什么是科普?
གང་ཞིག་ལ་ཚན་རྩལ་ཁྱབ་གདལ་ཟེར་རམ།

发布时间:2022年09月19日

科普是科学技术普及的简称。人类的科学和技术活动包括两个方面: 一是科学技术的研究与开发; 二是科学技术的传播与人才培养。因此科普是科技工作的重要组成部分。科普就是把人类研究开发的科学知识、科学方法,以及融化于其中的科学思想和科学精神,通过多种方法、多种途径传播到社会的方方面面,使之为公众所理解,用以开发智力,提高素质,培养人才,发展生产力,并使公众有能力参与科技政策的决策活动,促进社会的物质文明和精神文明建设。 

科普的对象是人,科普的目标是提高人的科学素质,科普的过程是用科学技术知识和技能武装人,用科学思想、科学精神、科学方法培育人的过程,科普促进物质文明和精神文明的功能是通过提高人的科学素质来实现的。从这个意义上讲,科普和教育一样是培养人的一种社会活动。科普工作是国家基础建设和基础教育的重要组成部分,是一项意义深远的宏大社会工程。


 ཚན་རྩལ་ཁྱབ་གདལ་ཟེར་བ་ནི་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བའི་བསྡུས་མིང་ཡིན། མིའི་རིགས་ཀྱི་ཚན་རིག་དང་ལག་རྩལ་གྱི་བྱེད་སྒོའི་ནང་ཕྱོགས་གཉིས་ཚུད་ཡོད་སྟེ། གཅིག་ནི་ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུ་དང་། གཉིས་ནི་ཚན་རིག་ལག་རྩལ་ཁྱབ་གདལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། དེར་བརྟེན་ཚན་རིག་ཁྱབ་གདལ་ནི་ཚན་རྩལ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཚན་རིག་ཁྱབ་གདལ་ནི་མིའི་རིགས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཚན་རིག་གི་བསམ་བློ་དང་ཚན་རིག་གི་བྱེད་ཐབས་དང་དེ་བཞིན་དེའི་ནང་འདུས་པའི་ཚན་རིག་གི་བསམ་བློ་དང་ཚན་རིག་གི་སྙིང་སྟོབས་ཐབས་ཤེས་དང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ལ་ཁྱབ་གདལ་བཏང་ནས་སྤྱི་དམངས་ཀྱིས་བསམ་ཤེས་ཐུབ་པ་དང་རིག་སྟོབས་གསར་སྤེལ་དང་། བྱང་ཚད་མཐོར་གཏོང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐོག་སྤྱོད་པ་དང་འབྲེལ་སྤྱི་དམངས་ཚན་རྩལ་སྲིད་ཇུས་ནང་ཞུགས་པའི་ནུས་པ་ཡོད་པ་བྱས་ཏེ། སྤྱི་ཚོགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་གཏོང་བ་དེ་ཡིན།

ཚན་རྩལ་ཁྱབ་གདལ་གཏོང་ཡུལ་ནི་མི་དང་། ཚན་རྩལ་ཁྱབ་གདལ་གྱི་དམིགས་ཡུལ་ནི་མིའི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན་ཞིང་། ཚན་རྩལ་ཁྱབ་གདལ་གྱི་བརྒྱུད་རིམ་ནི་ཚན་རིག་ལག་རྩལ་ཤེས་བྱ་དང་རྩལ་ནུས་ལ་བརྟེན་ནས་མིར་དྲག་ཆས་སྤྲོས་པ་དང་། ཚན་རིག་དང་མཐུན་པའི་བསམ་བློ་དང་། ཚན་རིག་མཐུན་པའི་སྙིང་སྟོབས། ཚན་རིག་དང་མཐུན་པའི་བྱེད་ཐབས་བཅས་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་སྤྱད་དེ་ཚན་རིག་ཁྱབ་གདལ་གྱི་སྒོ་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལ་སྐུལ་འདེད་གཏོང་བའི་ནུས་པ་ནི་མིའི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་ཐོག་ནས་མངོན་འགྱུར་བྱེད་ཀྱི་ཡོད། དོན་སྙིང་འདིའི་ཐོག་ནས་བརྗོད་ན། ཚན་རྩལ་ཁྱབ་གདལ་དང་སློབ་གསོ་དང་འདྲ་བར་མི་གསོ་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་རེད། ཚན་རྩལ་ཁྱབ་གདལ་གྱི་ལས་ཀ་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་རྨང་གཞིའི་སློབ་གསོའི་གལ་ཆེའི་གྲུབ་ཆ་ཞིག་རེད་ལ། དོན་སྙིང་ཆེན་པོ་ལྡན་པའི་སྤྱི་ཚོགས་ཀྱི་བརྗིད་ཆེའི་འདུ་འགོད་ཞིག་ཀྱང་རེད་།