吃肉会升高胆固醇
དཀྲོག་གཏམ། ཤ་བཟས་ན་མཁྲིས་རྒྱུའི་གཤེར་རྩི་མང་དུ་འགྲོ་བ།

发布时间:2021年03月24日

流言:

吃肉会升高胆固醇。

真相解读:

很多人不敢吃肉的原因是:害怕胆固醇摄入过多。

实际上,瘦肉的胆固醇并不是很高,就比如我们常吃的猪瘦肉,胆固醇含量仅仅是81mg/100g[1],每天如果按照《中国居民膳食指南》推荐的40~75g来吃,也就摄入32.4~60.8mg的胆固醇而已。

与人们认为胆固醇高的蛋黄相比,猪瘦肉的胆固醇含量仅仅是鸡蛋黄(胆固醇含量为1510mg/100g[1])的5%而已。如果与猪肥肉相比,则是猪肥肉(胆固醇为109mg/100g[1])的75%。牛里脊的胆固醇含量(63mg/100g[1])比猪瘦肉还要低,仅仅为猪瘦肉的0.7倍。

另外,正常人体是可以自我调节胆固醇水平的,当从食物摄入的胆固醇高的时候,自身合成的胆固醇就会低一些;当食物摄入的胆固醇低的时候,自身合成的胆固醇会高一点。机体可以通过这样的机制合理的调节吃进去和自身合成的胆固醇,使其保持一个平衡。

所以,并不用担心肉中的胆固醇,可尽量选择瘦肉食用,并且控制好食用量,每天建议不超过75g。

 

དཀྲོག་གཏམ།

ཤ་བཟས་ན་མཁྲིས་རྒྱུའི་གཤེར་རྩི་མང་དུ་འགྲོ་བ།

གསལ་འགྲེལ།

མི་མང་པོ་ཞིག་གིས་ཤ་བཟའ་མི་ཕོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་མཁྲིས་རྒྱུའི་གཤེར་རྩི་མང་དུ་འགྲོ་རྒྱུ་ཡིན་པའི་སྐད་ཆ་དེ་གོ་ཐོས་བྱུང་ནས་ཞེད་སྣང་སྐྱེས་པས་རེད། 

དོན་དངོས་ཐོག་ཤ་སྣག་ནང་དུ་མཁྲིས་རྒྱུའི་གཤེར་རྩི་དེ་ཙམ་མེད། ཕག་པའི་ཤ་སྣག་ནང་མཁྲིས་རྒྱུའི་གཤེར་རྩི་ལྡན་ཚད་81mg/100g[1]ལས་ཟིན་གྱི་མེད། གལ་སྲིད་ཉིན་ལྟར《ཀྲུང་གོའི་གྲོང་མིའི་ལྟོ་ཆས་ཕྱོགས་སྟོན》ནང་འོས་སྦྱོར་བྱས་པའི་40gནས་75gབར་གྱི་ཚད་གཞི་གཞིར་བཟུང་བཟས་ན།  མཁྲིས་རྒྱུའི་གཤེར་རྩི་32.4mgནས་60.8mgབར་ཙམ་ལས་མེད།

མི་རྣམས་ཀྱིས་མཁྲིས་རྒྱུའི་གཤེར་རྩི་ལྡན་ཚད་མཐོ་བའི་ངོས་འཛིན་བྱེད་པའི་སྒོ་ངའི་སེར་རིལ་དང་བསྡུར་ན། ཕག་པའི་ཤ་སྣག་ནང་མཁྲིས་རྒྱུའི་གཤེར་རྩི་ལྡན་ཚད་ནི་སྒོ་ངའི་སེར་རིལ(1510mg/100g[1])གྱི་5%ཁོ་ན་ལས་ཟིན་གྱི་མེད་པ་དང་། གལ་སྲིད་ཕག་པའི་ཤ་ཚོན་པོ་དང་བསྡུར་ན། ཕག་པའི་ཤ་ཚོན་པོ(1510mg/100g[1])ཡི་75%ལས་ཟིན་གྱི་མེད། སྒོ་ཕྱུགས་ཀྱི་མཇིང་ཤར་མཁྲིས་རྒྱུའི་གཤེར་རྩི་ལྡན་ཚད(63mg/100g[1])ཟིན་པ་དེ་ཤ་སྣག་ལས་ཀྱང་དམའ་ཞིང་། ཕག་པའི་ཤ་སྣག་གི་ལྡབ་0.7ཁོ་ན་ལས་ཟིན་གྱི་མེད།

གཞན་ཡང་རྒྱུན་གཏན་གྱི་མིས་མཁྲིས་རྒྱུའི་གཤེར་རྩི་མང་ཉུང་རང་ཤུགས་སུ་སྙོམས་སྒྲིག་བྱེད་ཐུབ་པ་དཔེར་ན། ཟས་རིགས་ནས་བྱུང་བའི་མཁྲིས་རྒྱུའི་གཤེར་རྩི་མང་བའི་དུས་སུ་འདུས་གྲུབ་བྱུང་བའི་མཁྲིས་རྒྱུའི་གཤེར་རྩི་རང་ཤུགས་སུ་དམའ་རུ་གཏོང་བ་དང་ཟས་རིགས་ནས་བྱུང་བའི་མཁྲིས་རྒྱུའི་གཤེར་རྩི་ཉུང་བའི་དུས་སུ་འདུས་གྲུབ་བྱུང་བའི་མཁྲིས་རྒྱུའི་གཤེར་རྩི་རང་ཤུགས་སུ་མཐོ་རུ་གཏོང་གི་ཡོད། མིའི་ལུས་པོས་རྐྱེན་སྲོལ་དེ་འདྲ་ཞིག་ལ་བརྟེན་ནས་བཟས་པ་དང་འདུས་གྲུབ་ཀྱི་མཁྲིས་རྒྱུའི་གཤེར་རྩི་སྙོམས་སྒྲིག་ལུགས་མཐུན་བྱས་ཏེ་དོ་སྙོམས་ཡོང་ཐབས་བྱེད་ཀྱི་ཡོད།

དེས་ན་ཤར་ལྡན་པའི་མཁྲིས་རྒྱུའི་གཤེར་རྩིར་སྐྲག་སྣང་དེ་འདྲ་བྱེད་དགོས་དོན་མེད། རྣམ་ཀུན་ཤ་ཟ་སྐབས་ཚིལ་རིགས་ཉུང་ཙམ་བཟའ་བ་དང་འབྲེལ་བཟས་འབོར་འཚམ་པོ་ཡོང་བ་བྱས་ན་གཟུགས་པོར་སྐྱོན་དེ་ཙམ་མེད། ཡག་ཤོས་བྱུང་ན་75gལས་བརྒལ་རྒྱུ་མེད།