སྲན་ཁུ་དང་སྒོ་ང་མཉམ་དུ་ཟ་རྒྱུ་མེད་དམ།
鸡蛋不宜与豆浆同食吗?

来源:科学辟谣 发布时间:2020年06月11日 作者:张宇

(དཀྲོག་གཏམ)སྲན་ཁུ་དང་སྒོ་ང་མཉམ་དུ་ཟ་རྒྱུ་མེད་དམ།

དོན་དངོས་ཐོག་སྲན་ཁུ་དང་སྒོ་ང་གཉིས་མཉམ་དུ་ཟ་རུང་བ་མ་ཟད་གཉིས་ཀ་ཉིན་ལྟར་མེད་དུ་མི་རུང་བའི་སྤུས་ཀ་ལེགས་པའི་སྤྲི་དཀར་གྱི་ཡོང་ཁུངས་ཡིན།

སྲན་ཁུའི་ནང་གཤེར་མའི་སྤྲི་དཀར་ཞུ་རྩི་ཡོད་ཟེར་བ་བདེན་པ་རེད། གཤེར་མའི་སྤྲི་དཀར་ཞུ་རྩིས་ཟས་རིགས་ཁྲོད་ཀྱི་སྤྲི་དཀར་གྱི་བསྡུ་ལེན་དང་བཀོལ་སྤྱོད་ལ་ཚོད་འཛིན་ཡང་བྱེད་བདེན་པ་རེད།   འོན་ཀྱང་དེས་སྲན་ཁུ་དང་སྒོ་ང་མཉམ་དུ་ཟ་མི་ཆོག་པ་མཚོན་མི་ཐུབ།  དེ་ལྟར་བརྗོད་ཚེ་ཚན་རིག་དང་མཐུན་པ་འདྲ་ཡོད་ཀྱང་།  དོན་དངོས་ཐོག་དེ་ནི་ཕན་ཚུན་ནང་འགལ་ཡིན།

དང་ཐོག་སྲན་ཁུའི་ཁྲོད་ཀྱི་གཤེར་མའི་སྤྲི་དཀར་ཞུ་རྩི་ཚ་དྲོད་ཀྱི་འོག་རིམ་བཞིན་དབྱེ་འཕྲལ་བྱེད་ཀྱི་ཡོད། ང་ཚོས་བཏུང་བའི་སྲན་ཁུ་ནི་ཁོལ་ཟིན་པ་ཡིན་པས་སྤྲི་དཀར་འདུས་པའི་ཟས་རིགས་དང་ཕན་ཚུན་མི་འཕྲོད་པ་བྱེད་ཀྱི་མེད།

དེ་ནས་གཤེར་མའི་སྤྲི་དཀར་ཞུ་རྩི་ཡང་སྲན་ཁུ་ལས་གཞན་ལ་མེད་པ་མིན་ཏེ།  བ་དམ་དང་དང་སྣུམ་སོགས་ཟས་རིགས་མང་པོར་སྤྱིར་ན་ཡོད།

དེ་རྗེས་སྲན་ཁུའི་གཤེར་མའི་སྤྲི་དཀར་ཞུ་རྩིའི་ཚོད་འཛིན་གྱི་ཕན་ནུས་ཆུང་ལ་སྲན་ཁུ་བཟོ་བའི་རྒྱུད་རིམ་ནང་ཆུ་མང་པོ་བླུག་གི་ཡོད་པས་དེས་ཀྱང་སླ་རུ་གཏོང་གི་ཡོད།

མཇུག་མཐར། སྲན་ཁུའི་ནང་ལ་ཡང་སྤུས་ཀ་ལེགས་པའི་སྤྲི་དཀར་ཡོད། དེས་རང་ཉིད་ལ་ཡང་ཚོད་འཛིན་བྱེད་དམ།

གལ་ཏེ་སྲན་ཁུ་དང་སྤྲི་དཀར་ཕན་ཚུན་ནང་འགལ་ཡིན་ན། དེ་ལྟར་རིགས་འདྲ་འདྲེན་ན་སྲན་ཁུ་དང་སྒོ་ང་མཉམ་དུ་ཟ་མི་རུང་བ་མ་ཟད། སྤྲི་དཀར་ལྡན་པའི་ཟས་རིགས་ཡོད་དོ་ཅོག་སྟེ། ཤ་དང་འོ་མ། འབྲུ་རིགས་སྣ་ལྔ་མཐའ་དག་སྲན་ཁུ་དང་མཉམ་དུ་ཟ་མི་རུང་པ་ཞིག་རེད། དེ་དོན་དངོས་དང་མི་མཐུན་པ་ཞིག་རེད། དེས་བས་ན་སྒོ་ངའམ་ཤ   ཡང་ན་སྲན་མའི་ཕུན་སུམ་ཚོགས་པའི་སྤྲི་དཀར་སྲན་ཁུ་དང་མཉམ་དུ་ཟོས་ན་སྐྱོན་མེད།


【谣言】鸡蛋不宜与豆浆同食

【真相】鸡蛋与豆浆,二者不仅可以同食,还都是优质蛋白质来源,每天都必不可少。

如谣言中所言,豆浆中的确含有胰蛋白酶抑制剂,胰蛋白酶确实对食物中的蛋白质的吸收和利用有抑制作用。但是,这并不代表豆浆就不能和鸡蛋同食,这个说法看似有科学背书,其实自相矛盾。

首先,豆浆中的胰蛋白酶抑制剂在受热过程中就会逐渐分解,我们喝到的豆浆已经煮熟,是不会和含蛋白质的食物发生相克的。

其次,胰蛋白酶抑制剂也并非豆浆独有,包括花生、油菜等很多食物中都普遍存在。

第三,豆浆中的胰蛋白酶抑制剂作用效果相对比较弱。而且黄豆在磨成豆浆过程中会加入大量的水,本身也发挥了稀释作用。

第四,豆浆中同样含有大量优质蛋白质,难不成它还能自己克制自己?

如果豆浆和蛋白质相克,以此类推,豆浆不仅不能与鸡蛋一起食用,任何含蛋白质的食物如肉、奶、五谷杂粮都不能和豆浆一起吃,这显然是不现实的。因此无论是鸡蛋、鸡鸭鱼肉,还是豆腐中的蛋白质含量都很丰富,和豆浆一起食用都没有问题。