当前位置: 乡村e站 > 农牧技术 > 蔬菜种植

蔬菜中的污染物有何危害?
སྔོ་ཚལ་ནང་གི་སྦགས་བཙོག་དངོས་པོར་གནོད་པ་གང་དག་ཡོད་དམ།

发布时间:2021年08月05日

长期进食被农药污染的不合格蔬菜,会产生慢性农药中毒,影响人的神经功能,严重时会引起头昏多汗、全身乏力,继而出现恶心呕吐、腹痛腹泻、流涎胸闷、视力模糊、瞳孔缩小等症状。

 硝酸盐本身毒性并不大,但它在人体内可被还原成亚硝酸盐,使正常的血红蛋白氧化成高铁血红蛋白,而丧失携氧能力,导致人机体内缺氧,引起高铁血红蛋白症。亚硝酸盐还可以与人肠胃中的含氮化合物结合成致癌的亚硝胺,导致消化系统癌变。通常硝酸盐积累顺序为:叶菜类 >根菜类>葱蒜类>瓜果类>豆类>果类。烹饪的蔬菜存放时间延长,其亚硝酸盐含量明显增加,所以建议不要食用烹饪后隔夜存放的蔬菜。

 蔬菜中重金属的污染一般不会引起急性中毒反应,但其长期积累会给人类健康带来严重的潜在威胁。



ཞིང་སྨན་གྱི་སྦགས་བཙོག་ཐེབས་པའི་སྔོ་ཚལ་ཡུན་རིང་བཟས་ན། ཞིང་སྨན་གྱི་དུག་ཕོག་ནས་མིའི་དབང་རྩའི་ནུས་པར་གནོད་ཀྱི་ཡོད། ཚབས་ཆེ་བའི་སྐབས་སུ་མགོ་ཡུ་འཁོར་བ་དང་རྔུལ་ནག་མང་པོ་ཐོན་ནས་ལུས་ཤུགས་ཉམས་པ་སོགས་བྱེད་སྲིད། དེ་རྗེས་ཞེ་མེར་ལངས་ནས་སྐྱུག་པ་བསྐྱུག་པ་དང་། གྲོད་ཁོག་ན་ནས་ཤལ་བ། ཁ་ཆུ་འཛག་ནས་དབུགས་འཚང་བ། མིག་རབ་རིབ་བྱེད་པ། མིག་གི་རྒྱལ་མོ་ཆུང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། 

ཟེ་ཚྭའི་སྐྱུར་ཚྭར་དུག་ཤེད་ཆེན་པོ་མེད་ཀྱང་མིའི་ལུས་ནང་སླེབས་ན། ཟེ་ཚྭའི་སྐྱུར་ཚྭ་འབྲིང་བར་གྱུར་ནས་རྒྱུན་ལྡན་གྱི་ཁྲག་དམར་སྤྲི་དཀར་ཡལ་ཏེ་ལྕགས་མང་ཁྲག་དམར་སྤྲི་དཀར་ལ་གྱུར་ནས་གསོ་རླུང་འཐེན་ནུས་ཤོར་བ་དང་ཆབས་ཅིག་ལུས་ཀྱི་གསོ་རླུང་མི་འདང་བར་གྱུར་བ་དང་ཐ་ན་ལྕགས་མང་ཁྲག་དམར་སྤྲི་དཀར་གྱི་ནད་ཕོག་གི་ཡོད། ཟེ་ཚྭའི་སྐྱུར་ཚྭ་འབྲིང་བ་འདི་ལུས་པོའི་ཕོ་རྒྱུའི་ནང་ཏན་འདྲེས་སྦྱོར་དངོས་རྫས་དང་ཟུང་འབྲེལ་བྱས་ནས་སྐྲན་ལ་འགྱུར་བའི་ཟེ་ཚྭའི་སྐྱུར་ཚྭ་འབྲིང་བར་གྱུར་ཏེ་འཇུ་ལམ་འབྲས་སྐྲན་དུ་འགྱུར་སྲིད། རྒྱུན་གཏན་གྱི་ཟེ་ཚྭའི་སྐྱུར་ཚྭ་གསོག་པའི་བརྒྱུད་རིམ་ནི་སྔོ་ཚལ་རིགས་དང་། རྩ་བའི་ས་ཚལ་རིགས། ཙོང་སྒོག་རིགས། ཀྭ་རིགས། སྲན་རིགས། ཤིང་འབྲས་རིགས་བཅས་རེད། ཁ་ལག་བཟོ་བའི་ཚལ་རིགས་ཡུན་རིང་པོ་བཞག་ན། ཟེ་ཚྭའི་སྐྱུར་ཚྭ་འབྲིང་བ་འདུས་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་གི་ཡོད། དེར་བརྟེན་ཞག་ལུས་ཚལ་བཟའ་མི་རུང་། 

ཚལ་ནང་གི་ལྕི་བའི་ལྕགས་རིགས་ཀྱི་སྦགས་བཙོག་ལས་དོས་དྲག་རང་བཞིན་གྱི་དུག་ཕོག་པའི་ནད་རྟགས་ཐོན་མི་སྲིད། འོན་ཀྱང་ཡུན་རིང་པོ་བསགས་ན། མིའི་ལུས་པོའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད།