当前位置: 寺庙僧侣 > 养生保健

ལུས་སྦྱོང་དུས་ཚོད་ཕྱི་དྲོར་འདེམས་དགོས།
要锻炼,选下午

发布时间:2020年04月10日

ཞོགས་པའི་དྲོད་ཚད་ཅུང་དམའ་བ་དང་། ཚོར་བའི་དབང་རྩ་འཕར་ཆེ་བའི་དུས་ཡིན་པས། སྙིང་དང་ཀླད་པའི་ནད་ཐོན་སླ་པོ་ཡོད། དེའི་ཁར་ཁྲག་མངར་ཉིན་མཚན་འཕར་རྒྱུག་ཆེ་བས་ཞོགས་པ་ནི་ཁྲག་མངར་གར་ཚད་དམའ་ཤོས་ཀྱི་དུས་ཡིན་པ་དང་། ཁ་ལག་བཟས་རྗེས་ཁྲག་མངར་མཐོ་རུ་འགྲོ་བས། ཕྱི་དྲོ་ལུས་སྦྱོང་བྱས་ན་དེ་བས་ཁྲག་མངར་སྙོམས་སྒྲིག་ཡག་པོ་ཐུབ་ཀྱི་ཡོད། རྒན་རྒོན་མི་ཉུང་བ་ཞིག་གིས་ལུས་སྦྱོང་བྱས་རྗེས་གཞི་ནས་ཁ་ལག་ཟ་གི་ཡོད། དེ་འདྲ་བྱས་ན་ལུས་པོའི་བདེ་ཐང་ལ་ཕན་པ་མེད་པ་མ་ཟད། ད་དུང་ཁྲག་མངར་ཉུང་དུ་འགྲོ་གི་ཡོད། དེར་བརྟེན་ཁྲག་མངར་ནད་གཞི་ཡོད་མཁན་ཚོས་ཕྱི་དྲོའི་ཆུ་ཚོད་2ཀྱི་རྗེས་སུ་ལུས་སྦྱོང་བྱས་ན་འཚམ་པོ་ཡོད་པ་དང་། ལྷག་དོན་དུ་གཤེར་མའི་ཕུང་རྩིའི་སྨན་ཁབ་བརྒྱབ་རྗེས་ལམ་སེང་སྦྱོང་བརྡར་བྱེད་རྒྱུ་མེད། དེ་འདྲ་བྱས་ན་གཤེར་མའི་ཕུང་རྩི་བསྡུ་ལེན་བྱེད་མགྱོགས་སུ་ཕྱིན་ནས་ཁྲག་མངར་ཉུང་བའི་ནད་ཐོན་གྱི་ཡོད།  


由于早晨气温较低,交感神经兴奋性高,易诱发合并心脑血管病的糖友疾病发作。再加上血糖具有昼夜波动性,早晨是血糖浓度最低的时刻,而吃过饭后血糖有所回升,下午锻炼更能有效调节血糖;而且很多老年人习惯锻炼后才吃饭,这不仅对改善身体健康没有好处,还会导致低血糖。因此建议糖友午饭2小时后再锻炼,尤其不要在注射胰岛素后马上锻炼,否则可能加速胰岛素吸收,诱发低血糖。