烟草对环境的污染知多少
རྡོ་ཐས་ཁོར་ཡུག་ལ་སྦགས་བཙོག་ག་ཚོད་བཟོ་ཡི་ཡོད་པ་ཤེས་སམ།

发布时间:2022年09月07日

烟头是全球随手丢弃的最常见垃圾之一,也是全世界海滩和水域边上捡到的垃圾中最常见的物品。烟草烟雾与城市的空气污染水平明显有关。

大多数香烟都是用火柴或充满气体的打火机点燃的。

如用一根木制火柴来点燃两支香烟,全球每年吸用6万亿支烟  需要砍伐约900万棵树,生产出3万亿根火柴。

电子香烟和加热烟草制品可能含有需要特殊处置的电池以及化学品,包装和其它不可生物降解材料。

目前,大多数塑料的电子烟液体烟芯是不可重复使用或回收的。跨国公司往往销售一次性的烟芯,大概是为了通过回头客来促进销售。

据估计,加工烟草产生的排放量相当于300万次跨大西洋航班。

烟草烟雾含有三种温室气体:二氧化碳、甲烷和一氧化二氮,会污染室内和室外环境。

全世界每年约有20万公顷土地用于种植和烤制烟草。烟草种植造成的森林砍伐产生了许多严重的环境后果。

·生物多样性的丧失

·土壤侵蚀和退化

·水污染

·大气中二氧化碳的增加

烟草种植通常涉及大量使用化学品,包括农药、化肥和生长调节剂。通过烟草种植区的排水,这些化学品可能会影响饮用水源。

每年生产6万亿支香烟

需要约3000亿个包装盒

假设每个空包装盒重约6克

相当于约180万吨的包装垃圾

用于分销和包装的纸箱和盒子等垃圾使每年的消费后固体垃圾总量至少达到200万吨。

 

 

 


ཐ་མག་གི་ཕྲུག་ལྷག་ནི་གོ་ལ་ཧྲིལ་པོར་ལག་ཞོར་དུ་གཡུགས་པའི་རྒྱུན་མཐོང་གི་གད་སྙིགས་གྲས་ཤིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་མཚོ་འགྲམ་དང་ཆུ་ཁོངས་འགྲམ་ནས་སྒྲུག་ཐུབ་པའི་གད་སྙིགས་ཁྲོད་མཐོང་མང་ཤོས་ཀྱི་དངོས་པོ་ཞིག་ཀྱང་ཡིན། རྡོ་ཐའི་དུ་སྨུག་དང་གྲོང་ཁྱེར་གྱི་མཁའ་རླུང་སྦགས་བཙོག་གི་ཆུ་ཚད་ཕན་ཚུན་འབྲེལ་བ་ཆེན་པོ་ཡོད། 

ཐ་མག་མང་ཆེ་བ་ནི་མུ་ཟི་དང་རླངས་གཟུགས་མེ་ལྕགས་ཀྱིས་མེ་ཁ་གསོ་ཡི་ཡོད།

གལ་ཏེ་མུ་ཟི་གཅིག་གིས་ཐ་མག་གཉིས་སྦར་བ་ཡིན་ན། གོ་ལ་ཧྲིལ་པོས་ལོ་རེར་ཐ་མག་དུང་ཕྱུར་ཁྲི་6འཐེན་ན། ཤིང་སྡོང་ཁྲི་900ཙམ་བཅད་དེ་མུ་ཟི་དུང་ཕྱུར་ཁྲི་3ཙམ་ཐོན་སྐྱེད་བྱེད་དགོས་ཀྱི་ཡོད།

གློག་རྡུལ་ཐ་མག་དང་མེ་ཁ་གསོ་བའི་རྡོ་ཐའི་ཐོན་རྫས་ནང་དམིགས་བསལ་ཐག་གཅོད་བྱེད་དགོས་པའི་གློག་རྫས་དང་དེ་བཞིན་རྫས་འགྱུར་དངོས་རྫས་དང་། ཐུམ་ཤོག  སྐྱེ་དངོས་ལ་བརྟེན་ནས་བཞུར་ཡལ་བྱེད་མི་ཐུབ་པའི་རྒྱུ་ཆ་གཞན་དག་བཅས་ཡོད་སྲིད།

མིག་སྔར། འགྱིག་གིས་གཏུམས་པའི་གློག་རྡུལ་གཤེར་གཟུགས་ཐ་མག་གི་ནང་སྙིང་མང་ཆེ་བ་ཡང་བསྐྱར་སྤྱོད་མི་རུང་བ་དང་ཕྱིར་བསྡུ་བྱེད་མི་རུང་བ་ཞིག་རེད། ཕྱི་རྒྱལ་གྱི་ཀུང་སིས་རྒྱུན་དུ་སྤྱོད་ཐེངས་གཅིག་གི་ཐ་མག་ནང་སྙིང་བཙོང་གི་ཡོད། ཕལ་ཆེར་ཚོང་ཤག་ལ་བརྟེན་ནས་ཕྱིར་འཚོང་ལ་སྐུལ་འདེད་གཏོང་གི་ཡོད་པ་འདྲ།

ཚོད་སྐོར་བྱས་པར་གཞིགས་ན། རྡོ་ཐ་ལས་སྣོན་གྱི་ཕྱིར་འབུད་བྱེད་ཚད་དེ་གྲུ་གཟིངས་ཀྱིས་ནུབ་རྒྱ་མཚོ་ཆེ་མོ་སྒྲོལ་ཐེངས་ཁྲི་300དང་གཅིག་མཚུངས་རེད། 

རྡོ་ཐའི་དུ་སྨུག་ནང་དྲོད་ཁང་རླུང་གཟུགས་རིགས་གསུམ་འདུས་ཡོད་པ་སྟེ། དབྱང་གཉིས་ཐཱན་འགྱུར་དང་། ཅ་དབན། དབྱང་གཅིག་ཏན་གཉིས་འགྱུར་རྫས་བཅས་རེད། དེ་དག་གིས་ཁང་ནང་དང་ཁང་ཕྱིའི་ཁོར་ཡུག་ལ་སྦགས་བཙོག་བཟོ་གི་ཡོད།

འཛམ་གླིང་ཡོངས་སུ་ལོ་ལྟར་ས་ཆ་སྤྱི་ཆིང་ཁྲི་20ཙམ་རྡོ་ཐ་འདེབས་འཛུགས་དང་མེ་བསྲེགས་ཐད་སྤྱོད་ཀྱི་ཡོད། རྡོ་ཐ་འདེབས་འཛུགས་བྱ་ཆེད་ནགས་ཚལ་མང་པོ་བཅད་ནས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད།

 སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཤོར་བ།

 ས་རྒྱུའི་བསླད་སྐྱོན་དང་ཞན་འགྱུར་ཐོན་པ།

 ཆུར་སྦགས་བཙོག་བཟོ་བ།

 རླུང་ཁམས་ཆེན་པོའི་ཁྲོད་ཀྱི་དབྱང་གཉིས་ཐཱན་འགྱུར་མང་དུ་སོང་བ།

རྡོ་ཐ་འདེབས་འཛུགས་བྱེད་སྐབས་སྤྱོད་མང་ཤོས་ནི་རྫས་འགྱུར་དངོས་རྫས་ཡིན་ཞིང་། དེའི་ནང་ཞིང་སྨན་དང་། རྫས་ལུད། སྐྱེ་འཚར་དོ་སྙོམས་སྨན་རྫས་སོགས་ཚུད་ཡོད།  རྡོ་ཐ་འདེབས་འཛུགས་ཁུལ་ནས་འབུད་པའི་ཆུ་དེས་མི་རྣམས་ཀྱི་འཐུང་ཆུའི་ཆུ་འགོར་སྦགས་བཙོག་བཟོ་སྲིད།

ལོ་རེར་ཐ་མག་དུང་ཕྱུར་ཁྲི་6ཐོན་སྐྱེད་བྱེད་ན། ཐུམ་སྒྲིལ་ཤོག་སྒམ་དུང་ཕྱུར་3000ཙམ་དགོས།

གལ་ཏེ་ཐུམ་སྒྲིལ་ཤོག་སྒམ་སྟོང་པ་རེར་ལྗིད་ཚད་ཁེ་6ཙམ་ཡོད་ན། ཐུམ་སྒྲིལ་ཤོག་སྒམ་གྱི་གད་སྙིགས་ཧ་ལམ་ཏུན་ཁྲི་180ཙམ་ཐོན་པ།

ལོ་ལྟར་ཁག་བགོས་བྲིན་ཚོང་དང་ཐུམ་སྒྲིལ་ལ་སྤྱོད་པའི་ཤོག་སྒམ་དང་སྒམ་ཆུང་སོགས་ཀྱི་གད་སྙིགས་ཉུང་མཐར་ཡང་ཏུན་ཁྲི་200ཟིན་གྱི་ཡོད།