环境保护科普知识
ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཚན་རིག་ཁྱབ་གདལ་ཤེས་བྱ།

发布时间:2022年09月19日

1、二十一世纪公民绿色行为

亲近大自然,爱护每块绿地,积极参加植树活动。改变不利于环境的饮食习惯,使用可再生的材料,关心并积极参加科技事业,使之成为改善环境状况的动力。从事每一项活动时,都会充分考虑其对环境的影响,并采取预防措施。 

2、城市绿地——人类之肺

城市绿地的功能:

一是净化空气。吸收大气中的二氧化碳、氟化氢、氨、氯等有毒有害气体,100平方米草地10个小时可吸收二气化碳1500克,同时放出氧气100克。

二是调节大气温度。1公顷草坪每天约蒸发水份6300千克,使空气温度增加5-9%。

三是吸尘杀菌。绿地较大的广场能降低噪声20-30分贝。 

3、室内空气污染有哪些?

人的一生大约有80%以上的时间是在室内度过的,你知道一般空气污染有哪些吗?

(1)    燃烧物: 煤炉、煤气炉灶、室内吸烟产生有毒有害气体;

(2)    生物学物质: 冰箱、冷却系统内繁殖的细菌、空调过滤器滋生的真菌、尘埃中生长的尘螨以及室内外带进的花粉等;

(3)    化学残留物: 各类杀虫剂、家庭装潢或家具胶合板中释放的苯、甲醛等;

(4) 放射物质: 房屋建筑中使用的水泥、大理石等材料中释放氡(据调查,人类目前所知的放射性污染有54%来自氡)。


1.དུས་རབས་ཉེར་གཅིག་པའི་སྤྱི་དམངས་ཀྱི་ལྗང་མདོག་བྱ་སྤྱོད།

རང་བྱུང་ཁམས་ལ་ཉེ་བཅར་དང་། སྔོ་ལྗང་ལ་གཅེས་འཛིན། ལྕང་འཛུགས་བྱེད་སྒོར་ཧུར་ཐག་ཞུགས་དགོས།  ཁོར་ཡུག་ལ་གནོད་པའི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་བ་དང་། བསྐྱར་སྐྱེ་ཐུབ་པའི་རྒྱུ་ཆ་སྤྱོད་པ། ཚན་རྩལ་བྱ་གཞག་ལ་དོ་འཁུར་བྱས་ཤིང་། དེ་དག་ཁོར་ཡུག་ལེགས་སུ་གཏོང་བའི་འགུལ་ཤུགས་སུ་འགྱུར་བ་བྱེད་དགོས། བྱེད་སྒོ་གང་ཞིག་སྤེལ་ཡང་དེས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་བསམ་གཞིག་གང་ཐུབ་བྱེད་པ་དང་སྦྲགས། སྔོན་འགོག་གི་བྱ་ཐབས་སྤྱོད་དགོས།

2.གྲོང་ཁྱེར་གྱི་སྔོ་ལྗང་དང་མིའི་རིགས་ཀྱི་གློ་བ།

གྲོང་ཁྱེར་གྱི་སྔོ་ལྗང་གི་བྱེད་ནུས།

གཅིག་ནས་མཁའ་རླུང་གཙང་བཟོ་ཐུབ་པ། རླུང་ཁམས་ཆེན་མོའི་ཁྲོད་ཀྱི་དབྱང་གཉིས་ཐན་འགྱུར་དང་། ཧྥུའུ་འགྱུར་ཆིང་། ཨན། ལུའུ་སོགས་དུག་ལྡན་གནོད་ལྡན་རླུང་གཟུགས་བསྡུ་ལེན་བྱེད་པ་སྟེ། སྨི་ངོས་གྲུ་100རེའི་སྤང་ལྗོངས་ཀྱིས་ཆུ་ཚོད་10ནང་རླུང་གཉིས་ཐན་འགྱུར་ཁེ་1500བསྡུ་ཐུབ་པ་དང་སྦྲགས། དབྱང་རླུང་ཁེ་100གློད་ཐུབ་ཀྱི་ཡོད།

གཉིས་ནས་རླུང་ཁམས་ཆེན་མོའི་དྲོད་ཚད་སྙོམས་སྒྲིག་ཐུབ་པ། སྤང་ལྗོངས་སྤྱི་ཆིང་1ནས་ཉིན་ལྟར་ཆུ་སྟོང་ཁེ་6300གློད་ཀྱི་ཡོད་པས། མཁའ་རླུང་གི་གཤེར་ཚད་5%ནས་9%འཕར་གྱི་ཡོད།

གསུམ་ནས་རྡུལ་འཇགས་པ་དང་ནད་འབུ་སེལ་ཐུབ་པ། ལྤང་ལྗོངས་ཅུང་རྒྱ་ཆེ་བའི་ཐང་ཆེན་གྱིས་ཧྥན་པེ་20ནས་30བར་གྱི་འཛེར་སྒྲ་གཅོག་ཐུབ་ཀྱི་ཡོད།

3.ཁང་པའི་ནང་གི་མཁའ་རླུང་སྦགས་བཙོག་གང་དག་ཡོད་དམ།

མིའི་མི་ཚེ་གཅིག་གི་80%ཡན་གྱི་དུས་ཚོད་ཁང་པའི་ནང་སྐྱེལ་གྱི་ཡོད། ཁྱེད་ཀྱིས་སྤྱིར་བཏང་གི་མཁའ་རླུང་སྦགས་བཙོག་གང་དག་ཡོད་པ་ཤེས་སམ།

(1)འབུད་རྫས་དངོས་པོ་སྟེ། རྡོ་སོལ་ཐབ་དང་། སོལ་རླངས་ཐབ། ཐ་མག་བཅས་ཀྱིས་དུག་ལྡན་རླངས་གཟུགས་ཐོན་གྱི་ཡོད་པ་དང་།

(2)སྐྱེ་ཁམས་རིག་པའི་དངོས་པོ་སྟེ། འཁྱག་སྒམ་དང་གྲང་བཟོའི་ཡོ་བྱད་ནང་དུ་འབུ་ཕྲ་ཆགས་པ་དང་། མཁའ་རླུང་སྙོམས་སྒྲིག་གི་འཚག་ཆས་ནང་དུ་ཧམ་སྤུ་རྒྱག་པ། ཐལ་རྡུལ་ཁྲོད་དུ་ནད་འབུ་ཆགས་པ། དེ་བཞིན་ཁང་པའི་ཕྱི་ནང་དུ་མེ་ཏོག་གི་ཟེའུ་རྡུལ་འཁྱེར་ཡོང་བ།

(3)རྫས་འགྱུར་གྱི་རོ་ཏོ་སྟེ། གནོད་འབུ་གསོད་སྨན་དང་ཁང་པའི་མཛེས་བཟོའམ་ནང་ཆས་ཀྱི་འབྱར་འགྱིག་ནས་རྫས་འགྱུར་དངོས་པོ་པོན་དང་ཅྭ་ཆོན་སོགས་དུག་ལྡན་དངོས་པོ་གློད་པ།

(4)གྱེད་འཕྲོའི་དངོས་པོ་སྟེ། ཁང་པ་རྒྱག་དུས་སྤྱད་པའི་ཨར་འདམ་དང་རྡོ་ཀ་མ་རུ་སོགས་ནས་རྫས་འགྱུར་དངོས་པོ་ཏུང(བརྟག་དཔྱད་བྱས་པར་གཞིགས་ན། མིའི་རིགས་ཀྱིས་ད་བར་ཤེས་པའི་གྱེད་འཕྲོའི་རང་བཞིན་གྱི་སྦགས་བཙོག་54%ཏུང་ནས་འབྱུང་བ)གློད་ཀྱི་ཡོད་པ་རེད།