2022年爱国卫生月知识(一)
2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་ཤེས་བྱ། (གཅིག)

发布时间:2022年09月19日

什么是爱国卫生运动

爱国卫生运动是指发挥国家,集体,个人的协调作用,运用群众路线的方法,组织社会力量,进行除害灭病,革除陋习,增强社会卫生意识,改造自然、改善环境,消除影响危害健康因素,提高全民生活质量,卫生素质及健康水平的卫生活动。 

2022爱国卫生月主题 

文明健康,绿色环保 

2022年活动内容

深化科普活动,让文明健康理念逐步深入人心 

强化实践活动,让低碳环保生活走进千家万户 

持续共建活动,让绿色家园环境更加整洁靓丽 

开展主题活动,全面展示爱国卫生运动70周年伟大成就 

爱国卫生运动的起源

早在土地革命战争和抗日战争时期,中央苏区、陕甘宁边区就已经开展了群众性卫生运动,号召广大群众举行防疫卫生运动,执行防疫条例,预防各种瘟疫发生,保障群众的健康。20世纪30年代中央苏区成立了卫生委员会,发动广大群众开展卫生运动,消灭疾病。1941年陕甘宁边区成立了防疫委员会、开展以灭蝇、灭鼠,防止鼠疫、霍乱为中心的军民卫生运动。


གང་འདྲ་ཞིག་ལ་རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་ཟེར་རམ།

རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་ཞེས་པ་ནི་རྒྱལ་ཁབ་དང་། ཐུན་མོང་།  མི་སྒེར་བཅས་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་དང་། མང་ཚོགས་ཀྱི་འཐབ་ལམ་གྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནོད་སེལ་ནད་བཅོས་དང་། གོམས་སྲོལ་ངན་རིགས་སྒྱུར་བ། སྤྱི་ཚོགས་ཀྱི་འཕྲོད་བསྟེན་འདུ་ཤེས་ཟབ་ཏུ་གཏོང་བ། རང་བྱུང་ཁམས་དང་ཁོར་ཡུག་བསྒྱུར་བཀོད་བྱེད་པ། བདེ་ཐང་ལ་གནོད་པའི་རྒྱུ་རྐྱེན་སེལ་བ། དམངས་ཡོངས་ཀྱི་འཚོ་བའི་སྤུས་ཚད་དང་། འཕྲོད་བསྟེན་གྱི་བྱང་ཚད། བདེ་ཐང་གི་ཆུ་ཚད་བཅས་མཐོ་རུ་གཏོང་བའི་འཕྲོད་བསྟེན་གྱི་བྱེད་སྒོ་ཞིག་རེད། 

2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བརྗོད་དོན་གཙོ་བོ།

ཤེས་དཔལ་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་།

2022ལོའི་བྱེད་སྒོའི་ནང་དོན།

ཚན་རིག་ཁྱབ་གདལ་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཤེས་དཔལ་དང་བདེ་ཐང་གི་འདུ་ཤེས་རིམ་བཞིན་མི་སེམས་ལ་གཏིང་ཟབ་ཟུག་པར་བྱེད་པ་དང་།

ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བྱེད་པ།

མཉམ་སྐྲུན་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་ལྗང་མདོག་ཁྱིམ་གཞིས་ཀྱི་ཁོར་ཡུག་སྔར་བས་གཙང་སྦྲ་དོད་དུ་གཏོང་བ།

བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས་ལོ་70འཁོར་བའི་རླབས་ཆེན་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱེད་པ།

རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་འབྱུང་ཁུངས།

ས་ཞིང་གསར་བརྗེའི་དམག་འཁྲུག་དང་རི་འགོག་དམག་འཁྲུག་གི་དུས་སྐབས་སུ་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་དང་ཧྲའན་ཀན་ཉིང་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་མང་ཚོགས་རང་བཞིན་གྱི་འཕྲོད་བསྟེན་ལས་འགུལ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་རིམས་འགོག་འཕྲོད་བསྟེན་གྱི་ལས་འགུལ་དང་། རིམས་འགོག་སྐོར་གྱི་སྲོལ་ཡིག་ལག་བསྟར། ནད་ཡམས་སྣ་ཚོགས་མི་ཡོང་བའི་སྔོན་འགོག མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཡོང་བའི་འགན་ལེན་བཅས་བྱ་དགོས་པའི་འབོད་སྐུལ་བྱས་ཡོད། དུས་རབས20པའི་ལོ་རབས30པར་ཀྲུང་དབྱང་སུའུ་ཝེ་ས་ཁུལ་དུ་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་བཙུགས་ཏེ། རྒྱ་ཆེའི་མང་ཚོགས་ལ་འཕྲོད་བསྟེན་ལས་འགུལ་སྤེལ་ནས་ནད་རིགས་རྩ་མེད་དུ་གཏོང་རྒྱུའི་སྐུལ་སློང་བྱས་ཡོད། 1941ལོར་ཧྲའན་ཀན་ཉིང་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་རིམས་འགོག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། སྦྲང་ནག་དང་བྱི་བ་མེད་པ་བཟོ་བ་དང་། བྱི་རིམས་དང་སྐྱུག་བཤལ་ནད་འབུ་འགོག་པ་གཙོ་བོར་བྱས་པའི་དམག་དམངས་ཀྱི་འཕྲོད་བསྟེན་ལས་འགུལ་སྤེལ་ཡོད།