一定要保护好你的小心肝!
肝不仅是身体中最大的消化器官,也是人体中一个重要的解毒器官。7月28日是“世界肝炎日”。
肝炎为什么可怕?
肝炎最常见的原因是病毒性感染,病毒性肝炎分为甲、乙、丙、丁、戊、庚六个类型。
最可怕的就是乙肝和丙肝,因为它们会导致肝硬化和肝癌。
世界卫生组织数据惊人:
全球范围内
感染乙肝及丙肝:3.25亿人,丙肝病毒:7100万人
在中国
感染乙肝或丙肝病毒:近1亿(占全球10%) 每年死于慢性乙肝感染导致的肝癌人数: 约33万人
小心肝真的会痛?
你身边是不是总有人抱怨“气得肝疼”小心肝真的会疼吗?
其实肝脏是人体唯一没有痛感神经的器官。所谓的肝疼其实是 肝区疼。肝区位于右上腹部。当肝细胞发炎、肿胀时会导致肝脏肿大,从而引起肝区疼痛。
引起肝区疼痛的原因有很多:
肝胆疾病、带状疱疹、肋间神经痛、抑郁症
守护好你的小心肝
甲肝和戊肝一般急性发病,经消化道传播。乙肝和丙肝主要经血液、性、母婴传播。乙肝和丙肝不会通过消化道和呼吸道传播。日常接触不会传播乙肝和丙肝病毒。蚊虫叮咬不会传播乙肝和丙肝病毒。
丁肝只有与乙肝病毒同时或在乙肝病毒感染基础上才可能感染。
ཁྱེད་ཀྱི་མཆིན་པར་ངེས་པར་དུ་སྲུང་སྐྱོབ་ཡག་པོ་བྱེད་དགོས།
མཆིན་པ་ནི་ལུས་པོའི་ནང་གི་འཇུ་བྱེད་དབང་པོ་ཆེ་ཤོས་ཡིན་པ་མ་ཟད། མིའི་ལུས་པོའི་ནང་གི་དུག་སེལ་དབང་པོ་གལ་ཆེན་ཞིག་ཀྱང་ཡིན། ཟླ7ཚེས28ཉིན་ནི“འཛམ་གླིང་གི་མཆིན་ཚད་ཉིན་མོ”རེད།
མཆིན་ཚད་རྒྱས་པར་སྐྲག་དགོས་དོན་གང་ཡོད་དམ།
མཆིན་ཚད་རྒྱས་པའི་རྒྱུ་རྐྱེན་གཙོ་བོ་ནི་ནད་དུག་རང་བཞིན་གྱི་ནད་འགོས་པ་དེ་ཡིན་ཞིང་། ནད་དུག་རང་བཞིན་གྱི་མཆིན་ཚད་རྒྱས་པའི་རིགས་ལ་ཀ་པ་དང་། ཁ་པ། ག་པ། ང་པ། ཅ་པ། ཆ་པ་བཅས་དྲུག་ལ་དབྱེ་ཆོག
དེའི་ནང་ཉེན་ཁ་ཆེ་ཤོས་ནི་མཆིན་ནད་ཁ་པ་དང་མཆིན་ནད་ག་པ་རེད། གང་ཡིན་ཟེར་ན། རིགས་དེ་གཉིས་ལས་མཆིན་པ་མཁྲེགས་གྱུར་དང་མཆིན་པའི་ངན་སྐྲན་ཐོན་གྱི་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲངས་གཞི་ལས་ཧང་སངས་དགོས་པ་ཞིག་ནི།
གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་། མཆིན་ནད་ཁ་པ་དང་མཆིན་ནད་ག་པ་འགོས་པའི་མི་གྲངས་དུང་ཕྱུར་3.25ཟིན་པ་དང་མཆིན་ནད་ག་པའི་ནད་དུག་འགོས་པའི་མི་གྲངས་ཁྲི་7100ཟིན་ཡོད།
ཀྲུང་གོར་མཆིན་ནད་ཁ་པའམ་ཡང་ན་མཆིན་ནད་ག་པའི་ནད་དུག་ཕོག་པའི་མི་གྲངས་དུང་ཕྱུར་1(གོ་ལ་ཧྲིལ་པོའི་10%ཟིན་པ)ཙམ་ཟིན་པ་དང་ལོ་ལྟར་མཆིན་ནད་ཁ་པའི་དལ་ནད་འགོས་ནས་མཆིན་པའི་ངན་སྐྲན་དུ་གྱུར་བའི་མི་གྲངས་ཁྲི་33ཙམ་ཟིན་ཡོད།
མཆིན་པར་དངོས་འབྲེལ་ན་ཟུག་རྒྱག་སྲིད་དམ།
ཁྱོད་ཀྱི་ཉེ་འགྲམ་དུ་མི་མང་པོ་ཞིག་གིས“ཁོང་ཁྲོ་ལངས་ནས་མཆིན་པར་ན་ཟུག་རྒྱག་བྱུང”ཞེས་བརྗོད་ཀྱི་ཡོད། མཆིན་པར་དངོས་འབྲེལ་ན་ཟུག་རྒྱག་སྲིད་དམ། དོན་དམ་དུ་མཆིན་པ་ནི་མིའི་ལུས་པོའི་ནང་ན་ཟུག་གི་ཚོར་བ་མེད་པའི་དབང་པོ་གཅིག་པུ་དེ་ཡིན།
མཆིན་པར་ན་ཟུག་རྒྱག་པ་ནི་དོན་དངོས་ཐོག་མཆིན་པ་གནས་ཁུལ་ལ་ན་ཟུག་རྒྱག་པ་ཞིག་ཡིན། མཆིན་པ་ནི་གསུས་ཁོག་གི་གཡས་སྟེང་དུ་གནས་པ་དང་། མཆིན་པའི་ཕྲ་ཕུང་ལ་གཉན་ཁ་རྒྱས་པ་དང་སྐྲངས་པའི་སྐབས་སུ་མཆིན་པ་སྐྲངས་འབོས་བྱས་ནས་མཆིན་ཁུལ་ལ་ན་ཟུག་རྒྱག་གི་ཡོད།
མཆིན་ཁུལ་དུ་ན་ཟུག་རྒྱག་པའི་རྒྱུ་རྐྱེན་ཧ་ཅང་མང་བ་སྟེ།
མཆིན་མཁྲིས་ཀྱི་ནད་དང་། ཆུ་ཐོར། རྩིབ་རུས་ཀྱི་དབང་རྩ་ན་ཟུག ཡིད་མུག་ནད་བཅས་རེད།
ཁྱེད་ཀྱི་མཆིན་པར་སྲུང་སྐྱོབ་ཡག་པོ་བྱེད་དགོས།
མཆིན་ནད་ཀ་པ་དང་མཆིན་ནད་ཅ་པ་སྤྱིར་ན་ལམ་སེང་ལངས་ནས་འཇུ་ལམ་བརྒྱུད་ཁྱབ་འགྲོ་ཡི་ཡོད། མཆིན་ནད་ཁ་པ་དང་མཆིན་ནད་ག་པ་ནི་གཙོ་བོ་ཁྲག་དང་། གཤེར་ཁུ། ཆགས་སྤྱོད། མ་བུ་བཅས་ལས་འགོས་ཀྱི་ཡོད། མཆིན་ནད་ཁ་པ་དང་མཆིན་ནད་ག་པ་དེ་འཇུ་ལམ་དང་དབུགས་ལམ་བརྒྱུད་ཁྱབ་མི་སྲིད།
རྒྱུན་ལྡན་གྱི་འབྲེལ་འདྲིས་བྱེད་སྒོ་ལས་མཆིན་ནད་ཁ་པ་དང་མཆིན་ནད་ག་པའི་ནད་དུག་འགོས་མི་སྲིད། དུག་སྦྲང་གིས་སོ་བཏབ་ནས་མཆིན་ནད་ཁ་པ་དང་མཆིན་ནད་ག་པའི་ནད་དུག་འགོས་མི་སྲིད། མཆིན་ནད་ང་པ་དེ་མཆིན་ནད་ཁ་པའི་ནད་དུག་དང་མཉམ་དུ་འགོས་པའམ་ཡང་ན་མཆིན་ནད་ཁ་པའི་ནད་དུག་འགོས་པའི་རྨང་གཞིའི་ཐོག་གཞི་ནས་འགོས་སྲིད།