当前位置: 寺庙僧侣 > 疾病防治

ན་ཚ་ཆུང་ངུ་ཆེན་པོར་འགྱུར་དུ་འཇུག་མི་རུང་།
别把小毛病拖成大病

发布时间:2020年03月04日

མི་ཁ་ཤས་གཟུགས་པོ་མི་བདེ་བའི་སྐབས་སུ་སྨན་ཁང་དུ་མི་འགྲོ་བ་དང་།སྨན་ཡང་མི་ཟ་ལ།ཅུང་ཙམ་བསྲན་ན་སྐྱོན་མེད་པར་འདོད་མོད།མཇུག་མཐར་ནད་ཆུང་ནད་ཆེན་དུ་གྱུར་གྱི་ཡོད།གཤམ་དུ་འཚོ་བའི་ཁྲོད་སྣང་མེད་དུ་འཇོག་སླ་བའི་སྐྱོན་ཆུང་ངུ་འགའ་ངོ་སྤྲོད་བྱ་རྒྱུ་ཡིན།

①ཕོ་བ་མི་བདེ་བ།ཕོ་བ་ཅུང་ཟད་མི་བདེ་བ་དང།ཕོ་སྐྱར་དང་།ཨིག་བུ་རྒྱག་པ།ཕོ་བ་སྦོས་པ་བཅས་ལ།ངལ་ཅུང་ཙམ་གསོ་བའམ་ཆུ་ཁོལ་བཏུང་ཚེ་དྲག་ཏུ་འགྲོ་ཞིང་།མི་མི་ཉུང་བ་ཞིག་གནད་དོན་འདིའི་རིགས་འཕྲད་མྱོང་ཡོད་པ་རེད།དོན་དངོས་སུ་ཕོ་བའི་གཉན་ཚད་དང་བད་ཀན་སྨུག་པོ་ལ་གོང་གསལ་གྱི་མངོན་རྟོགས་ཡོད་པས།སྨན་ཁང་དུ་སོང་ནས་ནད་གཞི་བརྟག་དཔྱད་གསལ་པོ་བྱས་རྗེས།སྨན་པའི་སྨན་བཅོས་དང་ལེན་བྱ་དགོས།

②དལ་བའི་རང་བཞིན་གྱི་མགོ་ན་བ།མི་རྣམས་ཀྱིས་གློ་བུར་དུ་མགོ་ལ་ན་ཟུག་དྲག་པོ་སྐྱེས་པར་ཤིན་ཏུ་མཐོང་ཆེན་བྱེད་ནའང་།དལ་བའི་རང་བཞིན་གྱི་མགོ་ན་བར་དེ་ལྟའི་སྣང་བ་གཏོང་གི་མེད།དུས་ཡུན་རིང་པོར་དལ་བའི་རང་བཞིན་གྱི་མགོ་ན་ཚེ་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་།ལུས་པོའི་ནད་འགོག་ནུས་པ་ཡང་ཇེ་ཞན་དུ་འགྲོ་བ་ཡིན།གལ་ཏེ་ཟླ་1བསྟུད་མར་དལ་བའི་རང་བཞིན་གྱི་མགོ་ན་ཚེ།ངེས་པར་དུ་སྨན་བཅོས་བྱ་དགོས།

③དལ་བའི་རང་བཞིན་གྱི་རྐེད་པ་ན་བ།རྒྱུན་དུ་ངལ་དུབ་བམ་ལུས་འཁྱག་རྗེས་རྐེད་པ་ན་བའི་ཚོར་སྣང་འབྱུང་བ་དང་།དལ་བུར་གསོས་པའམ་གློན་སྨན་སྦྱར་རྗེས་ཇེ་ལེགས་སུ་སོང་རྗེས།དེ་ཉིད་སྣང་ཆུང་བྱས་ནས་སྡོད་ཀྱི་ཡོད་པ་རེད།དོན་དངོས་སུ།རྐེད་ཚིགས་ཀྱི་ནད་དང་མཁལ་མའི་ནད་རིགས།རུས་རྫས་སབ་སོབ་ཏུ་གྱུར་པ་བཅས་ལ་རྐེད་པ་ན་བས།ཡུན་རིངསྨན་པར་མ་བསྟེན་པར་འགྱངས་ཚེ།མ་འོངས་པར་རྐེད་པ་ན་བ་ཙམ་གྱི་ལས་སླ་པོ་ཞིག་མ་ཡིན།


有些人身体不舒服时,不去医院,也不吃药,认为挺一挺就好了,结果把小病拖成了大病。下面介绍生活中容易被忽视的几个小毛病:

①胃不舒服。胃部隐隐地疼、有胃酸、爱打嗝、胃胀,休息一下或喝点热水就会好很多,不少人都有过这样的问题,其实,胃炎、胃溃疡都会有上述表现,应到医院进行检查,明确诊断后接受医生治疗。

②慢性头疼。人们对于突然发生的剧烈头疼很重视,但不把慢性头疼当回事。长期慢性头疼会影响生活质量,身体抵抗力也会降低。如果慢性头疼持续1个月以上,必须治疗。

③慢性腰痛。经常有人在劳累或受凉后感觉腰痛,经过休息或者贴个膏药就会好一些,也就不当回事了。其实,腰椎疾病、肾脏疾病、骨质疏松都可以出现腰痛,如果一直拖着不看医生,将来就不是只有腰痛那么简单了。