数控机床
གྲངས་འཛིན་འཁོར་སྟེགས།

发布时间:2021年04月29日

数控机床全称数值控制机床,是一种装有程序控制系统的自动化机床,能够根据已编好的数控程序,控制机床运动,完成零件加工。自1952年问世至今的60多年中,数控机床朝着高速化、高精密化、复合化和智能化的方向不断发展,其目标是实现制造过程的完全自动化。数控机床被广泛地应用于制造业的各个领域,可分为普通数控机床和加工中心。普通数控机床的自动化程度还不够高,刀具的更换与零件的装夹仍需人工来完成。加工中心带有刀库和自动换刀装置,一次装夹可以完成多道工序的加工,自动化和复合化程度更高。


གྲངས་འཛིན་འཁོར་སྟེགས་ཀྱི་མིང་ཆ་ཚང་ལ་གྲངས་ཐང་གིས་ཚོད་འཛིན་བྱས་པའི་འཁོར་སྟེགས་ཞེས་བརྗོད་པ་དང་དེ་ནི་གོ་རིམ་ཚོད་འཛིན་མ་ལག་གི་རང་འགུལ་ཅན་གྱི་འཁོར་སྟེགས་ཤིག་ཡིན་པ་དང་བཟོ་སྐྲུན་ཟིན་པའི་གྲངས་འཛིན་གོ་རིམ་ལ་གཞིགས་ཏེ་འཁོར་སྟེགས་ཀྱི་འགུལ་སྐྱོད་ལ་ཚོད་འཛིན་དང་ལྷུ་ལག་གི་ལས་སྣོན་ལེགས་འགྲུབ་བྱེད་པ་ཞིག་ཡིན། 1952ལོར་བཀོལ་སྤྱོད་བྱས་པ་ནས་ད་བར་ལོ་60ལྷག་ཙམ་གྱི་ཁྲོད་གྲངས་འཛིན་འཁོར་སྟེགས་དེ་མྱུར་བགྲོད་ཅན་དང་ཞིབ་ཚགས་ཅན།དེ་བཞིན་མཉམ་འདུས་ཅན་དང་རིག་ནུས་ཅན་གྱི་ཁ་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་དེའི་དམིགས་ཡུལ་ནི་བཟོ་སྐྲུན་རྒྱུད་རིམ་ཁྲོད་ཆ་ཚང་རང་འཁོར་ཅན་དུ་མངོན་འགྱུར་ཐུབ་པ་བྱེད་རྒྱུ་དེ་ཡིན།གྲངས་འཛིན་འཁོར་སྟེགས་ནི་བཟོ་སྐྲུན་ལས་རིགས་ཁག་གི་ཁྲོད་རྒྱ་ཆེར་སྤྱོད་པ་དང་དེར་སྤྱིར་བཏང་གྲངས་འཛིན་འཁོར་སྟེགས་དང་ལས་སྣོན་ལྟེ་གནས་ཞེས་ཁག་གཉིས་སུ་དབྱེ་ཡོད།སྤྱིར་བཏང་གྲངས་འཛིན་འཁོར་སྟེགས་ཀྱི་རང་འཁོར་ཅན་གྱི་ཚད་གཞི་དེ་ཙམ་མཐོ་པོ་མེད་པས་བསྒར་གྲིའི་བརྗེ་འགྱུར་དང་ལྷུ་ལག་གི་སྒྲིག་སྦྱོར་ཐད་སྔར་མུས་སུ་མི་ཡིས་ལེགས་འགྲུབ་བྱེད་དགོས་ཀྱི་ཡོད།ལས་སྣོན་ལྟེ་བར་བསྒར་གྲིའི་མཛོད་ཁང་དང་རང་འགུལ་གྱིས་བསྒར་གྲི་བརྗེ་འགྱུར་གྱི་སྒྲིག་ཆས་ལྡན་ཡོད་པས་སྒྲིག་སྦྱོར་ཐེངས་གཅིག་གིས་ལས་རིམ་མང་པོའི་ལས་སྣོན་ལེགས་འགྲུབ་ཐུབ་ཀྱི་ཡོད་ཅིང་རང་འགུལ་ཅན་དང་མཉམ་འདུས་ཅན་གྱི་ཚད་གཞི་དེ་བས་མཐོ་བ་ཡོད།