二维码“扫”出便利生活
རྩ་གཉིས་ཨང་རྟགས་ལས་འཚོ་བར་སྟབས་བདེ་བྱུང་བ།

来源:科普中国-科学原理一点通” 发布时间:2020年04月14日

二维码可容纳多达1850个大写字母、2710个数字或500多个汉字,能将图片、声音、文字、指纹等信息进行数字化处理后存储。其原理是依据特定的几何学原理,依照某种规律在一个二维平面上分布的黑白相间的图形记录信息,而这些信息能够被计算机所识别,当多个这样的几何组合体排列在一起后,通过图像输入设备或光电扫描设备录入,计算机就可以识别这些信息了,这就是二维码的逻辑基础。

二维码的普及,让我们的生活变得越来越方便惬意。在便利店喝杯咖啡,在超市里买东西,在街边小店吃碗面……都可以通过扫描二维码轻松了事。二维码也让人们获取信息变得更为便捷。以往人们使用智能手机获取信息时,必须采用输入文字或网址的方式,但随着二维码的普及,人们只要“扫一扫”,几秒钟就能获得想要的信息。另外,二维码还是一种电子凭证,可以作为优惠券、门票、签到等等。以图片的形式存储在手机中,入场时调出让人扫一扫,除了拥有更好的防伪性,更重要的,二维码也减少了传统纸质凭证的浪费和对环境的污染,成为低碳环保的全新生活方式。

另外,随着移动支付的发展,越来越多的用户开始使用二维码支付,但由于目前缺乏二维码的安全检测技术,也使其成为了金融诈骗新手段。为避免二维码给我们带来不必要的损失,在日常生活中,不扫来历不明的二维码;扫码后,要确认二维码信息,防止别有用心者伪造的付款或者下载界面。

རྩ་གཉིས་ཨང་རྟགས་ནང་གསལ་བྱེད་ཡིག་ཆེན་1850དང་། ཨང་ཀི་2710འམ་ཡང་ན་རྒྱ་ཡིག་500ལྷག་ཤོང་བ་དང་། པར་རིས་དང་། སྒྲ། ཡི་གེ མཛུབ་རིས་སོགས་ཀྱི་ཆ་འཕྲིན་དག་གྲངས་འཛིན་ཅན་གྱི་ཐག་གཅོད་བྱས་རྗེས་གསོག་ཉར་བྱེད་ཐུབ། དེའི་རྩ་བའི་རིགས་པ་ནི་དམིགས་བསལ་གྱི་དབྱིབས་རྩིས་རིག་པའི་རྩ་བའི་རིགས་པ་གཞིར་བཟུང་ཆོས་ཉིད་ཅིག་ལྟར་རྩ་གཉིས་ངོས་སྙོམས་ཐད་ཁྱབ་པའི་དཀར་ནག་བར་གྱི་པར་དབྱིབས་ཟིན་འགོད་ཀྱི་ཆ་འཕྲིན་ཡིན་པ་དང་། ཆ་འཕྲིན་དེ་དག་རྩིས་འཁོར་གྱིས་ངོས་འཛིན་བྱེད་ཐུབ་པ་དང་དབྱིབས་རྩིས་ཀྱི་ཚོགས་གྲུབ་དེ་འདྲ་མང་པོ་མཉམ་དུ་བསྟར་རྗེས་པར་བརྙན་གཏག་འཇུག་སྒྲིག་ཆས་སམ་ཡང་ན་འོད་གློག་བཤར་འབེབས་སྒྲིག་ཆས་བརྒྱུད་གཏག་འཇུག་བྱས་ཚེ། རྩིས་འཁོར་གྱིས་ཆ་འཕྲིན་དེ་དག་ངོས་འཛིན་ཐུབ་ཅིང་། དེ་ནི་རྩ་གཉིས་ཨང་རྟགས་ཀྱི་གཏན་ཚིགས་ཀྱི་རྨང་གཞི་རེད།

རྩ་གཉིས་ཨང་རྟགས་ཁྱབ་གདལ་སོང་བ་དང་བསྟུན་ནས་ང་ཚོའི་འཚོ་བའི་ནང་སྟབས་བདེ་པོ་བྱུང་སྟེ་ཚང་མ་མགུ་ཡོད། སྟབས་བདེ་ཚོང་ཁང་དུ་ཁོ་ཧྥེ་འཐུང་བ་དང་། སྒོ་རྩིས་ཚོང་ཁང་དུ་ཉོ་ཆ་རྒྱག་པ། ཁྲོམ་ཟུར་ཟ་ཁང་དུ་ཐུག་པ་འཐུང་བ་སོགས་ཀྱི་སྐབས་གང་དུའང་རྩ་གཉིས་ཨང་རྟགས་བཤར་ནས་དངུལ་སྤྲོད་ཆོག རྩ་གཉིས་ཨང་རྟགས་ཀྱིས་ཀྱང་མི་རྣམས་ལ་ཆ་འཕྲིན་རྟོགས་པའི་ཉེ་ལམ་བཏོད་ཡོད། སྔོན་དུས་མི་རྣམས་ཀྱིས་རིག་ནུས་ལག་ཐོགས་ཁ་པར་ལ་བརྟེན་ནས་ཆ་འཕྲིན་ཧ་གོ་ཐབས་བྱེད་ན། ངེས་པར་དུ་ཡི་གེ་གཏག་པའམ་ཡང་ན་དྲ་གནས་ལ་བརྟེན་དགོས་ཀྱང་། རྩ་གཉིས་ཨང་རྟགས་ཁྱབ་གདལ་སོང་བ་དང་བསྟུན་ནས“བཤར་ཙམ”གྱིས་སྐད་ཅིག་རིང་ཤེས་འདོད་པའི་ཆ་འཕྲིན་ངེས་ཐུབ། གཞན་ཡང་། རྩ་གཉིས་ཨང་རྟགས་ནི་ད་དུང་གློག་རྡུལ་དཔང་འཛིན་ཞིག་ཀྱང་ཡིན་པས་གཟིགས་སྐྱོང་དཔང་འཛིན་དང་། སྒོ་འཛིན། འབྱོར་ཐོ་འགོད་བྱེད་ལྟ་བུ་སོགས་བྱེད་ཆོག འདྲ་པར་གྱི་རྣམ་པའི་ཐོག་ནས་ལག་ཐོགས་ཁ་པར་ནང་ཉར་ཆོག་པ་དང་། འཛུལ་སྐབས་མི་ལ་བཤར་དུ་འཇུག་ཆོག  དེའི་ཕན་ནུས་ནི་རྫུས་མ་འགོག་ཐུབ་ཁར་དེ་བས་ཀྱང་གལ་ཆེ་བ་ནི་རྩ་གཉིས་ཨང་རྟགས་སྤྱད་ན་སྲོལ་རྒྱུན་གྱི་ཤོག་བུའི་དཔང་འཛིན་འཕྲོ་བརླག་དང་ཁོར་ཡུག་སྦགས་བཙོག་མི་འབྱུང་བ་དང་། ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་གསར་པ་ཞིག་ཏུ་གྱུར་ཡོད།

དེར་མ་ཟད། སྒུལ་བདེ་གཏོང་སྤྲོད་གོང་འཕེལ་ཕྱིན་པ་དང་ཆབས་ཅིག་སྤྱོད་མཁན་དེ་བས་མང་བ་ཞིག་གིས་རྩ་གཉིས་ཨང་རྟགས་ལ་བརྟེན་ནས་དངུལ་སྤྲོད་འགོ་ཚུགས་ཀྱང་། མིག་སྔར་རྩ་གཉིས་ཨང་རྟགས་ཀྱི་བདེ་འཇགས་ཞིབ་བཤེར་ཚད་ལེན་གྱི་ལག་རྩལ་དཀོན་པའི་རྐྱེན་གྱིས། དེ་ཡང་དངུལ་རྩའི་ཁ་བསླུས་རྒྱག་སྟངས་གསར་པར་གྱུར་ཡོད། རྩ་གཉིས་ཨང་རྟགས་ལས་རང་ཅག་ལ་དགོས་མེད་ཀྱི་གྱོང་གུན་ཡོང་བ་བཟློག་ཆེད། ཉིན་རེའི་འཚོ་བའི་ནང་དུ་ཅི་ཡིན་མི་གསལ་བའི་རྩ་གཉིས་ཨང་རྟགས་མི་བཤར་རྒྱུ་གལ་ཆེ་བ་དང་། ཨང་བཤེར་བྱས་རྗེས་རྩ་གཉིས་ཨང་རྟགས་ཀྱི་ཆ་འཕྲིན་གང་ཡིན་གསལ་པོ་ངེས་དགོས་པ་དང་། མ་རུང་ཁོག་བཅུག་གི་མི་ངན་དག་གིས་བཟོས་པའི་དངུལ་སྤྲོད་དམ་ཡང་ན་ཕབ་ལེན་མཐུད་མཚམས་ཀྱི་ལྐོག་གཡོ་ལ་དོགས་ཟོན་བྱེད་དགོས།