预防结核病远离亚健康
འདུས་འདྲིལ་གཅོང་ནད་སྔོན་འགོག་བྱས་ནས་གཟུགས་གཞི་བདེ་ཐང་ཡོང་བ་བྱེད་དགོས།

发布时间:2022年09月19日

·3月24日世界防治结核病日

·随着现代社会的发展,身心压力大、生活习惯不良,年轻人群已成为结核病易感易发群体,需要引起重视。

·世界卫生组织发布的《2021年全球结核病报告》显示,据估算2020年全球结核潜伏感染人群接近 20亿,新发结核病患者987  万人。中国新发结核病患者84.2 万人。 

·专家提醒

远离结核病,预防首当其冲,还要做到早发现、早诊断。

预防结核病,要增强抵抗力、远离亚健康,平时应做到生活规律、营养均衡、戒烟限酒,还要保持乐观情绪,积极锻炼身体。

定期体检也很重要,发现肺部有异常病灶,切莫大意,应及时到结核病专科医院就诊。

确诊患者通过早期发现、规范彻底治疗、严格遵医嘱用药,大多数都可以治愈。


ཟླ་3ཚེས་24ཉིན་ནི་འཛམ་གླིང་གི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོ་རེད།

དེང་གི་དུས་སུ་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་སྦྲགས། ལུས་སེམས་གཉིས་ཀའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་འཚོ་བའི་གོམས་གཤིས་ངན་པའང་འཇགས་སྟབས། ན་གཞོན་མི་ཚོགས་དེ་ཉིད་འདུས་འདྲིལ་གཅོང་ནད་ཕོག་སླ་བའི་མི་ཚོགས་ཞིག་ཏུ་གྱུར་པར་མཐོང་ཆེན་བྱེད་དགོས་ཀྱི་ཡོད།

རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་པ།

འདུས་འདྲིལ་གཅོང་ནད་མི་ཕོག་པ་བྱེད་པར། དང་ཐོག་སྔོན་འགོག་གཙོ་བོ་བྱེད་དགོས་ཤིང་། དེ་ནས་སྔ་ཙམ་ནས་ཤེས་རྟོགས་ཐུབ་པ་དང་སྔ་ཙམ་ནས་བརྟག་དཔྱད་ཐུབ་པའང་བྱེད་དགོས།

འདུས་འདྲིལ་གཅོང་ནད་སྔོན་འགོག་བྱེད་པར། ནད་འགོག་ནུས་པ་ཆེ་རུ་གཏོང་བ་དང་གཟུགས་གཞི་བདེ་ཐང་ཡོང་བ་བྱེད་དགོས་ཤིང་། དུས་རྒྱུན་དུ་འཚོ་བའི་ཆོས་ཉིད་དང་། འཚོ་བཅུད་དོ་མཉམ། ཐ་མག་གཅོད་པ། ཨ་རག་ཚོད་འཛིན་བཅས་བྱེད་དགོས་པ་མ་ཟད། རྒྱུན་དུ་བློ་བདེ་བག་ཕེབས་ཡོང་བ་དང་གཟུགས་པོར་སྦྱོང་བརྡར་ཡག་པོའང་བྱེད་དགོས།

དུས་བཀག་ལྟར་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་དེའང་གལ་ཆེན་པོ་ཞིག་ཡིན་ཞིང་། གློ་བར་རྒྱུན་མིན་གྱི་ནད་གཅོང་ཡོད་པ་ཤེས་སྐབས་སྣང་ཆུང་གཏན་ནས་མི་བྱེད་པར། དུས་ཐོག་ཏུ་འདུས་འདྲིལ་གཅོང་ནད་ཀྱི་ཆེད་ཚན་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སྐྱོད་དགོས།

སྔ་ཙམ་ནས་ཤེས་རྟོགས་ཡོང་བར་བྱེད་པ་དང་། ཚད་དང་མཐུན་པའི་སྒོ་ནས་སྨན་བཅོས་མཐར་ཕྱིན་པ་བྱེད་པ། སྨན་པའི་བཀའ་བཀོད་ལྟར་སྨན་གཏོང་བ་བཅས་བརྒྱུད་ནད་རྩད་ཆོད་པའི་ནད་པ་མང་ཆེ་བ་དྲག་སྐྱེད་ཡོང་གི་ཡོད།