当前位置: 寺庙僧侣 > 科学用药

འཚིག་རྨས་ཀྱི་ཤུལ་དུ་སོ་སྨན་བྱུག་ན་ཕན་པ་ཡོད་དམ།
在烫伤处涂牙膏有用吗?

来源:科普中国-乐享健康 发布时间:2019年11月20日 作者:郑渊

དབྱར་གསེང་གི་སྐབས་སུ་ཕྲུ་གུ་རྩེད་ཇི་ལྟར་རྩེ་ནའང་ཁྱིམ་བདག་སེམས་ཁྲལ་ཁོ་ནས་ཁེངས་ཀྱི་ཡོད། གང་ཡིན་ཞེ་ན་བྱིས་པ་འགའ་ཤས་ཞིག་ལོ་ན་ཆུང་བས་བདེ་འཇགས་ཀྱི་འདུ་ཤེས་དང་། རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་ཅུང་ཞན་པས། སེམས་གཡེང་ཙམ་བྱས་ན་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་གྱི་ཡོད། དཔེར་ན་འཚིག་རྨས་ལྟ་བུ་དེའི་གྲས་ཤིག་རེད།

དེ་དང་སྦྲགས་དབྱར་དུས་སུ་བྱིས་པས་སྤྱིར་བཏང་གྱོན་ཆས་སྲབ་མོ་གྱོན་ནས་བསྡད་ཀྱི་ཡོད་པས་ལུས་པོ་གཅེར་བུར་ལུས་པའི་རྒྱ་ཁྱོན་ཅུང་ཆེ་བར་བརྟེན་འཚིག་རྨས་ཡང་བྱུང་སླ། ཕྲུ་གུར་འཚིག་རྨས་བྱུང་བ་དང་འཚིག་རྨས་དེ་ཙམ་གྱི་ཚབས་ཆེན་པོ་མེད་པའི་སྐབས་ཁྱིམ་བདག་མི་ཉུང་བ་ཞིག་གིས་འཚིག་རྨས་ཕོག་སར་སོ་སྨན་བྱུག་གི་ཡོད་མོད། འོན་ཀྱང་བྱེད་སྟངས་དེ་ནི་བློས་འགེལ་ཆོག་པ་ཞིག་ཡིན་ནམ། ཕྲུ་གུར་འཚིག་རྨས་བྱུང་ཚེ་ཇི་ལྟར་ཐག་གཅོད་བྱ་དགོས་སམ། 

དེ་ཡང་བྱིས་པར་འཚིག་རྨས་བྱུང་བའི་སྐབས་ཁྱིམ་བདག་གི་སྣང་མེད་ལྷོད་གཡེང་དུ་མི་སྡོད་པར་ལམ་སེང་ཐག་གཅོད་བྱེད་སྲིད།《ཞིན་ཧྭ་ཉིན་རེའི་ཚགས་པར་》གྱི་གནས་ཚུལ་སྤེལ་བར་གཞིགས་ན་བྱིས་པའི་པགས་པ་འཇམ་ཞིང་མཉེན་པར་བརྟེན་གཅིག་མཚུངས་ཀྱི་ཆ་རྐྱེན་འོག་འཚིག་རྨས་བྱུང་ན་བྱིས་པའི་གནོད་སྐྱོན་ཕོག་པའི་ཚད་ནི་དར་མ་ལས་ཚབས་ཆེ་བ་ཡོད་ལ་འཚིག་རྨས་བྱུང་བའི་རྒྱ་ཁྱོན་གཅིག་མཚུངས་ཡིན་རུང་བྱིས་པ་ནི་དར་མ་ལས་ལུས་ཆུ་ཤོར་བ་དང་སྐྱུར་དུག་ཕོག་པ། དྲན་པ་ཐོར་བ་སོགས་འབྱུང་སླ་བ་ཡོད།  དེས་མ་ཟད་བྱིས་པར་གཉན་ཚད་འགོག་པའི་ནུས་པ་ཞན་ལ་རྨ་ཁ་སྲུང་སྐྱོབ་ཀྱི་འདུ་ཤེས་ཡང་ཅུང་ཞན་པའི་རྐྱེན་གྱི་ལུས་པོའི་ཆ་ཤས་དང་ལུས་ཡོངས་སུ་གཉན་ཚད་བྱུང་བའི་གོ་སྐབས་མི་དར་མ་ལས་བརྒལ་ཡོད་ལ་ཁྲག་རྒུད་ནད་ཧ་ཅང་འབྱུང་སླ། དམིགས་བསལ་གྱི་དྲན་སྐུལ་ཞུ་དགོས་པ་ཞིག་ལ་འཚིག་རྨས་ཤུལ་དུ་སོ་སྨན་བྱུག་པའི་ཐབས་ལམ་ནི་དེ་ཙམ་གྱི་བློས་འགེལ་ཆོག་པ་ཞིག་མ་ཡིན། འཚིག་རྨས་ཕྲན་ཙམ་ཞིག་བྱུང་བའི་སྐབས་སོ་སྨན་བྱུག་པ་ནི་རྒྱ་ཆེར་ཁྱབ་པའི་ནོར་འཁྲུལ་གྱི་བྱེད་ཐབས་ཤིག་རེད། འཚིག་རྨས་བྱུང་བའི་པགས་པའི་ངོས་ནས་བཤད་ན་དེར་སོ་སྨན་བྱུག་ཚེ་སྨན་བཅོས་ཀྱི་ནུས་པ་མེད་པར་དེ་ལས་ལྡོག་རྨ་ཁར་བཙོག་སྐྱོན་འཕོག་ནས་གཉན་ཚད་ཤུགས་ཆེར་རྒྱས་པའི་ཉེན་ཁ་ཡང་ཡོད།  སོ་སྨན་ཕུད་དམངས་ཁྲོད་ཀྱི་“མཁས་པ་རྣམས་ཀྱིས་”རྒྱུན་སྤྱོད་ཀྱི་སྲན་སྣུམ་དང་ཚྭ། ཏིལ་སྣུམ་སོགས་པགས་པ་འཚིག་རྨས་བྱུང་རྗེས་བྱུག་མི་ཆོག

བྱས་ན་བྱིས་པར་འཚིག་རྨས་བྱུང་རྗེས་ཁྱིམ་བདག་གིས་ཇི་ལྟར་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་དགོས་སམ། འཚིག་རྨས་ཕྲན་བུ་ལ་ཆ་མཚོན་ན་ཐོག་མར་རྨ་ཁའི་སྟེང་སྨན་འགའ་བྱུག་དགོས་པ་དང་། དེ་རྗེས་སེང་རས་གཙང་མ་ཞིག་དཀྲི་དགོས་ཞིང་། ཉིན་གཉིས་རྗེས་རྨ་རས་བཀྲོལ་ནས་རྨ་ཁར་བལྟ་དགོས་གལ་ཏེ་རྨ་ཁ་ཇེ་དྲག་ཏུ་སོང་ན་ཡང་བསྐྱར་སྨན་འགའ་བྱུག་རྗེས་སླར་ཡང་སེང་རས་དཀྲི་དགོས། ཡིན་ནའང་གལ་ཏེ་རྨ་ཁར་གཉན་ཚད་རྒྱས་ཚེ་ལམ་སེང་ཚད་ལྡན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས། དོ་སྣང་བྱེད་དགོས་པ་ཞིག་ལ་འཚིག་རྨས་ཀྱི་ཤུལ་དུ་ཉི་འོད་ཐད་ཀར་ཕོག་བཅུག་རྒྱུ་མེད་པ་དང་སེང་རས་དཀྲིས་ཟིན་པའི་རྨ་ཁ་ཆུ་དང་མི་ཐུག་པ་བྱེད་དགོས། རྨ་ཁ་དང་སེང་རས་བརྡར་ནས་རྨ་ཁ་སོས་པའི་དུས་ཚོད་ཇེ་མང་ལ་འགྲོ་བར་སྔོན་འགོག་བྱེད་ཆེད་འཚིག་རྨས་བྱུང་རྗེས་འགུལ་སྐྱོད་མང་པོ་བྱེད་རྒྱུ་མེད།

དེ་དང་དུས་མཚུངས་འཚིག་རྨས་བྱུང་རྗེས་ཁྱིམ་བདག་གི་གང་མགྱོགས་ཀྱི་དུས་ཚོད་ནང་ཚ་ཟུག་འབྱུང་ཁུངས་དང་འབྱར་བའི་གྱོན་གོས་འཕུད་དགོས་པ་དང་གལ་ཏེ་འཚིག་རྨས་ཚབས་ཆེན་བྱུང་ན་ཐད་ཀར་གྱོན་གོས་འབྲེག་ནས་ཚ་ཟུག་འབྱུང་ཁུངས་ཀྱིས་མུ་མཐུད་རྨས་སྐྱོན་མི་ཡོང་བ་བྱེད་དགོས་ལ་གྱོན་གོས་དང་རྨ་ཁ་མི་བརྡར་བྱས་རྗེས་ལམ་སེང་སྨན་བཅོས་བྱེད་པར་བསྐྱོད་དགོས། གཞན་ཡང་ངག་རྒྱུན་དུ་“ཆུ་མ་བྱུང་གོང་ལ་རགས་བརྒྱབ་དགོས་”ཞེས་པ་ལྟར་ཁྱིམ་བདག་གི་མ་བྱུང་སྔོན་འགོག་གི་བྱ་ཐབས་ལེགས་པོ་སྒྲུབ་དགོས། བྱིས་པར་འཚིག་རྨས་མི་ཡོང་བའི་ཆེད་དུ་གྲོས་འགོ་ཁ་ཤས་འདོན་རྒྱུ་གཤམ་གསལ།

1.བྱིས་པའི་བྱེད་སྒོའི་ཁྱབ་ཁོངས་ནང་ཉེན་ཁའི་དངོས་རྫས་འཇོག་མི་རུང་། དཔེར་ན་ཆུ་ཁོལ་གྱི་ཕོར་པ་སོགས།

2.ཕྲུ་གུར་ཟས་རིགས་ཚ་པོ་དཔེར་ན་གྲོ་ཆག་དང་ཐུག་པ། ཏིལ་ནག་སོགས་གང་སྟེར་རུང་སྔོན་ལ་དྲོད་ཚད་མྱོང་རོལ་བྱས་རྗེས་གཞི་ནས་ཟ་འཐུང་བྱེད་བཅུག་དགོས།

3.གཟུགས་པོ་འཁྲུ་དུས་ཆུ་གློད་སྐབས་ཀྱི་གོ་རིམ་ལ་དོ་སྣང་བྱེད་དགོས་ཏེ། ཐོག་མར་ཆུ་གྲང་མོ་གློད་དགོས་པ་དང་དེ་རྗེས་ཆུ་ཚ་པོ་གློད་དགོས། ཆུ་དྲོད་ནི་ལུས་དྲོད་ལས་ཧྲེ་ཧྲི་ཏུའུ་འགའ་ཤས་མཐོ་བ་ཡོད་ན་ལེགས། བྱིས་པ་གཟུགས་པོ་འཁྲུ་སྐབས་ཁྱིམ་བདག་གང་ཐུབ་ཀྱིས་འགྲམ་ལ་བསྡད་ནས་ལྟ་རྟོག་བྱེད་དགོས།

4.རྒྱ་ཁོག་བཟོ་བའི་སྐབས་དང་གློག་ཐབ་བེད་སྤྱོད་བྱེད་པའི་སྐབས་ཕྲུ་གུའི་འགུལ་ཕྱོགས་ལ་ངེས་པར་དུ་དོ་སྣང་བྱེད་དགོས།

5.ཁུ་བ་ཚ་པོ་དང་ཆུ་ཚ་པོ་འཁྱེར་བའི་སྐབས་ཕྲུ་གུ་ཉེ་སར་བཅར་རྒྱུ་མེད་པའི་བསླབ་བྱ་བྱེད་དགོས།

རྩོམ་ཡིག་འདི་ནི་ནན་ཅིན་ཐུང་རེན་སྨན་ཁང་གི་བྱིས་ནད་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ཐེན་ཏོན་ལིན་ཡིས་ཚན་རིག་དང་མཐུན་པའི་ཞིབ་སྤྱད་གནང་།པ་ཞིག་ཡིན།


在暑假期间,孩子玩得开心,家长却提心吊胆,因为有些孩子年龄尚幼,安全意识、自我保护能力都比较差,稍不留神就会发生意外,烫伤就是其中之一。同时,由于孩子在夏天一般衣着单薄,身体裸露面积较大,所以也更容易被烫伤。当孩子被烫伤,且烫伤程度不是很严重时,不少家长会在其烫伤处涂抹牙膏,但这种做法靠谱吗?如何处理孩子烫伤呢?

首先,如果孩子被烫伤,家长切勿掉以轻心,应该及时处理。据《新华日报》报道,孩子皮肤娇嫩,对于同样条件的烧烫伤,孩子受损害程度要比成人严重;对于同样面积的烧伤,孩子比成人更易发生脱水、酸中毒及休克等。而且孩子抗感染能力差,对伤口的保护意识又比较薄弱,因此发生局部感染和全身感染的机会也超过成人,很容易发生败血症。

特别需要提醒的是,在烫伤处涂抹牙膏的方式并不靠谱。轻微烫伤后涂抹牙膏是一种广为流传的错误方法。对烫伤的皮肤来说,牙膏不仅没有治疗作用,反而会污染创面,增加感染风险。除了牙膏之外,民间“高手们”常用的酱油、食盐、香油等偏方都不能用来涂抹烫伤后的皮肤。

那么,当孩子被烫伤后,家长应该如何正确处理呢?对于轻微烫伤,可先在烫伤处涂上一些药膏,然后用干净纱布包扎,两天后解开纱布,查看创处,如果情况好转,应继续涂抹一些药膏,然后再行包扎。但如果发现伤口处感染,应立即去正规医院进行救治。值得注意的是,烫伤处应避免被阳光直射,包扎后的伤口不要触水,烫伤的部位也不要过多活动,以免伤口与纱布摩擦,增加伤口的愈合时间。

同时,发生烫伤后,家长应该第一时间解除孩子沾着热源体的衣服;如果烫伤程度严重,可以直接剪开衣服,隔绝热源体的持续伤害,避免衣物对烫伤面的摩擦,然后及时就医。

此外,俗话说“防患于未然”,家长应该做好预防措施,避免孩子被烫伤,以下几点建议:

1.别在孩子的活动范围内放置危险物品,比如热水杯等。

2.给孩子食用任何热饮,如麦片、粥、黑芝麻糊等时,要先感受温度,再让其进食。

3.洗澡放水时要注意顺序,应先放冷水再放热水,以水温比体温高出几摄氏度为佳。孩子洗澡时,家长应尽量在一旁陪伴。

4.煮火锅、使用电磁炉等时,要特别注意孩子的动向。

5.在端热汤、热水时,要告诫孩子不要靠近。

本文由南京同仁医院小儿科副主任医师田东林进行科学性把关。