲའི་ཉེན་ཁ་ཆེ་བའི་ཁང་པའི་ནང་དུ་སྡོད་རྒྱུ་མེད།

ཁ་བ་ཆེན་པོ་བབས་ལ་ཉེ་དུས་ཕྱིར་ཐོན་རྒྱུ་ཉུང་དུ་གཏོང་དགོས་པ་དང་ལྷག་པར་དུ་རླངས་འཁོར་བཏང་ནས་ཕྱི་ཕྱོགས་ལ་ཐོན་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། 

གནམ་གྲུ་འབབ་ཐང་དང་མྱུར་བགྲོད་གཞུང་ལམ།གྲུ་ཁ་བཅས་ལ་འགྲུལ་བཞུད་བྱེད་མཚམས་འཇོག་པའམ་ཡང་ན་སྒོ་རྒྱག་སྲིད་པས་གྲོང་མི་རྣམས་ཀྱིས་དེར་འགྲོ་སྐྱོད་མ་བྱས་པའི་གོང་ནས་དུས་ཐོག་ཏུ་གནམ་གཤིས་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་གངས་འཚུབ་ཉེན་ཟོན་སྔོན་བརྡར་སྣང་འཇོག་བྱས་ཏེ་དགོས་མཁོར་གཞིགས་ནས་འགྲོ་སྐྱོད་འཆར་གཞི་མེད་པར་བཟོ་བའམ་འགྱུར་ལྡོག་བཏང་ཆོག

ཕྱི་ཕྱོགས་ལ་ཐོན་སྐབས་གྲང་འགོག་དྲོད་སྲུང་དང་འདྲེད་འགོག་བྱ་ཐབས་སྤྱོད་དགོས། རྐང་ཐང་ལ་འགྲོ་དུས་ལྷམ་མཐིལ་མཁྲེགས་པོའམ་འཇམ་པོ་ཅན་གྱོན་རྒྱུ་མེད། རྒན་རྒོན་དང་ཕྲུ་གུ། གཟུགས་པོ་སྐྱོ་བའི་མི་སྣ་དག་བརྡབ་རྨས་འབྱུང་བའམ་འཁྱག་པ་སོགས་མི་ཡོང་ཕྱིར་གང་ཐུབ་ཀྱིས་ཕྱིར་འགྲོ་རྒྱུ་མེད། གངས་འཁྱག་བཞུར་ནས་མཐོ་ས་ནས་ལྷུངས་ཏེ་མིར་གནོད་འཚེ་མི་བཟོ་བའི་ཕྱིར་བརྡ་ཁྱབ་སྒྲོམ་བྱང་དང་ཁང་པའི་མདའ་གཡབ། ཤིང་སྡོང་ཆེན་པོ་སོགས་ལ་བཅར་དུས་ལྟ་ཞིབ་ནན་ཏན་བྱེད་པ་དང་ལམ་སྐོར་ནས་བསྐྱོད་དགོས།

འཕྲུལ་སྒུལ་འཁོར་རིགས་མིན་པ་རྣམས་ཀྱི་འཁོར་ལོའི་ཕུ་ཉུང་ཙམ་ཞིག་གློད་ནས་འཁོར་ལོ་དང་ལམ་ངོས་ཀྱི་གཙུབ་བརྡར་ཤུགས་ཇེ་ཆེར་གཏོང་དགོས། ཁ་ལོ་བས་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་དགོས་པ་དང་འགྲིམ་འགྲུལ་ལམ་སྟོན་གྱི་བཀོད་སྒྲིག་ལ་ཉན་དགོས་ལ་མྱུར་ཚད་དལ་མོའི་ངང་བསྐྱོད་དགོས་པ་དང་རླངས་འཁོར་མདུན་མ་དང་བར་ཐག་ངེས་ཅན་ཞིག་འཇོག་དགོས། རླངས་འཁོར་ཁ་མ་སྒྱུར་པའི་གོང་ནས་མྱུར་ཚད་མར་བཅག་སྟེ་དལ་བར་གཏོང་དགོས་པ་དང་གློ་བུར་དུ་ཤེད་ཀྱིས་ཁ་བཀག་པ་སོགས་བྱེད་མི་རུང་། ཆ་རྐྱེན་ཡོད་ན་འཁོར་ལོར་འདྲེད་འགོག་ལྕགས་ཐག་གཡོགས་དགོས་པ་དང་ཁ་ལོ་བས་མདོག་འགྱུར་མིག་ཤེལ་འདོགས་དགོས། གལ་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ་གནས་ཚུལ་འབྱུང་ཡུལ་གྱི་རྒྱབ་ཕྱོགས་སུ་མངོན་གསལ་དོད་པའི་མཚོན་རྟགས་དངོས་པོ་བཙུགས་ཏེ་རླངས་འཁོར་མུ་འབྲེལ་ནས་རྡུང་ཁ་རྒྱག་པ་སོགས་མི་ཡོང་བ་བྱེད་དགོས། 

གལ་ཏེ་གངས་གསོག་དཀྱིལ་དུ་ལུས་ཚེ་གང་མགྱོགས་110དང་119སོགས་ལ་རོགས་སྐྱོབ་ཁ་པར་རྒྱག་དགོས་པ་མ་ཟད་ཧུར་ཐག་གིས་རོགས་སྐྱོབ་འཚོལ་དགོས། 

གལ་ཏེ་གངས་གསོག་ཚད་མཐུག་དྲགས་ན་ཁང་ཐོག་དང་སྤྱིལ་བུ་སོགས་གངས་ཀྱིས་གནོན་སླ་བའི་འཛུགས་བསྐྲུན་དངོས་པོའི་ཐོག་གི་གངས་རྣམས་དུས་ཐོག་ཏུ་གཙང་ཕྱགས་བྱས་ཏེ་གངས་ཀྱིས་གནོན་སྐྱོན་མི་ཡོང་བ་བྱེད་དགོས། དེ་མིན་གྲོང་མི་རྣམས་ཀྱིས་འབྲེལ་ཡོད་ལས་ཁུངས་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་གཞུང་ལམ་གྱི་གངས་གསོག་གཙང་ཕྱགས་བྱེད་པ་དང་རང་འགུལ་ངང་རང་ཁྱིམ་མམ་ལས་ཁུངས་ཉེ་འགྲམ་གྱི་སྲང་ལམ་དང་ཁང་ཐོག་གི་གངས་རྣམས་གཙང་ཕྱགས་བྱེད་དགོས། 


暴雪是因为长时间大量降雪造成大范围积雪的一种自然现象, 12小时内降雪量将达4毫米以上气象部门就开始发布暴雪蓝色预警信号。暴雪及其伴随的大风降温天气,严重影响甚至破坏交通、通信、输电线路等生命线工程。如遇暴雪天气,幼儿园、学校和单位应采取暂避措施,必要时停课、停业。如是危旧房屋,要及时撤出。 50平方米的平顶屋面如果积雪一尺厚,就要承受大约2吨的重压,所以不要待在不结实的建筑物内。

暴雪来临前要减少外出活动,特别是尽量减少车辆外出。

机场、高速公路、轮渡码头可能会停航或封闭,居民出行前要及时收听、收看气象部门发布的暴雪预警信息,以便根据需要取消和调整出行计划。

外出时,要采取防寒保暖和防滑措施。步行时尽量不要穿硬底或光滑的鞋。老少体弱人员尽量减少外出,以免摔伤、受寒。接近广告牌、屋檐、大树等处时,要小心观察或绕道通过,以免因冰雪融化脱落伤人。

非机动车应给轮胎少量放气,以增加轮胎与路面的摩擦力。司机要听交通民警指挥,服从交通疏导安排,要慢速行驶并与前车保持距离。车辆拐弯前减速,避免踩急刹车。有条件要安装防滑链,佩戴色镜。出现交通事故后,应在现场后方设置明显标志,以防连环撞车事故发生。

如果被积雪围困,要尽快拨打110、 119等求救电话,积极寻求救援。

如果积雪过深,应及时清扫屋顶和棚架等易被雪压的搭建物,以免被雪压塌。另外,居民要积极配合相关部门做好清扫道路积雪工作,主动清扫自家或单位附近道路和屋顶上的积雪。