鼠疫基本知识
དང་པོ། བྱི་རིམས་ཀྱི་གཞི་རྩའི་ཤེས་བྱ།

发布时间:2021年03月25日

鼠疫概念

鼠疫是由鼠疫杆菌引起的人畜共患、自然疫源性的烈性传染病。《中华人民共和国传染病防治法》规定的甲类传染病。

特点:发病急,病程短,传播途径多,病死率高,危害大。

起病急、病情重、死亡率高、传染性强、传播迅速。    

病原学

鼠疫菌的形态变化多端,不同的菌株、宿主、不同的培养基、温度、湿度等,都能导致鼠疫菌的形态发生一定的变化,但其基本形态大致相似。典型的鼠疫菌呈短而粗、两端钝圆、两极浓染、革兰阴性杆菌,大小约1~2.0μm×0.5~0.7μm,无鞭毛、无芽孢、有荚膜,兼性需氧,在普通培养基上生长良好。荚膜是该菌能在细胞内生和繁殖的原因之一。

对外界抵抗力较弱,特别是对热和干燥敏感。日晒、煮烤和常用化学的消毒剂均可将其杀灭。对寒冷的抵抗力很强,在-30℃时仍可以存活。在脓液或痰液中可存活10~20天,在鼠蚤体内可存活1个月,在尸体中可存活数周至数月。 

བྱི་རིམས་ཀྱི་ཐ་སྙད།

བྱི་རིམས་ནི་བྱི་རིམས་དབྱུག་སྲིན་གྱིས་བསླངས་པའི་མི་ཕྱུགས་གཉིས་ཀར་ཕོག་ཅིང་རང་བྱུང་རིམས་ཁུངས་ཀྱི་ངོ་བོའི་འགོ་ཤུགས་ཆེ་བའི་འགོ་ནད་ཅིག་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིམས་ནད་འགོག་བཅོས་བཅའ་ཁྲིམས》སུ་གཏན་འབེབས་བྱས་པའི་རིམས་ནད་རིགས་ཀ་པ་རེད།

ཁྱད་ཆོས། མྱུར་དུ་ན་ཞིང་། ནད་ཡུན་ཐུང་བ། འགོ་ལམ་མང་བ། ན་ནས་ཤི་ཚད་མང་བ། གནོད་འཚེ་ཆེ་བ།

མྱུར་དུ་ན་བ།  ནད་བབ་ལྕི་བ།  ཤི་ཚད་མང་བ། འགོ་ཤུགས་ཆེ་བ། མྱུར་དུ་མཆེད་པ།

ནད་འབྱུང་རིག་པ།

བྱི་རིམས་ཀྱི་འབུ་ཕྲའི་རྣམ་པར་འགྱུར་ལྡོག་མང་ཞིང་། སྲིན་སྡོང་དང་རྟེན་གནས་མི་འདྲ་བ་དང་། གསོ་སྐྱོང་རྨང་གཞི་དང་། དྲོད་ཚད། བཞའ་ཚན་སོགས་མི་འདྲ་བའི་དབང་གིས་བྱི་རིམས་ཀྱི་འབུ་ཕྲའི་རྣམ་པར་འགྱུར་ལྡོག་ངེས་ཅན་འགྲོ་བ་ཡིན་མོད། འོན་ཀྱང་གཞི་རྩའི་རྣམ་པ་ཕལ་ཆེར་འདྲ་པོ་ཡོད། དཔེ་མཚོན་གྱི་བྱི་རིམས་འབུ་ཕྲ་ནི་ཐུང་ལ་སྦོམ་པ་དང་། རྩེ་གཉིས་ལྡུམ་པོ། སྣེ་གཉིས་ཀྱི་ཚོས་གར་བ། གྷེ་ལན་སྲིབས་གཤིས་དབྱུག་སྲིན་ཡིན་ཅིང་། ཆེ་ཆུང་ཧ་ལམ་1~2.0μm×0.5~0.7μmཡོད་པ་དང་། སྤུ་དང་འབུ་སྒོང་མེད། ཤུན་སྐོགས་ཡོད། ཞོར་གཏོགས་གསོ་རླུང་མཁོ་བ། གསོ་སྤེལ་རྨང་གཞི་ཕལ་པར་སྐྱེ་འཚར་ལེགས་པོ་ཡོད།

ཤུན་སྐོགས་ནི་འབུ་ཕྲ་དེ་ཕྲ་ཕུང་གི་ནང་དུ་སྐྱེ་བ་དང་འཕེལ་བའི་རྒྱུ་རྐྱེན་ཞིག་རེད།

ཕྱི་རོལ་གྱི་འགོག་ཤུགས་ཅུང་ཞན་ཞིང་། ལྷག་པར་དུ་ཚ་བ་དང་སྐམ་ཤས་ཆེ་བར་ཚོར་བ་རྣོ། ཉི་སྐམ་གཏོང་བ་དང་། བཙོ་བ། རྒྱུན་སྤྱོད་རྫས་འགྱུར་གྱི་དུག་སེལ་གཤེར་ཁུ་སོགས་ཀྱིས་དེ་གསོད་ཐུབ། གྲང་བསྲན་ཧ་ཅང་ཆེ་བས། -30℃ཡི་དུས་སུ་སྔར་བཞིན་གསོན་པོར་གནས་ཐུབ། རྣག་དང་ཁ་ལུད་སྣ་ལུད་ཀྱི་ནང་དུ་ཉིན་10-20བར་གསོན་ཐུབ་པ་དང་། བྱི་བའི་ལྕི་བའི་ཁོག་ཏུ་ཟླ་བ་1གསོན་པོར་གནས་ཐུབ། ཕུང་པོའི་ཁོག་ཏུ་གཟའ་འཁོར་འགའ་ནས་ཟླ་ཤས་བར་གསོན་པོར་གནས་ཐུབ།