2022年爱国卫生月知识(三)
2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་ཤེས་བྱ།(གསུམ།)

发布时间:2022年09月19日

爱国卫生二十四字方针

政府组织  地方负责  部门协调  群众动手  科学指导  社会监督 

为什么要搞好环境卫生

环境卫生对人的身体健康有很大影响,环境卫生状况不好时,空气中会飘散着灰尘,这灰尘可能携带病菌、病毒等病微生物,人吸入后就会生病,如果居住环境不仅有灰尘,还有污水、杂草、禽畜粪便,垃圾等对人的健康危害更大,所以保持环境卫生对人的身体健康、生活质量都有很大益处。 

除四害:

灭老鼠、灭蚊子、灭苍蝇、灭蟑螂 

树立卫生意识养成卫生习惯 

自觉维护城市环境卫生

搞好工作场所的卫生

保持家庭环境卫生

注意个人卫生


རྒྱལ་གཅེས་འཕྲོད་བསྟེན་གྱི་བྱེད་ཕྱོགས།

སྲིད་གཞུང་གིས་སྒྲིག་འཛུགས་དང་། ས་གནས་ཀྱིས་འགན་འཁུར་བ། སྡེ་ཚན་གྱིས་མཐུན་སྦྱོར། མང་ཚོགས་ཀྱིས་སྒྲུབ་པ། ཚན་རིག་དང་མཐུན་པའི་མཛུབ་ཁྲིད། སྤྱི་ཚོགས་ཀྱིས་ལྟ་སྐུལ་བཅས་བྱེད་པ་ཡིན།

ཁོར་ཡུག་གཙང་སྦྲ་ཡག་པོ་བྱེད་དགོས་དོན་གང་ཡིན་ནམ།

ཁོར་ཡུག་གཙང་སྦྲས་གཟུགས་གཞིའི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ཁོར་ཡུག་གཙང་སྦྲ་ཡག་པོ་མེད་སྐབས། ཁ་རླུང་ཁྲོད་ཐལ་རྡུལ་འཕྱུར་བ་དང་། ཐལ་རྡུལ་ནང་ནད་འབུ་དང་ནད་དུག་སོགས་ཀྱི་སྐྱེ་དངོས་ཕྲ་རབ་ཡོད་སྲིད་པས།  མིས་དེ་རྔུབ་ཚེ་ནད་གཞི་འབྱུང་སྲིད། གལ་ཏེ་སྡོད་སའི་ཁོར་ཡུག་ལ་ཐལ་རྡུལ་ཡོད་པ་མ་ཟད། ད་དུང་བཙོག་ཆུ་དང་། རྩྭ་ངན། ཕྱུགས་ཀྱི་གཅིན་པ་དང་། ལྕི་བ། གད་སྙིགས་སོགས་ཡོད་ཚེ། མིའི་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཕོག་གི་ཡོད།  དེར་བརྟེན་ཁོར་ཡུག་ལ་གཙང་སྦྲ་རྒྱུན་འཁྱོངས་བྱས་ན་གཟུགས་གཞིའི་བདེ་ཐང་དང་འཚོ་བའི་སྤུས་ཚད་ལ་ཕན་ཐོགས་ཆེན་པོ་ཡོད།

གནོད་འཚེ་བཞི་སེལ་བ།

བྱི་བའི་གནོད་འཚེ་དང་། དུག་སྦྲང་གི་གནོད་འཚེ། སྦྲང་ནག་གི་གནོད་འཚེ། འབུ་ཀྲང་ལང་གི་གནོད་འཚེ་བཅས་སེལ་རྒྱུ་དེ་རེད།

འཕྲོད་བསྟེན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་འཇགས་པ་བྱེད་དགོས་ཤིང་། གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་རང་འགུལ་ངང་སྲུང་སྐྱོང་དང་། ལས་ཀ་བྱེད་སར་གཙང་སྦྲ་ཡག་པོ། ཁྱིམ་གྱི་གཙང་སྦྲ་རྒྱུན་འཁྱོངས་དང་། མི་སྒེར་གྱི་གཙང་སྦྲར་དོ་སྣང་བཅས་བྱེད་དགོས།