དགོང་མོ་ཉལ་ཁར་སོ་འཁྲུད་ན། ཞོགས་པ་བཀྲུ་དགོས་མེད་ཅེས་པ་བདེན་ནམ།
晚上刷牙后,早上就没必要再刷了

来源:科学辟谣 发布时间:2020年06月29日 作者:迟景瑜

དྲ་གྲོགས་མང་པོ་ཞིག་གིས་དགོང་མོ་ཉལ་ཁར་སོ་འཁྲུད་ཟིན་རྗེས་མཚན་གང་ཟས་ཟོས་མེད་པས་ཞོགས་པ་སོ་བཀྲུ་དགོས་ཀྱི་མེད། ཁ་ཆུ་བཤལ་ཞིག་བཏང་ན་འགྲིག་ཅེས་ཟེར་བ་བདེན་ནམ།

དོན་དངོས་ཐོག་ཞོགས་པ་ཡར་ལངས་དུས་དང་དགོང་མོ་མར་མ་ཉལ་དགོང་སྤྱིར་ན་མི་ཚང་མས་སོ་བཀྲུ་ཡི་རེད།  མི་མང་པོ་ཞིག་གིས་དགོང་མོ་སོ་འཁྲུད་ཟིན་པས་ཞོགས་པ་ཡར་ལངས་རྗེས་ད་དུང་སོ་བཀྲུ་བ་དེ་ལ་དགོས་པ་ཨེ་ཡོད་སྙམ་གྱི་ཡོད། དེ་ལ་དགོས་པ་ཡོད་དམ།

སོ་འཁྲུད་དོན་གང་ཡིན།

1  སོ་འཁྲུད་པའི་དམིགས་ཡུལ་དང་པོ་ནི། སོ་སྲིན་མེད་པ་བཟོ་བའི་ཆེད་དུ་ཡིན་ཏེ། སོ་ནི་ལུས་ཐོག་གི་པགས་རུས་ལྟར་རང་ཤུགས་ཀྱིས་དྲག་སྐྱེད་ཡོང་བའི་ནུས་པ་མེད་པས། དེ་ལ་སྲུང་སྐྱོང་མ་བྱས་ཚེ་ཇེ་ངན་ནས་ཇེ་ངན་དུ་འགྲོ་ལ། སོ་ནད་བཅོས་ཁག་ཏུ་འགྲོ་ཡི་ཡོད་ཅིང་སོ་ཡང་འབུད་བདེ་བ་ཡོད།

   སོ་བཀྲུས་རྗེས་སྐར་མ་20སོང་རྗེས་སོ་ལ་ཐོབ་གཤིས་ཀྱི་སྐྱི་མོ་ཞིག་ཆགས་ཀྱི་ཡོད། ཆུ་ཚོད་1སོང་རྗེས་སོ་ལ་ནད་འབུ་སྐྱེས་ཀྱི་ཡོད།  སོ་གཙང་མ་བཀྲུས་ནས་ཆུ་ཚོད་8ནས་ཉིན་2བར་ནད་འབུ་སྐྱེ་འཕེལ་བྱུང་ནས་ཉིན་གཉིས་རྗེས་སོ་ལ་སྲིན་ཁྲ་ཆགས་ཀྱི་ཡོད། གལ་ཏེ་ཁྱེད་རང་ལ་གཡང་དཀར་ལུག་གི་སོ་ལྟ་བུ་དགོས་འདོད་ན་ཉིན་ལྟར་སྔ་དགོང་གཉིས་སུ་སོ་འཁྲུད་ནས་སོ་སྲིན་མི་ཆགས་པ་བྱེད་དགོས།

2  སོ་འཁྲུས་པའི་དམིགས་ཡུལ་གཉིས་པ། སོ་མི་འགུལ་བའི་ཆེད་དུ་ཡིན་ཏེ།       སྲིན་གྱིས་རྐྱེན་པས་སོ་ན་བ་ཡིན་ཚེ་སྨན་པ་བསྟེན་ནས་བཅོས་ཚེ་སྐྱོན་ཆེན་པོ་མེད། འོན་ཀྱང་སོ་མི་ན་བསམས་ནས་སོ་ཡག་པོ་མི་འཁྲུད་པ་དང་དུས་ཐོག་ཏུ་ཁའི་སྦུག་ལ་བརྟག་དཔྱད་མི་བྱེད་པའམ་སོ་ལ་སྐྲན་སྐྱེས་ཀྱང་ཡ་མ་བྱེད་པ་སོགས་ལ། ཉིན་ཞིག་སོ་གཅིག་གམ་ཁ་ཤས་འབུད་ཚེ། དེ་ཡང་ཁའི་སྦུག་གི་གཙང་སྦྲ་ཡག་པོ་མི་བྱེད་པས་སོ་མཐའ་རུལ་ནད་བྱུང་བའི་རྐྱེན་པས་ཡིན།

ཡུན་རིང་པོར་སོ་ཡག་པོ་མ་འཁྲུད་ན་ནད་འབུ་སོ་དང་སོ་རྙིལ། སོ་རུས་ལ་ཁྱབ་ནས། སོའི་ཤ་དང་སོ་རུས་རུལ་ནས་སོ་འབུད་ཀྱི་ཡོད་ལ་སོ་སྐྱེ་སའི་རུས་པ་ཡང་སོབ་སོབ་ཆགས་ནས་ཟད་འགྲོ་ཡི་ཡོད།  ནད་པས་སོ་འདེབས་ན་ཆོག་མོད། སོ་འདེབས་པ་ལ་སོའི་གཡས་གཡོན་གྱི་ཤ་རུས་ཐང་པོ་ཞིག་དགོས་ཀྱི་ཡོད།  སྤྱིར་ན་སོ་འདེབས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་སོ་འཁོར་གཉན་ཚད་ཡིན་པས། ནད་པས་སྔོན་ལ་སོའི་གཡས་གཡོན་དག་བཅོས་དགོས་ཏེ། རུས་ཕྱི་བླུགས་པ་ལྟ་བུའོ།། སོ་འདེབས་པ་ལ་ངེས་པར་དུ་བདེ་ཐང་གི་ཁོར་ཡུག་འོག་གཤགས་བཅོས་བྱེད་དགོས། འོན་ཀྱང་དེ་ནི་བརྒྱ་ཆ་བརྒྱ་ལེགས་འགྲུབ་ཡོང་གི་རེད་ཅེས་བཤད་ཐུབ་ཀྱི་མེད།

སོ་ཡང་ཡང་ཁྲུས་ཟེར་བ་དེ་ནི། ཐབས་ལས་སླ་ཤོས་དེ་བེད་སྤྱད་ནས། ཆེད་ཡག་ཤོས་ཀྱི་བདེ་སྲུང་བྱེད་རྒྱུ་དེ་ཡིན། སོ་ཡག་པོ་བཀྲུ་དགོས། དུས་ཐོག་ཏུ་སོ་འཁྲུད་པ་དང་བརྟག་དཔྱད་ནས་ནད་དུས་ཐོག་ཏུ་ཤེས་ཏེ་སྨན་བཅོས་བྱས་པ་དེ། ཁྱོད་ཀྱི་མི་ཚེའི་ནང་མ་རྩ་ཉུང་ཤོས་ཀྱི་ཁེ་ཆེ་ཤོས་ཅིག་བྱུང་བའི་བདེ་ཐང་གི་རྣམ་གྲངས་ཤིག་ཡིན་ནོ།།

 


【谣言】很多网友认为,晚上睡觉前已经刷牙了,一晚上没吃东西,早上还有必要刷牙吗?漱口就可以了!

【真相】每天清晨和夜间休息前,几乎每个人都会刷牙。很多人觉得,既然晚上已经刷过牙了,为什么早上还要再刷呢?有必要吗?

为什么要刷牙呢?

1.刷牙目的之一:没有“虫牙”。牙齿坏了以后,不像皮肤、骨骼那样具有自我修复的能力,放任不管,坏得越严重,治牙之路越漫长,牙也越难保留。

刷牙20分钟后,即开始形成获得性膜,1小时后开始有细菌附着。牙面经清洁处理后8小时至2天内,细菌迅速生长繁殖,约2天后菌斑开始形成。所以如果你想拥有洁白、健康的牙齿,就要坚持每天早晚刷牙,避免“虫牙”的发生。

2.刷牙目 的之二:牙齿不松动。如果是“虫牙”引起的牙病,及时看牙医,还有保住牙齿的可能。最可怕的是无声无息的变化,患者不觉得疼,不好好刷牙,也没有定期口腔检查,牙齿上有结石了也放任不管,忽然有一天发现牙齿松了,甚至很多颗一起脱落,这也是因为口腔卫生不好,产生了牙周病导致的。

长期不好好刷牙,细菌就会跑到包绕牙齿的牙龈和骨头的位置,腐蚀牙肉和骨头,不仅会导致牙齿脱落,牙齿赖以生存的骨头也会流失。这时候患者可以选择做种植牙,但种植牙对牙周健康有一定要求,导致种植失败的最重要原因就是种植体周围炎。患者需要首先治疗牙周,植入骨粉等,让种植牙有一个健康的生存环境才可做手术,还不一定保证百分百成功。

强调早晚刷牙的重要性,是希望大家花费最少的气力,做最有效的预防保健。好好刷牙,定期洗牙和检查,及时发现疾病并治疗,将是你一生中投资最少、回报最多的健康项目。

辟谣专家:迟景瑜,中国人民解放军第306医院全军口腔中心主治医师