鼠疫的诊断依据
ལེའུ་དྲུག་པ། བྱི་རིམས་ཀྱི་ནད་བརྟག་གཞི་འཛིན་ས།

发布时间:2021年03月25日

对第一例病人及时发现与确诊,对本病的控制与预防极为重要。

一、临床表现

1.突然发病,高热,白细胞剧增,在未用抗菌药物或使用青霉素族抗菌药物情况下,病情迅速恶化,在48h内进入休克或更严重的状态。

2.急性淋巴结炎,淋巴结肿胀,剧烈疼痛并出现强迫体位。

3.出现重度毒血症、休克综合征而无明显淋巴结肿胀。

4.咳嗽、胸痛、咳痰带血或咯血。

5.重症结膜炎并有严重的上下眼睑水肿。

6.血性腹泻并有重症腹痛、高热及休克综合征。

7.皮肤出现剧痛性红色丘疹,其后逐渐隆起,形成血性水泡,周边呈灰黑色,基底坚硬。水泡破溃后创面也呈灰黑色。

8.剧烈头痛、昏睡、颈部强直、谵语妄动、脑压高、脑脊液浑浊。

二、流行病学史

1. 患者发病前10d内到过鼠疫动物病流行区。

2. 在10d内接触过来自鼠疫疫区内的疫源动物、动物制品、进入过鼠疫实验室或接触过鼠疫实验用品。

3.患者发病前10d内接触过具有临床表现的01里第1条及第4条特征的患者并发生具有类似表现的疾病。

三、实验室检验结果

1.患者的淋巴结穿刺液、血液、痰液,咽部或眼分泌物,或尸体脏器、管状骨骺端骨髓标本中分离到鼠疫菌。

2.上述标本中针对鼠疫菌caf 1及pla基因的PCR扩增阳性,同时各项对照成立。

3.上述标本中使用胶体金抗原检测、酶联免疫吸附试验、或反相血凝试验中任何一种方法,检出鼠疫菌F1抗原。

4.患者的急性期与恢复期血清使用酶联免疫吸附试验或被动血凝试验检测,针对鼠疫F1抗原的抗体滴度呈4倍以上增长。

 

 

ནད་དཔེ་དང་པོ་དུས་ཐོག་ཏུ་ཤེས་པ་དང་ནད་གཞི་གཏན་འཁེལ་བྱེད་པ་ནི། ནད་འདི་ཚོད་འཛིན་དང་སྔོན་འགོག་བྱེད་པར་གལ་འགངས་ཤིན་ཏུ་ཆེ།

01.ནད་ཐོག་མངོན་ཚུལ།

1.གློ་བུར་དུ་ན་ཞིང་། ཚ་བ་ཆེན་པོ་རྒྱས་པ་དང་། ཕྲ་ཕུང་དཀར་པོ་ཤུགས་ཆེན་ འཕེལ་གྱི་ཡོད། འབུ་ཕྲ་འགོག་པའི་སྨན་རྫས་སམ་ཡང་ན་ཆིང་མེ་སུ(青霉素)རིགས་ཀྱི་འབུ་ཕྲ་འགོག་པའི་སྨན་རྫས་མ་སྤྱད་པའི་གནས་ཚུལ་འོག ནད་གཞི་མགྱོགས་མྱུར་སྡུག་ཏུ་ཕྱིན་ནས། ཆུ་ཚོད་48ཀྱི་ནང་ཚུན་དུ་བརྒྱལ་བའམ་ཡང་ན་དེ་ལས་ཚབས་ཆེ་བའི་སྣང་ཚུལ་ཐོན་གྱི་ཡོད།

2.དོས་དྲག་གི་རྨེན་བུའི་གཉན་ཚད་དང་། རྨེན་བུ་སྐྲངས་པ། ན་ཟུག་དྲག་པོ་གཏོང་བ་མ་ཟད། སྡོད་སྟངས་ཤོར་བ།    

3.ཁྲག་དུག་ཚབས་ཆེན་ཕོག་པའི་ནད་དང་བརྒྱལ་བའི་འདུས་ནད་ཐོན་ཞིང་། རྨེན་བུ་མངོན་གསལ་སྐྲངས་ཀྱི་མེད།

4.གློ་གོག་པ་དང་། བྲང་ཁ་ན་བ། ལུད་པར་ཁྲག་ཡོད་པའམ་ཁྲག་སྐྱུག་པ།

5.མིག་སྐྱིའི་གཉན་ཚད་ལྕི་བ་མ་ཟད། མིག་ལྤགས་སྟོད་སྨད་ལ་ཆུ་བསགས་ནས་སྐྲངས་ཚབས་ཆེ་བ།

6.ཁྲག་བཤལ་བ་མ་ཟད་གྲོད་པར་ན་ཟུག་དྲག་པོ་གཏོང་བ་དང་། ཚ་བ་རྒྱས་པ། བརྒྱལ་བའི་འདུས་ནད་ཐོན་པ།    

7.པགས་པར་ན་ཟུག་དྲག་པོ་གཏོང་བའི་ཐོར་པ་དམར་པོ་དོན་པ་དང་། དེ་རྗེས་རིམ་བཞིན་སྦོས་ནས་ཁྲག་གི་ཆུ་ལྒང་དུ་འགྱུར་ཞིང་། མཐའ་སྐོར་དུ་ནག་སྐྱ་མངོན། གཞི་མཐིལ་མཁྲེགས།  ཆུ་ལྒང་བརྡོལ་རྗེས་རྨ་ཁ་ནག་སྐྱར་འགྱུར་གྱི་ཡོད།

8.མགོ་ན་ཞིང་། གཉིད་ཐིབས། སྐེ་མཇིང་རེངས། སྐད་ཆ་འཆོལ་ཞིང་ཧོལ་སྐྱོད་བྱེད། ཀླད་པའི་གནོན་ཤུགས་ཆེ་བ། ཀླད་ཆུ་ཉོག

 

02.ནད་ཡམས་རིག་པའི་ལོ་རྒྱུས།

1.ནད་པ་མ་ན་གོང་གི་ཉིན་10ཡི་ནང་ཚུན་དུ་བྱི་རིམས་སྲོག་ཆགས་ལ་ཁྱབ་པའི་ཁུལ་དུ་འགྲོ་མྱོང་ཡོད་པ།

2.ཉིན་10ཡི་ནང་ཚུན་དུ་བྱི་རིམས་ཁྱབ་པའི་ཁུལ་ནས་བསླེབས་པའི་རིམས་ཁུངས་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་ལ་རེག་མྱོང་ཡོད་པ་དང་། བྱི་རིམས་ཚོད་ལྟ་ཁང་དུ་འཛུལ་མྱོང་ཡོད་པའམ་ཡང་ན་བྱི་རིམས་ཀྱི་ཚོད་ལྟའི་མཁོ་ཆས་ལ་རེག་མྱོང་ཡོད་པ།

3.ནད་པ་མ་ན་གོང་གི་ཉིན་10ཡི་ནང་ཚུན་དུ་ནད་ཐོག་ནད་རྟགས་མངོན་ཚུལ་01གི་དོན་ཚན་དང་པོ་དང་བཞི་པའི་ཁྱད་ཆོས་ལྡན་པའི་ནད་པ་དང་ཐུག་འཕྲད་བྱེད་མྱོང་ཡོད་པ་མ་ཟད་དེ་འདྲ་བའི་ནད་རྟགས་ཐོན་པ།

 

03.ཚོད་ལྟ་ཁང་གི་བརྟག་དཔྱད་འབྲས་བུ།

1.ནད་པའི་རྨེན་བུ་བརྟོལ་བའི་གཤེར་ཁུ་དང་། ཟུངས་ཁྲག ལུད་པ། མིད་པའམ་ཡང་ན་མིག་གི་ཟགས་རྫས། ཡང་ན་ཕུང་པོ་དང་སྦུག་དབྱིབས་རུས་མགོའི་རྐང་མར་གྱི་དམར་དཔེ་བཅས་ནས་བྱི་རིམས་ཀྱི་སྲིན་འབུ་ལོགས་སུ་འདོན་ཐུབ།

2.གོང་གསལ་དམར་དཔེར་བྱི་རིམས་ཀྱི་འབུ་ཕྲའི་རྒྱུད་ཀྱི་ས་བོན་caf1དང་plaཡི་PCRགདགས་གཤིས་རྒྱ་ཆེ་རུ་ཕྱིན་པ་དང་དུས་མཚུངས། རྣམ་གྲངས་ཁག་གི་གཤིབ་བསྡུར་གྲུབ་ཡོད།   

3.གོང་གསལ་དམར་དཔེར་སྤྱིན་གཟུགས་གསེར་གྱི་འགོག་རྫས་བརྟག་དཔྱད་དང་། རྩབས་འབྲེལ་རིམས་འགོག་རྔུབ་འབྱར་ཚོད་ལྟ། ཡང་ན་ལྡོག་ཕྱོགས་ཁྲག་སྡོམ་ཚོད་ལྟ་བཅས་བྱེད་ཐབས་གང་རུང་གིས་བྱི་རིམས་ཀྱི་འབུ་ཕྲའི་F1འགོག་རྫས་བརྟག་ཐུབ།

4.ནད་པའི་དོས་དྲག་རང་བཞིན་གྱི་དུས་དང་དྲག་སྐྱེད་འགྲོ་བཞིན་པའི་དུས་ཀྱི་དྭངས་ཁྲག་ལ་རྩབས་འབྲེལ་རིམས་འགོག་རྔུབ་འབྱར་ཚོད་ལྟའམ་ཡང་ན་གཞན་དབང་ཁྲག་སྡོམ་ཚོད་ལྟའི་བརྟག་དཔྱད་བྱས་ན། བྱི་རིམས་F1འགོག་རྫས་ལ་དམིགས་པའི་དུག་སྲིན་འགོག་རྫས་ཐིགས་པ་ལྡབ་4ཡན་འཕར་གྱི་ཡོད།