什么是结核病?
是由结核杆菌感染引起的慢性传染病。
可以发生在身体除了头发和牙齿以外的任何部位,结核病患者中约85%是肺结核。
结核病的常见症状有哪些?
咳嗽咳痰、乏力、午后低热、胸痛、食欲不振。
主要传播途径有哪些?
◆ 空气传播
肺结核病人通过咳嗽、打喷嚏等将结核菌播散到空气中,健康人吸入带有结核菌的飞沫即可能受到感染。
◆ 气溶胶传播
散落在地面、衣物或其他物体上的结核菌被健康人吸入肺泡,导致感染。
◆ 食物传播
与结核病人合用餐具或吃病人剩下的食物 易食入结核菌。
可以怎么预防?
为儿童接种卡介苗;
定时开窗通风,保持室内空气新鲜;
尽量不前往结核病人聚集场所,包括结核病医院等;
注重卫生细节,如勤洗手、做好消毒工作、注意不与结核病患者合用餐具等。
ཅི་ཞིག་ལ་འདུས་འདྲིལ་གཅོང་ནད་ཟེར།
.དེ་ནི་འདུས་འདྲིལ་ནད་དུག་འགོས་པ་ལས་ཕོག་པའི་གཅོང་ནད་རང་བཞིན་གྱི་འགོས་ནད་ཅིག་རེད།
.གཟུགས་པོའི་སྐྲ་དང་སོ་ཕུད་དེ་མིན་དབང་པོར་ནད་དེ་ཕོག་གི་ཡོད། དེའི་ཁྲོད་ཀྱི་85%ནི་འདུས་འདྲིལ་གཅོང་ནད་ཡིན།
འདུས་འདྲིལ་གཅོང་ནད་ཀྱི་རྒྱུན་མཐོང་ནད་རྟགས་གང་དག་ཡོད།
གློ་བརྒྱབ་ནས་ལུད་པ་གོག་པ་དང་། ལུས་པོར་ཤུགས་མེད་པ། ཕྱི་དྲོ་ཚ་བ་ཆུང་ངུ་རྒྱག་པ། བྲང་ཁར་ཟུག་རྒྱག་པ། ཟས་ཀྱི་དང་ག་མེད་པ་བཅས་ཡིན།
གཙོ་བོ་གང་ནས་འགོ་ཡི་ཡོད་དམ།
▲མཁའ་རླུང་ནས་འགོ་བ།
འདུས་འདྲིལ་གཅོང་ནད་ཕོག་མཁན་གྱིས་གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་པ་སོགས་ལས་འདུས་འདྲིལ་ནད་དུག་མཁའ་རླུང་ཁྲོད་ནས་བདེ་ཐང་མིར་འགོ་ཡི་ཡོད།
▲དངོས་པོ་ནས་འགོ་བ།
ས་ངོས་དང་གྱོན་ཆས་སམ་ཡང་ན་དངོས་པོ་གཞན་དག་ཏུ་འཐོར་བའི་འདུས་འདྲིལ་ནད་དུག་དབུགས་རྔུབ་གཏོང་བྱེད་སྐབས་འགོ་ཡི་ཡོད།
▲ཟས་རིགས་ནས་འགོ་བ།
འདུས་འདྲིལ་གཅོང་ནད་ཕོག་པའི་མི་དང་མཉམ་དུ་ལྟོ་སྣོད་གཅིག་ནང་ལྟོ་ཟ་བའམ་ཡང་ན་ནད་པའི་ལྟོ་ལྷག་མ་བཟས་ན་ནད་དུག་འགོ་ཡི་ཡོད།
ཇི་ལྟར་སྔོན་འགོག་བྱེད་དགོས།
.བྱིས་པར་ཁ་ཅེ་མེའོ་ཡི་སྨན་ཁབ་རྒྱག་དགོས།
.རྟག་ཏུ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཐུབ་པ་བྱས་ནས་ཁང་པའི་ནང་གི་མཁའ་རླུང་གཙང་མ་ཡོང་བ་བྱེད་དགོས།
.འདུས་འདྲིལ་གཅོང་ནད་ཕོག་པའི་མིའི་འཁྲིས་སུ་སྡོད་པའམ་ཡང་ན་འདུས་འདྲིལ་གཅོང་ནད་ཀྱི་སྨན་ཁང་དུ་འགྲོ་རྒྱུ་མེད།
.ལག་པ་ཡང་ཡང་བཀྲུ་བ་དང་། དུག་སེལ་ཡག་པོ་བྱེད་པ། འདུས་འདྲིལ་གཅོང་ནད་ཕོག་མཁན་ནད་པ་དང་ལྟོ་སྣོད་གཅིག་ནང་མཉམ་དུ་ལྟོ་མི་ཟ་བ་བཅས་བྱེད་དགོས།