当前位置: 寺庙僧侣 > 防火防灾

ཆུ་ལོག་གི་འགོག་སྲུང་།
山洪防御

发布时间:2019年11月14日

ཆུ་ལོག་ཞེས་པ་ནི་རི་ཁུལ་གྱི་ཆུ་ཕྲན་ནང་དུ་བྱུང་བའི་གློ་བུར་དུ་འཕར་བའི་ཆུ་ལ་ཟེར།   ཆུ་ལོག་བརྒྱབ་པ་ལ་གློ་བུར་གྱི་རང་བཞིན་ལྡན་ཞིང་།  ཆུའི་སྡུད་ཚད་ཆེ་ལ་བཞུར་ཚད་ཡང་ཆེ།  གཙང་བཤལ་གཏོར་བརླག་གི་ནུས་པ་ནི་དེ་བས་ཆེ།  ཆུའི་ནང་དུ་འདམ་རྡོ་དང་ཐ་ན་རྡོ་སོགས་འཁྱེར་ཡོང་གི་ཡོད་པས་ཆ་ཤས་རང་བཞིན་ལྡན་པའི་ཆུ་ལོག་རྟག་ཏུ་ཡོང་གི་ཡོད།  སྤྱིར་བཏང་དུ་དྲག་ཆར་ཆུ་ལོག་དང་གངས་རི་ནས་བཞུར་བའི་ཆུ་ལོགའཁྱགས་ཀླུང་ཆུ་ལོག་སོགས་ཡོད།ཆུ་ལོག་དང་དེ་ལས་བསླངས་པའི་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཀྱིས་རྟག་དུ་མི་ཤི་རྨས་ཀྱི་གནོད་འཚེ་ཡོང་གི་ཡོད་པ་མ་ཟད་སྡོད་ཁང་དང་ས་ཞིང་། བགྲོད་ལམ། ཟམ་པ་སོགས་ལ་གནོད་སྐྱོན་བཏང་གི་ཡོད།   ཐ་ན་ཆུ་རགས་དང་རྫིང་བུ་སོགས་ཡང་ཐོར་ཞིག་ཏུ་འགྲོ་ཉེན་ཡོད།

ཆུ་ལོག་གི་གནོད་འཚེ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་འཕེལ་ཕྱོགས་དེ། མིའི་རིགས་ཀྱི་བྱ་སྤྱོད་ཀྱི་ཤུགས་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད།  ཆུ་ལོག་འགོག་པའི་ཚད་གཞི་མཐོ་རུ་གཏོང་བ་ལ་བརྟེན་ནས་མིའི་རིགས་ཀྱི་བྱེད་སྒོ་སྤེལ་སྟངས་ལ་འགྱུར་བཅོས་བྱས་ཏེ་རི་ཁུལ་མང་ཚོགས་ཀྱི་གནོད་འགོག་གེགས་སེལ་གྱི་འདུ་ཤེས་དེ་ཆེ་རུ་གཏོང་དགོས།  དེ་ལྟར་བྱས་ན་ཆུ་ལོག་གི་གནོད་འཚེ་བྱུང་ཚད་ཇེ་ཆུང་དུ་གཏོང་བའམ་ཡང་ན་དེའི་གནོད་སྐྱོན་ཆུང་དུ་གཏོང་བའི་དམིགས་ཡུལ་གྲུབ་ཐུབ།  རིགས་མི་འདྲ་བའི་ཆུ་ལོག་གི་གནོད་འཚེ་ལ་ངེས་པར་དུ་ཐབས་མི་འདྲ་བའམ་ཡང་ན་དེ་དང་བསྟུན་པའི་འགོག་བཅོས་ཀྱི་ཐབས་ཇུས་བེད་སྤྱོད་དགོས།  དེ་ལྟར་བྱས་ན་གཞི་ནས་སྔོན་དཔག་གི་ནུས་པ་ཐོན་ཐུབ།  ཤ་ལོག་ནི་ཤ་ལོག་འགོག་བཅོས་ཀྱི་འཆར་འགོད་ཁྲོད་ཉེ་དུས་བཟོ་སྐྲུན་བྱེད་ཐབས་དང་བཟོ་སྐྲུན་མིན་པའི་བྱེད་ཐབས་གཉིས་ཟུང་འབྲེལ་བྱ་རྒྱུ་དེ་གཙོ་བོར་འཛིན་ན་ཧ་ཅང་འཚམ་པ་ཡིན།  མ་ཟད་དུས་ཡུན་རིང་པོའི་ནང་རྩི་ཤིང་གི་བྱེད་ཐབས་གཙོ་བོར་འཛིན་དགོས། 

ཆུ་ལོག་གི་ཤུགས་རྐྱེན་ཐེབས་སའི་ས་ཁོངས་ལ་དབྱེ་འབྱེད་ལུགས་མཐུན་བྱ་དགོས། ས་གནས་ཁག་གི་གནམ་གཤིས་དང་ས་གཤིས་ས་དབྱིབས་ཆགས་ཚུལ་གྱི་ཆ་རྐྱེན་ལ་དམིགས་དགོས།    ལོ་རྒྱུས་ཐད་གི་ཆུ་ལོག་གནོད་འཚེ་ལས་འབྱུང་བའི་གནོད་སྐྱོན་ལ་དབྱེ་ཞིབ་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་ཆུ་ལོག་འབྱུང་སླ་བའི་ས་ཁུལ་གཏན་འཁེལ་བྱེད་དགོས།  འདི་ནི་ཆུ་ལོག་སྔོན་འགོག་བྱེད་པའི་ལས་ཀ་དང་པོ་དེ་ཡིན།  དེའི་རྨང་གཞིའི་སྟེང་དུ་ཆུ་ལོག་གི་གནོད་འཚེ་འབྱུང་སྲིད་པའི་རང་བཞིན་དང་གནོད་འཚེའི་རང་བཞིན་གྱི་ཆེ་ཆུང་ལ་གཞིགས་ནས་སྤྱིར་བཏང་ཆུ་ལོག་འབྱུང་སླ་བའི་ས་ཁུལ་དེ་ཉེན་ཁའི་ཁུལ་དང་ཉེན་ཟོན་ཁུལ་གཉིས་སུ་དབྱེ། ཉེན་ཁའི་ཡུལ་ཞེས་པ་ནི་རི་ཉིལ་བ་དང་གས་རྡིབ་ཤོར་བ། འདམ་རྡོའི་ཆུ་རུད་བཅས་གནས་ཚུལ་ལྷག་མྱོང་བའི་ས་ཁུལ་ལམ་དེ་བཞིན་ཆུ་ལམ་ངོགས་གཉིས་ཀྱི་ཆུ་ལོག་གི་ཆུ་ཚད་ལས་དམའ་བའི་གཤོང་སའི་ཁུལ་ལམ་གཙང་པོའི་གྲམ་ཐང་ལ་ཟེར། ཉེན་ཟོན་ཁུལ་ཞེས་པ་ནི་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ནས་ཆར་པ་ཆེན་པོ་བབས་ཚེ་རི་ཉིལ་བ་དང་གས་རྡིབ་ཤོར་བ། འདམ་རྡོའི་ཆུ་རུད་བཅས་ཀྱི་གནས་ཚུལ་ཐོན་སྲིད་པའི་ས་ཁུལ་ལ་ཟེར།

ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེའི་ཁྱད་ཆོས་ལྡན་པའི་ཆར་ཆུའི་ཚད་དེ་གཏན་འཁེལ་བྱེད་དགོས།  ཚན་རིག་དང་ལྡན་པའི་གི་ནས་ཆུ་ལོག་གིས་གནོད་འཚེ་བཟོས་པའི་ཁྱད་ཆོས་ལྡན་པའི་ཆར་ཆུའི་ཚད་གཏན་འཁེལ་བྱེད་པ་དེ་ནི་ཆུ་ལོག་སྔོན་འགོག་བྱེད་པ་ཡིན།  ལྷག་པར་དུ་དེ་ནི་ཆུ་ལོག་སྔོན་འགོག་ཇུས་གཞི་གཏན་འབེབས་བྱེད་པའི་འགག་རྩའི་གཞི་འཛིན་ས་ཡིན།  སྤྱིར་བཏང་དུ་ས་གནས་དེ་གའི་འོག་གདན་ཆ་རྐྱེན་དང་ལོ་རྒྱུས་ཐོག་འབྱུང་བའི་ཆུ་ལོག་གི་གནོད་འཚེ་དང་རིམ་འགྱུར་བྱུང་བའི་གོ་རིམ་ལ་དབྱེ་ཞིབ་བྱས་པར་གཞིགས་ན་ཉེན་ཟོན་ཆར་ཚད་དང་ཉེན་ཁ་ཆེ་བའི་ཆར་ཚད་གཏན་འཁེལ་བྱེད་དགོས།   ཉེན་ཟོན་ཆར་ཚད་ཞེས་པ་ནི་དུས་མཚམས་ངེས་ཅན་ཞིག་ལ་ཆར་པ་བབས་ནས་དམིགས་བསལ་གྱི་ཚད་གཞི་ཞིག་ལ་སླེབས་པར་ཟེར།  མ་ཟད་གལ་སྲིད་ཆར་པ་སྔར་བཞིན་འབབ་ན།ཆུ་ལོག་གི་གནོད་སྐྱོན་ཡོང་ཉེན་ཡོད་པའི་ཆར་ཚད་ལ་ཟེར།   ཉེན་ཁའི་ཆར་ཚད་ཅེས་པ་ནི་དུས་མཚམས་ངེས་ཅན་ཞིག་ནང་ཆར་པ་བབས་ནས་ཆར་ཚད་དམིགས་བསལ་ཞིག་དུ་སླེབས་པ་ལ་ཟེར།  ཆུ་ལོག་གི་གནོད་སྐྱོན་ཡོང་ཉེན་ཡོད་པའི་ཆར་ཚད་ལ་ཟེར། 

གློ་བུར་དུ་ཆུ་ལོག་བྱུང་སྐབས་ཀྱི་འཕྲལ་བརྟུན་བྱེད་ཐབས།བབ་བརླིང་སྲུང་འཛིན་དང་། བཀོད་པར་ཉན་པ། ཅུང་མཐོ་བའི་ས་ཆར་སྤོ་བ། ཉེན་ཁའི་གནས་ནས་ཕྱིར་འཐེན་བྱེད་དགོས་པ་བཅས་ཡིན།  ཤ་ལོག་བྱུང་སྐབས་གྲོག་རོང་དེད་ནས་མར་མ་རྒྱུགས་པར་གཞོགས་གཉིས་ཀྱི་མཐོ་སར་མགྱོགས་མྱུར་ངང་གཡོལ་ཐབས་བྱེད་དགོས།   ཆུ་གཏན་ནས་བརྒལ་མི་རུང་། ཆུ་ལོག་གི་གནོད་འཚེའི་ཁྲོད་དུ་ཚུད་སྐབས་དང་ཐོག་ས་གནས་དེའི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་བྱ་དགོས་པའམ་ཡང་ན་སྲོག་སྐྱོབ་འཕྲིན་འབོད་བྱ་དགོས།

 


山洪是指山区溪沟中发生的暴涨洪水。山洪具有突发性,水量集中流速大、冲刷破坏力强,水流中挟带泥沙甚至石块等,常造成局部性洪灾,一般分为暴雨山洪、融雪山洪、冰川山洪等。山洪及其诱发的泥石流、滑坡,常造成人员伤亡,毁坏房屋、田地、道路和桥梁等,甚至可能导致水坝、山塘溃决。

山洪灾害不断加重的趋势与人类活动的影响密切相关。通过提高防洪标准、调整人类活动方式、增强山区群众防灾避灾意识,可以达到减少山洪灾害发生频率或减轻其危害的目的。应对不同类型的山洪灾害必须采取不同的、与之相应的防治对策,才能达到预期的效果。山洪在山洪防治规划中,近期宜以工程措施和非工程措施相结合为主,远期以植物措施为主。

要合理划分山洪影响区域。针对各地的气候和地质及地貌条件,在认真分析历史山洪灾害造成危害的基础上,确定山洪易发区,这是山洪防治的首要工作。在此基础上再根据山洪灾害发生的可能性及危害性的程度大小,一般将山洪易发区划分为危险区和警戒区。危险区是指已发生过滑坡、崩塌和泥石流的地区,以及河道两岸洪水位以下的低洼地带或洲滩;警戒区是指经监测一旦遇到强降雨时,极有可能发生山体滑坡、崩塌和泥石流的地区。

要科学确定灾害特征雨量。科学确定山洪致灾的特征雨量是山洪防治,特别是制定山洪防御方案的关键依据。一般可根据当地下垫面条件和对历史山洪灾害形成及演变过程的分析,确定警戒雨量和危险雨量。警戒雨量是指当一定时段降雨达到某一特征值,且如果降雨仍继续,即有可能发生山洪灾害的雨量;危险雨量是指当一定时段降雨达到某一特征值,即有可能发生山洪灾害时的雨量。

突遇山洪时的应急措施:保持冷静,听从指挥,向较高地方转移,撤离危险区。山洪暴发时,不要沿沟谷往下跑,而要向两侧高处快速躲避。千万不要涉水过河。被山洪困住时,应及时与当地有关部门取得联系,或发出求救信号。