年轻人血压升高一定要吃药
དཀྲོག་གཏམ། གཞོན་ནུའི་ཁྲག་ཤེད་མཐོ་རུ་ཕྱིན་ཚེ་ངེས་པར་དུ་སྨན་ཟ་དགོས་པ།

发布时间:2021年03月24日

流言:年轻人血压升高一定要吃药。

真相解读:

实际上,年轻人发现血压升高,不一定要吃药。

很多年轻人血压升高只是一过性的,作息不规律,熬夜,工作压力大都可能引发。此时,血压升高并未对外周血管硬化造成不可逆的损伤;纠正不良生活习惯是首要治疗措施,坚持1至3个月,许多年轻人的高血压可以恢复正常水平。

我国《高血压基层诊疗指南》指出,高钠低钾膳食,超重与肥胖,过量饮酒和长期精神紧张是我国人群重要的高血压发病危险因素,其他危险因素还包括缺乏体力活动、血糖异常、血脂异常等。可以看出日常行为习惯对血压的重要影响。

 

 

དཀྲོག་གཏམ།

གཞོན་ནུའི་ཁྲག་ཤེད་མཐོ་རུ་ཕྱིན་ཚེ་ངེས་པར་དུ་སྨན་ཟ་དགོས་པ།

གསལ་འགྲེལ།

དོན་དངོས་ཐོག་གཞོན་ནུའི་ཁྲག་ཤེད་མཐོ་རུ་ཕྱིན་ཚེ་སྨན་ཟ་དགོས་པའི་ངེས་པ་མེད།

གཞོན་ནུའི་མང་པོ་ཞིག་གི་ཁྲག་ཤེད་མཐོ་རུ་ཕྱིན་པ་ནི་ཐེངས་གཅིག་གི་རྣམ་པ་ཙམ་ཡིན་ཞིང་།  ངལ་གསོ་ཡག་པ་མི་ཐེབས་པ་དང་། མཚན་འཁྱོངས་བསྡད་པ། ལས་ཀའི་གནོན་ཤུགས་ཆེ་བ་བཅས་ལས་ཁྲག་ཤེད་མཐོ་རུ་ཕྱིན་པ་ཞིག་རེད།  སྐབས་དེར་ཁྲག་ཤེད་མཐོ་རུ་ཕྱིན་པ་ལས་ཕྱིའི་མཐའ་འཁོར་གྱི་ཁྲག་རྩ་མཁྲེགས་པོར་གྱུར་ནས་ལྡོག་ཐབས་མེད་པའི་གནོད་འཚེ་ཕོག་པ་མིན། འཚོ་བའི་གོམས་གཤིས་ངན་པ་ཡོ་བསྲང་བྱས་ཚེ། ཟླ་བ་གཅིག་ནས་གསུམ་ནང་དུ་ཁྲག་ཤེད་རྒྱུན་གཏན་ལྟར་ཆགས་ཀྱི་ཡོད།

རང་རྒྱལ་གྱི《ཁྲག་ཤེད་མཐོ་བའི་རིགས་གཞི་རྩའི་ནད་རྟགས་སྨན་བཅོས་ཕྱོགས་སྟོན》ནང་བསྟན་དོན། ནཱ་རྒྱུ་མང་བ་དང་ཅཱ་རྒྱུ་ཉུང་བའི་ཟས་རིགས་དང་། གཟུགས་པོའི་ལྗིད་ཚད་མཐོ་ལ་ཤ་རྒྱགས་པ། ཆང་རག་བཏུང་དྲགས་པ། ཡུན་རིང་དངངས་འཚབ་སྐྱེས་པ་བཅས་ནི་རང་རྒྱལ་གྱི་མི་མང་པོ་ཞིག་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་རྒྱུ་རྐྱེན་ཞིག་རེད། ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཞན་དག་གི་གྲས་སུ་ད་དུང་གཟུགས་པོར་སྦྱོང་བརྡར་ཉུང་བ་དང་། ཁྲག་མངར་སྙོམས་པོ་མེད་པ། ཁྲག་ཚིལ་སྙོམས་པོ་མེད་པ་སོགས་ཚུད་ཡོད། གནས་ཚུལ་དེ་དག་ཐོག་ནས་རྒྱུན་གཏན་གྱི་བྱ་སྤྱོད་ནི་ཁྲག་ཤེད་ཀྱི་ངོས་ནས་བརྗོད་ན་ཤུགས་རྐྱེན་ཆེན་པོ་ཡོད་པ་ཞིག་ཡིན་པ་མཐོང་ཐུབ།