鼠疫流行简史
གཉིས་པ། བྱི་རིམས་ཁྱབ་པའི་ལོ་རྒྱུས་མདོར་བསྡུས།

发布时间:2021年03月25日

世界鼠疫流行简史

第一次世界性鼠疫大流行:发生在公元6世纪(520-565年),一般认为起源于中东鼠疫自然疫源地,流行中心在地中海沿岸—东罗马帝国,东罗马建都于君土坦丁堡,因此又称拜占庭帝国,因其版图横跨欧、亚、非三大洲交界处,故流行是世界性的。在瘟疫传播的高峰期,君土坦丁堡每天有500~10000人染病死亡,总死亡人数在20万人以上,几乎摧毁了君士坦丁堡,此次大流行直接导致东罗马帝国的衰退。

第二次世界性鼠疫大流行:始于公元14世纪(1346-1665年),一般认为这次鼠疫起源于中亚细亚的戈壁。在整个15、16和17世纪的前70年,鼠疫流行遍及欧洲、亚洲和非洲北海岸,尤以欧洲为甚。据推测当时欧洲大约有1亿人口,其中1/4死于鼠疫。1664-1665年,伦敦再次发生鼠疫大流行,鼠疫就是在这次流行中被命名为“黑死病”(black death)的。

第三次世界性的鼠疫大流行:始于19世纪末(1894年),流行持续到20世纪中叶。一般认为起源于中国的云南和缅甸交界处,从广东和香港开始,经海路向世界传播。共波及亚洲、欧洲、美洲和非洲的60多个国家。传播速度之快、分布地区之广远远超过前两次大流行,但控制:流行却比前两次迅速而彻底。

中国鼠疫流行简史

中国鼠疫可谓历史悠久。据伍连德考证,公元前5世纪至3世纪,即春秋战国时期就有鼠疫的流行。

中国鼠疫有确切记载的最早年代是1644年,山西省潞安(长治)曾有鼠疫发生。

1644~1949年,据不完全统计,中国有22个省(自治区直辖市)及中国香港特别行政区中国台湾地区544个县(市、旗)有人同鼠疫流行共计发生人间鼠疫病例261482人,死亡240251人。

1950~2014年,65年间中国共有63年次发生人间鼠疫流行(1984年、2013年无人间鼠疫流行)。分布在内蒙古、吉林、黑龙江、浙江、福建、广东、广西、贵州、云南、四川、西藏、甘肃、青海、宁夏、新疆15个省(自治区),197个疫情市(县、区),发病9012人,死亡3158人。

西藏鼠疫流行简史

在历史上有关西藏鼠疫的文献记载极少,仅见藏经中有啮齿动物和人类患此病的描述和记载,后据考证:1901年西藏曾有过类似的流行。

1917年-1966年间,发生疑似人间鼠疫疫情69起,发病765人,死亡600人。1966年-2019年,全区7地(市)共发生人间鼠疫22起,发病120人,死亡75人,病死率为62.5%。

 

གཉིས་པ། བྱི་རིམས་ཁྱབ་པའི་ལོ་རྒྱུས་མདོར་བསྡུས།

འཛམ་གླིང་དུ་བྱི་རིམས་ཁྱབ་པའི་ལོ་རྒྱུས་མདོར་བསྡུས།

འཛམ་གླིང་རང་བཞིན་གྱི་བྱི་རིམས་ཁྱབ་ཐེངས་དང་པོ། སྤྱི་ལོའི་དུས་རབས་6པར(520-565ལོ་བར)ཐོན་པར་ངོས་འཛིན་བྱེད་ཅིང་། སྤྱིར་དབུས་ཤར་ས་ཁུལ་གྱི་རང་བྱུང་རིམས་ཁུངས་ནས་ཐོན་པ་དང་། བྱི་རིམས་ཐོན་པའི་ལྟེ་བ་ས་དབུས་རྒྱ་མཚོའི་ངོགས་ཀྱི་རོ་མ་ཤར་མའི་བཙན་རྒྱལ་རེད། རོ་མ་ཤར་མའི་རྒྱལ་ས་ཨི་སི་ཐན་པོར་ཡིན་པས། པེ་བཙན་ཐིན་བཙན་རྒྱལ་ཡང་ཟེར། དེའི་མངའ་ཁོངས་ས་ཆ་ཡོ་རོབ་དང་། ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་བཅས་གླིང་ཆེན་གསུམ་གྱི་སྦྲེལ་མཚམས་སུ་ཆགས་ཡོད་སྟབས། བྱི་རིམས་ཁྱབ་པར་འཛམ་གླིང་གྱི་རང་བཞིན་ལྡན་ཡོད། ནད་ཡམས་མང་ཤོས་ཁྱབ་པའི་དུས་སུ། ཨི་སི་ཐན་པོར་དུ་ཉིན་ལྟར་མི་500-10000ལ་རིམས་ནད་འགོས་ནས་ཤི་བ་དང་། ཁྱོན་བསྡོམས་མི་ཁྲི་20ཡན་ཤི་ཞིང་། ཧ་ལམ་ཨི་སི་ཐན་པོར་རྩ་མེད་དུ་བཏང་ཡོད། ཐེངས་དེའི་ཁྱབ་ཁྱོན་ཆེན་པོས་རོ་མ་ཤར་མའི་བཙན་རྒྱལ་ཐད་ཀར་ཉམས་རྒུད་དུ་ཕྱིན་ཡོད།

འཛམ་གླིང་རང་བཞིན་གྱི་བྱི་རིམས་ཁྱབ་ཐེངས་གཉིས་པ། སྤྱི་ལོའི་དུས་རབས་14པར(1346-1665ལོ)ཐོན་ཞིང་། སྤྱིར་ཐེངས་དེའི་བྱི་རིམས་ཨེ་ཤེ་ཡ་དབུས་མའི་མྱ་ངམ་ཐང་ནས་ཐོན་པར་ངོས་འཛིན་བྱེད། དུས་རབས་15པ་དང་། 16པ། 17པ་བཅས་ཀྱི་མདུན་གྱི་ལོ་70ཡི་ནང་དུ་བྱི་རིམས་ཡོ་རོབ་དང་། ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་བཅས་ཀྱི་མཚོ་ངོགས་བྱང་མར་ཁྱབ་ཅིང་། ལྷག་པར་ཡོ་རོབ་ཏུ་ཚབས་ཧ་ཅང་ཆེ། ཚོད་དཔག་བྱས་པར་གཞིགས་ན། སྐབས་དེར་ཡོ་རོབ་ལ་ཧ་ལམ་མི་འབོར་དུང་ཕྱུར་1ཙམ་ཡོད་པ་ལས་བཞི་ཆ་གཅིག་བྱི་རིམས་ཕོག་ནས་ཤི་ཡོད། 1664-1665ལོ་བར་ལུན་ཏོན་དུ་ཡང་བསྐྱར་བྱི་རིམས་ཆེན་པོ་ཁྱབ་ཅིང་། ཁྱབ་ཐེངས་དེར་བྱི་རིམས་ལ་འཆི་བདག་ནག་པོ(black death)ཞེས་མིང་བཏགས་པ་རེད།

འཛམ་གླིང་རང་བཞིན་གྱི་བྱི་རིམས་ཁྱབ་ཐེངས་གསུམ་པ། དུས་རབས་19པའི་དུས་མཇུག(1894ལོ)ཏུ་ཐོན་ཞིང་། དུས་རབས་20པའི་དུས་དཀྱིལ་བར་རྒྱུན་མཐུད་ཁྱབ། སྤྱིར་ཀྲུང་གོའི་ཡུན་ནན་དང་འབར་མའི་ས་སྦྲེལ་གྱི་མཚམས་སུ་ཐོན་ཞིང་། གོང་ཏུང་དང་ཤང་ཀང་ནས་འགོ་བརྩམས་ཏེ། མཚོ་འགྲུལ་བརྒྱུད་འཛམ་གླིང་ལ་ཁྱབ་པར་ངོས་འཛིན་བྱེད། ཨེ་ཤེ་ཡ་དང་། ཡོ་རོབ། ཨ་མེ་རི་ཁ། ཨ་ཧྥེ་རི་ཁ་བཅས་ཀྱི་རྒྱལ་ཁབ་60ལྷག་ཙམ་ལ་ཁྱབ་སྟེ། ཁྱབ་ཚད་མྱུར་ཞིང་ཁྱབ་རྒྱ་ཡང་དེ་སྔའི་ཁྱབ་ཐེངས་གཉིས་ལས་ཧ་ཅང་ཆེ་མོད། འོན་ཀྱང་དེ་སྔའི་ཁྱབ་ཐེངས་གཉིས་ལས་ཚོད་འཛིན་མྱུར་ལ་མཐར་ཕྱིན་པ་བྱུང་ཡོད། 

ཀྲུང་གོར་བྱི་རིམས་ཁྱབ་པའི་ལོ་རྒྱུས་མདོར་བསྡུས།

ཀྲུང་གོར་བྱི་རིམས་ཐོན་པའི་ལོ་རྒྱུས་ཧ་ཅང་རིང་ཞེས་བརྗོད་ཆོག ཝུ་ལན་ཏེས་ར་སྤྲོད་བྱས་པ་ལྟར་ན། སྤྱི་ལོའི་སྔོན་གྱི་དུས་རབས་5-3པའི་བར་ཏེ། ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་ནས་བྱི་རིམས་ཐོན་ཡོད།

ཀྲུང་གོར་བྱི་རིམས་ཐོན་པའི་གནས་ཚུལ་གསལ་པོར་བཀོད་པའི་ལོ་རབས་སྔ་ཤོས་ནི་1644ལོར་ཡིན་ཅིང་། ཧྲན་ཞི་ཞིང་ཆེན་གྱི་ལུ་ཨན(གྲང་ཀྲེ)དུ་ཐོན།

1644~1949ལོའི་བར་དུ་བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཀྲུང་གོའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)22དང་དེ་བཞིན་ཀྲུང་གོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཀྲུང་གོའི་ཐེ་ཝན་ས་ཁུལ་གྱི་རྫོང(གྲོང་ཁྱེར་དང་ཆི)544ལ་མི་དང་བྱི་རིམས་བསྡོམས་མི་ཡུལ་གྱི་བྱི་རིམས་ནད་དཔེ་མི་261482ཡོད་པ་དང་། མི་240251ཤི་ཡོད།

1950-2014ལོ་བར་གྱི་ལོ་65ཡི་རིང་། ཀྲུང་གོར་ཁྱོན་བསྡོམས་མི་ཡུལ་གྱི་བྱི་རིམས་ལོ་ཐེངས་63(1984ལོ་དང་2013ལོར་མི་ཡུལ་གྱི་བྱི་རིམས་ཁྱབ་མྱོང་མེད)ཐོན་མྱོང་ཡོད་ཅིང་། ནང་སོག་དང་། ཅི་ལིན། ཧེ་ལུང་ཅང་། ཀྲེ་ཅང་། ཧྥུའུ་ཅན། ཀོང་ཏུང་། ཀོང་ཤིས། ཀུད་ཀྲོའུ། ཡུན་ནན། སི་ཁྲོན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)15ལ་ཁྱབ་ཅིང་། རིམས་ནད་ཐོན་པའི་གྲོང་ཁྱེར(རྫོང་དང་ཆུས)197གྱི་མི་9012ན་བ་དང་། མི་3158ཤི་བ་རེད།

བོད་དུ་བྱི་རིམས་ཁྱབ་པའི་ལོ་རྒྱུས་མདོར་བསྡུས།

ལོ་རྒྱུས་ཐོག་བོད་དུ་བྱི་རིམས་ཐོན་པའི་སྐོར་ཚད་ལྡན་ཡིག་ཆར་བཀོད་པ་ཧ་ཅང་ཉུང་ཞིང་། བོད་ཀྱི་དཔེ་ཆའི་ནང་དུ་སོ་མི་བརྗེ་བའི་སྲོག་ཆགས་དང་མིའི་རིགས་ལ་ནད་དེ་ཕོག་པའི་སྐོར་གྱི་རྒྱས་བཤད་དང་ཐོ་འགོད་བྱས་པ་ཙམ་ལས་མཐོང་རྒྱུ་མེད། ཕྱིས་སུ་བརྟག་དཔྱད་བྱས་པ་ལྟར་ན། 1901ལོར་བོད་དུ་དེ་སྔ་རིགས་འདྲ་བ་ཐོན་མྱོང་ཡོད།

1917-1966ལོ་བར། མི་ཡུལ་གྱི་བྱི་རིམས་ཕོག་པར་དོགས་གཞི་ཡོད་པའི་གནས་ཚུལ་ཁག་69ཐོན་ནས་མི་765ན་བ་དང་། མི་600ཤི་བ་རེད། 1966-2019ལོ་བར་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7ལ་མི་ཡུལ་གྱི་བྱི་རིམས་22ཐོན་ཞིང་། མི་120ན་བ་དང་། མི་75ཤི་སྟེ། ན་ནས་ཤི་ཚད་62.5%ཟིན་ཡོད།