当前位置: 寺庙僧侣 > 疾病防治

ཁྲག་ཤེད་མཐོ་བའི་ནད་པ་དབྱར་དུས་བདེ་ཐང་ཡོང་བར་ཡིད་གཟབ་བྱེད་དགོས་པའི་གནད་དོན་ལྔ།
高血压患者平安度夏五注意

发布时间:2020年01月03日

ཚ་དྲོད་ཆེ་བའི་དབྱར་དུས་སུ་ཁྲག་ཤེད་མཐོ་བའི་ནད་པའི་ཁྲག་ཤེད་འཕར་ཆག་ཆེ་བར་བརྟེན། བྲང་གཟེར་རྒྱག་པ་དང་། དབུགས་འབྱིན་རྔུབ་དཀའ་བ། མགོ་ཡུ་འཁོར་བ། གཉིད་མི་ཁུག་པ་སོགས་ཀྱི་ནད་རྟགས་ཐོན་ནས་ཀླད་རྩ་དང་སྙིང་རྩ་ཡང་ཡང་འགག་གི་ཡོད། དྲོད་ཚད་ཆེ་བའི་གནམ་གཤིས་འོག་ཁྲག་ཤེད་མཐོ་བའི་ནད་པ་ཡིན་ན་ཇི་ལྟར་བྱས་ནས་ཚ་དྲོད་ཆེ་བའི་དབྱར་དུས་བདེ་ཐང་ངང་སྐྱེལ་དགོས་སམ། 

ནད་པ་མང་པོ་ཞིག་གིས་དབྱར་ཀ་སླེབས་རིམ་བཞིན་ཁྲག་ཤེད་དགུན་ཁ་ལས་དམའ་བ་ཡོད་པའི་ངོས་འཛིན་བྱུང་ཡོད། དེ་ནི་དབྱར་ཀ་དྲོད་ཚད་མཐོ་བར་བརྟེན་མིའི་ལུས་པོའི་ཁྲག་རྩྭ་བཤངས་ཏེ་རྔུལ་ཆུ་དོན་སླ་བས་ཁྲག་ཤེད་ཚད་གཞི་མི་འདྲ་བ་ཆག་གི་ཡོད། འོན་ཀྱང་གནམ་གཤིས་ཀྱི་ཤུགས་རྐྱེན་དབང་གིས་ཁྲག་ཤེད་ཆག་པ་དེ་ནི་བརྟན་པོ་གཏན་ནས་མེད། ནད་པས་སྨན་པའི་བཀའ་ལྟར། དུས་བཀག་བཞིན་ཁྲག་ཤེད་ཚད་འཇལ་བྱས་ནས་ནད་བབ་ལ་བསྟུན་ནས་སྨན་ཟ་དགོས། 

ཁྲག་ཤེད་ཚོན་འཛིན་རན་པོ་ཡོང་ཆེད་ནད་པས་དོ་གནད་ལྔར་ཡིད་གཟབ་བྱེད་དགོས་པ་སྟེ། 

1.ཟས་རིགས་ལུགས་མཐུན་བཟའ་དགོས་པ་དང་། 

2.གཉིད་ཡུར་བའི་དུས་ཚོད་དང་གཉིད་ཡག་པོ་ཁུག་ཐབས་བྱེད་དགོས་པ། 

3.ཚ་དྲང་སྙོམས་པོ་ཡོང་བ་བྱེད་དགོས་པ། 

4.འགུལ་སྐྱོད་ཉུང་ཙམ་བྱེད་དགོས་པ། 

5.ཁྲག་ཤེད་འཁོར་རྒྱུག་གི་ཆོས་ཉིད་དང་བསྟུན་ནས་སྨན་ཟ་དགོས་པ། 


酷热的夏季,高血压患者的血压容易大起大落,出现胸闷、气短、头痛和失眠等症状,脑梗、心梗等意外也频频发生。面对高温天气,高血压患者该如何平安度夏?

不少患者发现,一到夏季血压通常会比冬季低,这是由于夏天温度高,人的周身血管舒张,又容易出汗,因此血压会有不同程度的下降。但这种因气温造成的血压下降并不稳定,患者可在医生指导下,定期监测血压值,适当调整用药。

为了更好地控制血压,患者还应有五个注意。

1.注意坚持合理饮食。

2.注意保证睡眠时间和质量。

3.注意避免忽冷忽热。

4.注意适当降低运动强度。

5.注意根据血压波动规律来服药。