当前位置: 乡村e站 > 农牧技术 > 畜牧养殖

确保规模养羊成功的关键
ལུག་ཁྱུ་གསོ་ཐབས་ལེགས་གྲུབ་ཡོང་བའི་འགག་རྩ།

发布时间:2021年08月04日

1.合理组群 入冬前,应根据羊的年龄、性别、体质等情况对羊群进行合理调整,将体质相近的羊组成一群,以便于照顾体弱羊只,及时加强补饲和就近放牧。凡久病不愈、体小瘦弱、长期空怀及生产性能低的羊应及时淘汰,育肥上市。

2.适度放牧 初冬干树叶仍比较丰富,肉羊耐寒植物也有生长,羊群经过抓秋膘精神较饱满,当晨霜被晒干后,应立即放羊出牧,晚上尽量晚归,中午不休息,让羊吃饱、吃好。放牧地应选择地势低、暖和、背风向阳处的缺水或干枯的山塘、水库、湖泊、山洼等地。严冬季节降雪较多,牧草缺乏,气温又低,应尽量少放牧,达到运动适量即可。雪后放晴,下午气温略升高后,可选择比较平坦不太陡的向阳南坡放牧。老、弱、小羊不要出牧。

3.及时补饲 在冬春枯草期,羊群仅靠放牧很难满足其营养需要,所以在冬春二季实行半日放牧、半日补饲,这样既可避免羊消耗体力,又可达到羊保膘的目的。冬春补饲干草可分早晚2次补给,干草多为花生秸、豆秸、野草等;也可补给青贮饲料。1头成年羊每天补饲干草0.5—1.0公斤或青贮饲料1—2公斤。如果羊数量少,可将草放在筐里,再把筐吊起来饲喂;肉羊数量多时,可自制草架喂草,还可把草捆起来,吊在羊能吃到的高度喂给。补饲精料可晚上一次喂给。每头成年羊每天喂0.2—0.3公斤,可用谷粉、玉米粉、米糠、豆饼等组成混合精料。要注意怀孕后期、哺乳期母羊与小羊的补饲和蛋白质、矿物质、维生素的供应。不要让羊饮死水和冰冻水。



1.ཁྱུ་སྒྲིག་ལུགས་མཐུན་བྱེད་པ། དགུན་ཁ་མ་ཤར་གོང་། ལུག་གི་ལོ་གྲངས་དང་། ཕོ་མོ། ཤ་ཤེད་བཅས་ལ་གཞིགས་ཏེ། ལུག་ཁྱུ་བསྒྲིལ་སྟངས་ལུགས་མཐུན་བྱེད་པ་དང་། ཤ་ཤེད་མཉམ་པ་ཁྱུ་ཚོ་གཅིག་ཏུ་བསྒྲིལ་ནས། ཤ་ཤེད་ཞན་པའི་ལུག་ལ་ལྟ་རྟོག་བྱེད་པ་དང་། དུས་ཐོག་ཏུ་གཟན་རྩྭ་ཁ་སྣོན་དང་ཉེ་སར་འཚོ་དགོས། ནད་གཅོང་གྱུར་ནས་གསོ་ཐབས་དཀའ་བ་དང་། ལུས་སྟོབས་ཆུང་ཞིང་ཤ་ཤེད་ཞན་པ་དང་། ཡུན་རིང་ལུ་གུ་མི་འཁོར་བ་དང་སྐྱེ་འཕེལ་ཉམས་པའི་ལུག་དུས་ཐོག་ཏུ་འདོར་བའམ་རྒྱགས་གསོ་བྱས་ནས་ཁྲོམ་རར་བཏོན་དགོས།

2.ཕྱུགས་འོས་མཚམས་འཚོ་བ། དགུན་སྟོད་ལ་ལྕང་ལོ་སྐམ་པོ་འབེལ་བ་དང་། བཤས་ལུག་གིས་གྲང་ངར་བཟོད་པའི་རྩི་ཤིང་ཡང་སྐྱེ་གི་ཡོད། ལུག་ཁྱུར་སྟོན་དུས་ཤ་ཤེད་རྒྱས་རྗེས་གྲུང་ཤ་དོད་པོ་ཡོད། དེས་ན། ཞོགས་པའི་སྨུག་སྤྲིན་ཡལ་རྗེས། དེ་མུར་ཕྱི་ལ་འཚོ་བར་འགྲོ་དགོས་པ་དང་། དགོང་མོ་ཕྱི་ཙམ་སྡོད་དགོས། ཉིན་དགུང་ངལ་མ་གསོས་པར། ལུག་རྩྭ་ཁ་ཡག་སར་རྒྱགས་ཚད་བཟའ་རུ་བཅུག་དགོས། ལུག་འཚོ་ས་ནི་ས་བབ་དམའ་བ་དང་། དྲོད་ཆེ་བ། ཉི་གཏད་རྒྱབ་ལྷགས་བཅས་ཡིན་པའི་ཆུ་དཀོན་པའམ་སྐམ་ཤས་ཆེ་བའི་ཆུ་རྫིང་དང་། ཆུ་མཛོད། མཚེའུ། རི་གཤོང་སོགས་གདམ་ག་བྱེད་དགོས། དགུན་ཨ་རང་ད་རང་དུ་གངས་བབས་ཆེ་བ་དང་། གཟན་རྩྭ་དཀོན་པ། དྲོད་ཚད་དམའ་བ་བཅས་ཀྱི་རྐྱེན་པས། ལུག་འཚོ་བར་ཉུང་ཙམ་འགྲོ་དགོས་པ་དང་འགུལ་སྐྱོད་འོས་མཚམས་བྱས་ན་འགྲིག གངས་ཆད་ནས་ནམ་མཁའ་དྭངས་བ་དང་ཕྱི་དྲོ་དྲོད་ཚད་ཕྲན་ཙམ་འཕེལ་རྗེས། ས་ཁོད་སྙོམས་ལ་གྱེན་དམ་པོ་མེད་པའི་ལྷོ་གཏད་རི་རྒྱུད་དུ་ལུག་འཚོ་བར་འགྲོ་དགོས། ན་རྒས་པ་དང། ཤེད་མ་སྐྱོ་བ། ལུག་ཕྲུག་བཅས་འཚོ་མི་རུང་།

3.དུས་ཐོག་ཏུ་གཟན་རྩྭ་ཁ་སྣོན་བྱེད་དགོས། དགུན་དཔྱིད་རྩྭ་ཁ་ཉམས་པའི་དུས་སུ། ལུག་ཁྱུ་འཚོ་བ་ཁོ་ནས་འཚོ་བཅུད་གདང་ཐབས་བྲལ། དེར་བརྟེན། དགུན་དཔྱིད་གཉིས་སུ་ཉིན་ཕྱེད་ཕྱུགས་འཚོ་བ་དང་ཉིན་ཕྱེད་གཟན་རྩྭ་ཁ་གསབ་བྱས་ན་ལུག་ལ་ངལ་དུབ་མི་ཡོང་བ་དང་ཤ་ཤེད་མི་ཤོར་བའི་དམིགས་ཡུལ་སྒྲུབ་ཐུབ། དགུན་དཔྱིད་གཉིས་སུ་གཟན་རྩྭ་སྐམ་པོ་སྔ་དགོང་ཐེངས་གཉིས་སུ་ཕྱེ་ནས་ཁ་གསབ་བྱེད་དགོས། གཟན་རྩྭ་སྐམ་པོ་ཕལ་ཆེ་བ་ནི། བྷ་དམ་དང་སྲན་མའི་སོག་མ་དང་རྩྭ་སོས་པ་སོགས་ཡིན། གཞན་ཡང་། གསོག་འཇོག་བྱས་པའི་སྔོ་གཟན་ཡང་ཁ་གསབ་བྱས་ན་འགྲིག ན་ལོན་པའི་ལུག་ལ་ཉིན་རེར་གཟན་རྩྭ་སྐམ་པོ་སྤྱི་རྒྱ་0.5ནས་1.0རམ་ཡང་ན། རྩྭ་སོས་ཉར་པ་སྤྱི་རྒྱ་1ནས་2བར་ཁ་སྣོན་བྱེད་དགོས། གལ་ཏེ་ལུག་གི་མགོ་གྲངས་ཉུང་ན་རྩྭ་དོ་པོར་སྒྲིལ་ཏེ་མཐོ་ས་ཞིག་ཏུ་བཀལ་ནས་སྦྱིན་དགོས། བཤས་ལུག་གི་མགོ་གྲངས་མང་པོ་ཡོད་སྐབས། རྩྭ་འགེལ་ས་བཟོས་ནས་སྟེར་ཆོག་པའམ་ཡང་ན། རྩྭ་ཆག་པ་བརྒྱབ་ནས་ལུག་གིས་སྙོབ་ཙམ་དུ་བཀལ་ནས་སྟེར་དགོས། གཟན་རྩྭ་སྤུས་དག་དགོང་མོ་ཐེངས་གཅིག་ཏུ་སྟེར་ཆོག་པ་དང་། ན་ལོན་པའི་ལུག་རེར་ཉིན་ལྟར་འབྲུ་ཕྱེ་དང་། ཨ་ཤོམ་གྱི་ཕྱེ་མ། སྲན་མའི་བག་ལེབ་སོགས་མཉམ་དུ་བསྲེས་པའི་གཟན་ཆག་སྤྱི་རྒྱ་0.2ནས་0.3བར་སྟེར་དགོས། མངལ་ཆགས་པའི་དུས་མཇུག་དང་འོ་མ་སྟེར་སྐབས་སུ། ལུག་གི་ཨ་མ་དང་ལུག་ཕྲུག་ལ་གཟན་རྩྭ་ཁ་སྣོན་དང་། དེ་བཞིན་སྤྲི་དཀར་དང་། གཏེར་རྒྱུ། འཚོ་བཅུད་སོགས་གདང་ངེས་སྦྱིན་རྒྱུར་དོ་སྣང་བྱེད་དགོས། ལུག་ལ་འཁྱིལ་ཆུའམ་འཁྱགས་ཆུ་སྟེར་མི་རུང་།