校园疫情防控指南
སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕྱོགས་སྟོན།

发布时间:2022年09月15日

※ 幼儿园防护

1.在幼儿园内做好清洁和消毒工作,开窗增加空气流动

2.帮助幼儿养成良好的卫生习惯,勤洗手并揉搓够20秒

3.在幼儿园内张贴健康卫生习惯宣传海报

4.观察幼儿的情绪和心理状况,鼓励幼儿参加游戏和表达自己的感受

5.每天监测幼儿的健康情况,如有出现疑似感染症状,及时通知家长并向幼儿园报告

※ 中小学防护

1.做好口罩、洗手液、消毒剂等防疫物资储备,制定应急工作预案

2.每日掌握教职员工及学生健康情况,加强对学生的晨、午检查工作

3.加强餐具的清洁消毒,餐具应当一人一具一用一消毒,建议学生自带餐具

4.对教职员工、学生和家长开展个人防护与消毒等防控知识宣传和指导

5.鼓励教职员工采用网络化、无纸化办公,减少近距离接触

※ 高校防护

1.按照学校的防疫要求进行健康监测

2.符合疫苗接种条件的学生应在学校安排下有序进行疫苗接种

3.在教室、图书馆、食堂等场所时与他人保持一米以上安全社交距离

4.保持宿舍卫生清洁、定期通风定期晾晒、洗涤被褥及个人衣物

5.科学运动,确保睡眠充足,增强身体免疫力


བུ་བཅོལ་ཁང་གི་འགོག་སྲུང་།

1.བུ་བཅོལ་ཁང་དུ་གཙང་སྦྲ་དང་དུག་སེལ་གྱི་ལས་ཀ་ཡག་པོ་བྱེད་དགོས་པ་དང་། སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས།

2.བྱིས་པར་གཙང་སྦྲའི་གོམས་གཤིས་འཇགས་པ་བྱས་ནས་ལག་པ་ཡང་སེ་འཁྲུད་དགོས་པ་མ་ཟད། འཕུར་འཕུར་སྐར་ཆ་20ཙམ་གཏོང་དགོས།

3.བུ་བཅོལ་ཁང་དུ་གཙང་སྦྲ་ཡག་པོ་བྱེད་དགོས་པའི་བརྡ་ཁྱབ་སྦྱར་དགོས།

4.བྱིས་པའི་རྣམ་འགྱུར་དང་སེམས་ཁམས་ལ་རྟོག་ཞིབ་བྱས་ནས་བྱིས་པར་རོལ་རྩེད་ནང་ཞུགས་སུ་བཅུག་སྟེ་རང་གི་མྱོང་ཚོར་ཤོད་དུ་འཇུག་དགོས།

5.ཉིན་ལྟར་བྱིས་པའི་བདེ་ཐང་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་དགོས་པ་དང་། གལ་སྲིད་རིམས་ནད་འགོས་པའི་ནད་རྟགས་འདྲ་པོ་ཡོད་ཚེ་འཕྲལ་མར་ཁྱིམ་བདག་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད། བུ་བཅོལ་ཁང་དུ་སྙན་སེང་ཞུ་དགོས།

སློབ་གྲྭ་འབྲིང་ཆུང་གི་འགོག་སྲུང་།

1.ཁ་རས་དང་། ལག་འཁྲུད་གཤེར་ཁུ། དུག་སེལ་སྨན་སོགས་རིམས་འགོག་དངོས་ཟོག་གྲ་སྒྲིག་བྱས་ནས་འཕྲལ་སྡོམ་ལས་དོན་གྱི་སྔོན་ཇུས་བཟོ་དགོས།

2.ཉིན་ལྟར་དགེ་རྒན་ལས་བཟོ་དང་དེ་བཞིན་སློབ་མའི་བདེ་ཐང་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་སློབ་མའི་ཞོགས་ཟས་དང་དགུང་ཟས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

3.ལྟོ་སྣོད་ལ་གཙང་སྦྲ་དང་དུག་སེལ་ལས་དོན་ཡག་པོ་བསྒྲུབས་ནས་མི་རེར་ལྟོ་སྣོད་རེ་དང་དུག་སེལ་ཐེངས་རེ་བྱས་ཏེ། སློབ་ཕྲུག་ལ་རང་ཉིད་ཀྱི་ལྟོ་སྣོད་འཁྱེར་དགོས་པའི་གྲོས་འགོ་འདོན་དགོས།

4.དགེ་རྒན་ལས་བཟོ་དང་། སློབ་ཕྲུག ཁྱིམ་བདག་བཅས་ལ་མི་སྒེར་གྱི་འགོག་སྲུང་དང་དུག་སེལ་སོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་དགོས།

5.དགེ་རྒན་ལས་བཟོར་དྲ་རྒྱ་ཅན་དང་ཤོག་བུ་སྤྱོད་དགོས་མེད་པའི་གཞུང་དོན་སྒྲུབ་སྟངས་སྤྱད་དེ། ཉེ་ས་ནས་འབྲེལ་གཏུག་བྱེད་རྒྱུ་ཉུང་དུ་གཏོང་དགོས།

མཐོ་སློབ་ཀྱི་འགོག་སྲུང་།

1.སློབ་གྲྭའི་རིམས་འགོག་བླང་བྱ་གཞིར་བཟུང་བདེ་ཐང་བརྟག་དཔྱད་བྱེད་དགོས།

2.རིམས་འགོག་སྨན་ཁབ་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་སློབ་མ་ཡིན་ན་སློབ་གྲྭའི་བཀོད་སྒྲིག་འོག་གོ་རིམ་བཞིན་རིམས་འགོག་སྨན་ཁབ་རྒྱག་དགོས།

3.སློབ་ཁང་དང་། དཔེ་མཛོད་ཁང་། ཟ་ཁང་སོགས་སུ་མི་གཞན་དང་སྨི་གཅིག་ཡན་གྱི་བར་ཐག་འཇོག་དགོས།

4.ནམ་ཞག་རྒྱུན་དུ་ཉལ་ཁང་གི་གཙང་སྦྲ་ཡག་པོ་ཡོང་བ་དང་། དུས་བཀག་བཞིན་རླུང་འགྲོ་ཡག་པོ་ཡོང་བ་དང་ཉལ་ཆས་སོགས་ཉི་མར་གཏོང་བ། ཕོ་ཁེབས་ཀྱི་ཤུབས་དང་མི་སྒེར་གྱི་གྱོན་གོས་འཁྲུད་པ་སོགས་བྱེད་དགོས།

5.ཚན་རིག་དང་མཐུན་པའི་སྒོ་ནས་སྦྱོང་བརྡར་བྱས་ཏེ་གཉིད་འདང་ངེས་ཁུག་སྟེ་གཟུགས་པོའི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས།