小学生夏季安全常识(一)
སློབ་ཆུང་སློབ་མའི་དབྱར་ཁའི་བདེ་འཇགས་རྒྱུན་ཤེས། (དང་པོ)

发布时间:2022年08月03日

外出活动如何防止中暑

中暑是人持续在高温条件下或受阳光暴晒所致,大多发生在烈日下长时间站立、劳动、集会、徒步行军时。轻度中暑会感到头昏、耳鸣、胸闷、心慌、四肢无力、口渴,恶心:重度中暑可能会伴有高烧、昏迷、痉挛等。 


户外活动如何防止中害呢?

1.喝水,大量出汗后,要及时补充水分。外出活动,尤其是远足、爬山或去缺水的地方,一定要带够充足的水,条件允许的话,还可以带些水果等解渴的食品。

2.降温,外出活动前,应该做好防晒的准备,最好准备太阳伞、遮阳帽,着浅色透气性好的服装,外出活动时一旦有中暑的征兆,要立即采取措施,寻找阴凉通风之处,解开衣领,降低体温。

3.备药,可以随身带一些仁丹、十滴水、霍香正气水等药品,以缓解轻度中暑引起的症状。如果中暑症状严重,应该立即送医院诊治。  


小学生夏季如何防雷击

一、是在下雨时要尽量远离大树,不应在大树下避雨;

二、是乘车遭遇打雷时千万不要将头手伸出窗外;

三、是打雷下雨时,不要打带有金属尖的伞,最好是用没有带有金属物件的伞;

四、是雷雨中感觉头发硬竖起时,应双脚并拢,立刻蹲下,以减少跨步电压;

五、是打雷下帮时,应关好门窗,避免直击雷与球形雷进入屋内,并且人不要离窗户太近;

六、是晾晒衣服被褥等用的铁丝,不要拉到室内或离室内太近,以免雷电流沿着铁丝进入房内,产生强大电流,造成人员伤亡;

七、是打雷和下暴雨时尽量不开启电视和电脑、不打电话和不使用水龙头。


ཕྱི་རོལ་གྱི་བྱེད་སྒོར་ཞུགས་དུས་ཚ་དུག་མི་ཕོག་པ་ཇི་ལྟར་བྱེད་དགོས་སམ།

ཚ་དུག་ཕོག་པ་ནི་མི་ཚོ་ཡུན་རིང་དྲོད་ཚད་མཐོ་བའི་ཁོར་ཡུག་གམ་ཉི་འོད་འོག་བསྡད་དྲགས་ནས་ཐོན་པ་དང་། མང་ཆེ་བ་ཉི་འོད་ཚ་པོའི་འོག་ཡུན་རིང་ལངས་པ་དང་། ངལ་རྩོལ་དང་འདུ་འཛོམས་བྱེད་པ། རྐང་ཐང་མར་སྐྱོད་པ་སོགས་བྱེད་སྐབས་ཐོན་གྱི་ཡོད། ཚ་དུག་ཡང་བ་ཕོག་ན་མགོ་ཡུར་འཁོར་བ་དང་། རྣ་ནས་སིང་སྒྲ་གྲགས་པ། དབུགས་འཚང་བ། སྙིང་གཡུག་པ། རྐང་ལག་ལ་ཤུགས་མེད་པ། ཁ་སྐོམ་པ། སྐྱུག་མེར་ལངས་བ་སོགས་བྱེད། ཚ་དུག་ཆེན་པོ་ཕོག་ན་ཚ་བ་རྒྱས་པ་དང་། དྲན་པ་ཐོར་བ། ཉྭ་གྱུར་བ་སོགས་བྱེད།

ཕྱི་རོལ་དུ་བྱེད་སྒོར་ཞུགས་སྐབས་ཚ་དུག་མི་ཕོག་པ་ཇི་ལྟར་བྱེད་དགོས་སམ།

1.ཆུ་འཐུང་དགོས། རྔུལ་ནག་མང་པོ་དོན་རྗེས་དུས་ཐོག་ཏུ་ཆུ་འཐུང་དགོས། ཕྱིར་བྱེད་སྒོར་ཞུགས་པ་དང་། ལྷག་པར་དུ་ཐག་རིང་དུ་སྐྱོད་པ་དང་རི་འཛེགས་པའམ་ཆུ་དཀོན་པའི་ས་ཆར་འགྲོ་དུས་ཆུ་འདང་ངེས་འཁྱེར་དགོས་པ་མ་ཟད། ཆ་རྐྱེན་འཛོམས་ན། ཤིང་ཏོག་སོགས་སྐོམ་སེལ་གྱི་བཟའ་བཅའ་འཁྱེར་དགོས།

2.དྲོད་ཚད་གཅོག་དགོས། ཕྱིར་མ་བསྐྱོད་གོང་དུ་ཉི་མས་མ་བསྲེག་པའི་གྲ་སྒྲིག་བྱེད་དགོས་པ་སྟེ། རབ་བྱུང་ན་ཉི་གདུགས་དང་ཞྭ་མོ་འཁྱེར་བ་དང་། ཚོས་གཞི་ཁ་དཀར་ལ་རླུང་འགྲོ་ཡག་པའི་གོས་གྱོན་དགོས། ཕྱིར་བྱེད་སྒོར་ཞུགས་དུས་ཚ་དུག་ཕོག་པའི་སྔ་བལྟས་ཐོན་ཚེ་གྲིབ་ནག་དང་རླུང་འགྲོ་ཡག་པའི་ས་ཆར་གོས་ཀྱི་མཐེབ་ཆི་བཀྲོལ་ནས་ལུས་པོའི་དྲོད་ཚད་ཆག་ཐབས་བྱེད་དགོས།

3.སྨན་གྲ་སྒྲིག་བྱེད་དགོས། ལུས་ཐོག་ཏུ་ཚ་བ་གཅོག་པའི་སྨན་ཁྱེར་ནས་ཚ་དུག་ཡང་མོ་ཕོག་པའི་ནད་རྟགས་ཞི་བར་བྱེད་དགོས། གལ་སྲིད་ཚ་དུག་ཕོག་པའི་ནད་རྟགས་ཚབས་ལྕི་ན་འཕྲལ་མར་སྨན་ཁང་དུ་སྐྱེལ་དགོས།

སློབ་ཆུང་སློབ་མས་དབྱར་ཁ་ཐོག་ཇི་ལྟར་འགོག་དགོས་སམ།

གཅིག ཆར་པ་བབ་དུས་ལྕང་སྡོང་འོག་ཆར་གཡོལ་བྱེད་རྒྱུ་མེད་པ་དང་།

གཉིས། མོ་ཊར་སྡོད་དུས་ཐོག་བརྒྱབ་ན་མགོ་བོ་སྒེའུ་ཁུང་ནས་བཏོན་རྒྱུ་མེད་པ།

གསུམ། ཐོག་རྒྱག་པ་དང་ཆར་པ་བབ་དུས་ལྕགས་རིགས་ཡོད་པའི་ཆར་གདུགས་རྒྱག་རྒྱུ་མེད། རབ་བྱུང་ན། ལྕགས་རིགས་མེད་པའི་ཉི་གདུགས་རྒྱག་དགོས་པ།

བཞི། འབྲུག་ཆར་བབ་དུས་སྐྲ་རྩ་ལངས་པའི་སྣང་བ་བྱུང་ན། འཕྲལ་མར་རྐང་པ་འགྲིམས་ནས་ཙོག་པུར་སྡོད་དགོས་པ།

ལྔ། ཐོག་རྒྱག་པ་དང་ཆར་པ་བབ་དུས་སྒོ་དང་སྒེའུ་ཁུང་ཡག་པོ་རྒྱག་པ་མ་ཟད། སྒོ་དང་སྒེའུ་ཁུང་ཡོད་སར་སྡོད་རྒྱུ་མེད་པ།

དྲུག གོས་སྐེམ་སའི་ལྕགས་སྐུད་ཁང་པའི་ནང་དང་འཁྲིས་སུ་འཁྲིད་རྒྱུ་མེད་པར་ཐོག་དང་འཁྱུག་ལྕགས་སྐུད་བརྒྱུད་ཁང་པའི་ནང་སླེབས་ནས་གློག་རྒྱུན་ཤུགས་ཆེན་པོ་ཆགས་ཏེ་མི་སྣ་འཆི་རྨས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས་པ།

བདུན། ཐོག་རྒྱག་པ་དང་དྲག་ཆར་བབ་དུས་བརྙན་འཕྲིན་དང་གློག་ཀླད་སྤར་རྒྱུ་མེད་ལ། ཁ་པར་རྒྱག་པ་དང་ཆུ་ཀ་ལ་གློད་པ་སོགས་བྱེད་རྒྱུ་མེད།