医生教您缓解腰椎间盘突出
སྨན་པས་ཁྱེད་ལ་སྐེད་ཚིགས་རུས་འབུར་ནད་ཀྱི་ན་ཟུག་ཡང་དུ་གཏོང་ཐབས་ཞིག་བསླབ་ཆོག

发布时间:2022年09月26日

西藏成办医院院长、华西医院骨科一级专家孔清泉教授教您缓解腰椎间盘突出。

一、什么是腰椎间盘突出症?

腰椎间盘突出症是在腰椎间盘突出的病理基础上,由突出的椎间盘组织刺激和(或)压迫神经根、马尾神经所导致的临床综合征,表现为腰痛、下肢放射痛、下肢麻木、下肢无力等。

image037.png

 

二、什么人更易患有腰椎间盘突出症?

1、老年人:随着年龄的增大,腰椎自然开始老化退化,无可避免的更容易比其他人患上腰椎间盘突出的毛病;

2、 伏案工作者:长期伏案工作坐姿不良,腰部肌肉长期处于紧张状态,腰椎间盘突出症的发病率自然会高一些;

3、腰部负荷过大的人:长期从事重体力劳动、举重运动等;

4、 腰部有外伤的人:搬重物、运动时瞬间用力过猛,椎间盘髓核向后移动就会造成腰部受伤,慢性损伤经久不愈可能会发展为腰椎间盘突出。

5、先天因素:腰骶先天异常,腰椎曲度小、平背,检查后诊断为腰椎骶化、骶椎腰化、峡部裂、半椎体畸形、小关节畸形和关节突不对称等。

三、如何判断腰椎间盘突出?

判断腰椎间盘突出,需要到正规医院进行检查,一般采用以下方式进行确诊:

1、磁共振(MRI)检查(首选);

2、腰椎X线平片(首选);

3、CT检查。

四、腰椎间盘突出如何缓解?

1、卧床休息

卧床休息一直被认为是腰椎间盘突出症保守治疗最重要的方式之一。但对疼痛严重的患者,应尽量缩短卧床时间,且在症状缓解后鼓励其尽早恢复适度的正常活动,同时需注意日常活动姿势,避免扭转、屈曲及过量负重。

2、运动疗法、理疗和推拿、按摩

运动疗法包括核心肌群肌力训练、方向特异性训练、腰痛学校等,应在康复医学专业人员的指导下进行。

理疗、推拿、按摩可缓解肌肉痉挛,减轻椎间盘内压力,请在专业人士指导下进行。

3、药物治疗

非甾体类抗炎药(NSAIDs)、糖皮质激素、肌肉松弛剂,请在专业医师或药师指导下使用。

4、 牵引治疗

采用骨盆牵引,可增加椎间隙宽度,减少椎间盘内压,椎间盘突出部分回纳,减轻对神经根的刺激和压迫,需要专业医生指导下进行。

当出现以下情况时,请前往医院进行手术治疗:

1、腰椎间盘突出症病史超过 6-12周,经系统保守治疗无效;或保守治疗过程中症状加重或反复发作;

2、腰椎间盘突出症疼痛剧烈,或患者处于强迫体位,影响工作或生活;

3、腰椎间盘突出症出现肌肉瘫痪或出现直肠、膀胱症状。


བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁང་སྨན་ཁང་གི་ཡོན་ཀྲང་དང་ཧྭ་ཤིས་སྨན་ཁང་རུས་ནད་ཚན་ཁག་གི་རིམ་པ་དང་པོའི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ཁུང་ཆིང་ཆོན་གྱས་ཁྱེད་ལ་སྐེད་ཚིགས་རུས་འབུར་ནད་ཀྱི་ན་ཟུག་ཡང་དུ་གཏོང་ཐབས་ཞིག་སློབ་རྒྱུ་ཡིན།

གཅིག གང་འདྲ་ཞིག་ལ་སྐེད་ཚིགས་རུས་འབུར་ནད་ཟེར་རམ།

 སྐེད་ཚིགས་རུས་འབུར་ནད་ནི་སྐེད་ཚིགས་རུས་འབུར་ནད་ཀྱི་ན་ལུགས་རྨང་གཞིའི་ཐོག སྐེད་ཚིགས་ཕང་ལོའི་ཕུང་གྲུབ་ལ་ཕོག་ཐུག་བྱུང་བའམ་ཡང་ན། རྩ་དཀར་རམ་རྩ་དཀར་རྟ་རྔ་ཅན་མནན་རྐྱེན་ཐོན་པའི་ནད་ཐོག་ལག་ལེན་གྱི་ཕྱོགས་བསྡུས་ནད་རྟགས་ཞིག་ཡིན་པ་སྟེ། དེ་ལས་སྐེད་པ་ན་བ་དང་། རྐང་པ་གཉིས་ལ་ཚ་འཁྱུག་རྒྱག་པ། རྐང་པ་གཉིས་སྦྲིད་པ། རྐང་པར་ཤུགས་མེད་པ་བཅས་བྱུང་བ་ཡིན།  

གཉིས། མི་གང་འདྲར་སྐེད་ཚིགས་རུས་འབུར་ནད་ཕོག་སླ་བ་ཡོད་དམ་ཞེ་ན།

1、རྒན་འཁོགས། ལོ་ན་མཐོ་རུ་འགྲོ་བ་བསྟུན་ནས། སྐེད་ཚིགས་རང་བཞིན་གྱིས་ཉམས་ཏེ་གཞོན་དར་དང་བསྡུར་ན་སྐེད་ཚིགས་རུས་འབུར་ནད་དེ་བས་ཕོག་སླ་བ་ཡོད། 2、སྟོད་སྒུར་ནས་ལས་ཀ་བྱེད་མཁན། ཡུན་རིང་སྟོད་སྒུར་ནས་ལས་ཀ་བྱེད་མཁན་ནི་སྡོད་སྟངས་ཀྱི་རྐྱེན་ལས་སྐེད་པའི་ཤ་གྲིམས་ལ་མནོན་ཤུགས་ཕོག་པས། སྐེད་ཚིགས་རུས་འབུར་ནད་གཞན་ལས་རང་བཞིན་གྱིས་ཕོག་སླ་བ་ཡོད།

3、སྐེད་པར་གནོན་ཤུགས་སྤྲོས་ཆེ་བའི་མི། ཡུན་རིང་ཤུགས་ལས་བྱེད་མཁན་གྱི་མི་དང་ལྗིད་འདེགས་ལུས་རྩལ་སོགས།

 4、 སྐེད་པ་རྨས་པའི་མི། དངོས་རྫས་ལྗིད་པོ་དབོར་བ་དང་། ལུས་རྩལ་རྩེད་སྐབས་ཤུགས་བརྒྱབ་དྲགས་པ། སྐེད་ཚིགས་ཕང་ལོ་རྒྱབ་ཏུ་གཅུས་དྲགས་པ་བཅས་ལས་སྐེད་པར་རྨས་སྐྱོན་ཕོག་པ་ཡིན། རྨས་སྐྱོན་ཆུང་ངུ་ཡུན་རིང་དྲགས་སྐྱེད་མ་བྱུང་ཚེ་སྐེད་ཚིགས་རུས་འབུར་ནད་དུ་འགྱུར་ཉེན་ཡོད།

5、ལྷན་སྐྱེད་རྒྱུ་རྐྱེན། སྐེད་ཚིགས་རུས་པ་ལྷན་སྐྱེད་རང་བཞིན་གྱི་རྒྱུན་གཏན་མིན་པ། སྐེད་ཚིགས་གྱི་དགྱེ་སྒུག་ཆུང་བ། བརྟག་དཔྱད་བྱས་པའི་འབྲས་བུ་ནི། སྒལ་ཚིགས་དང་སྐེད་ཚིགས་གཞུང་གཅིག་ཏུ་སྙོམས་པ། སྐེད་ཚིགས་ཕང་ལོ་དང་ཚོགས་ཆུང་གི་གཟུགས་འགྱུར་བ། ཚིགས་པའི་རུས་འབུར་མི་སྙོམས་པ་སོགས་བྱུང་བ་ཡིན། 

གསུམ། སྐེད་ཚིགས་རུས་འབུར་ནད་ཇི་ལྟར་བྱས་ནས་ངོས་བཟུང་དགོས་སམ། 

སྐེད་ཚིགས་རུས་འབུར་ནད་ངོས་བཟུང་བར་ངེས་པར་དུ་ཚད་ལྡན་གྱི་སྨན་ཁང་དུ་ཕྱིན་ནས་བརྟག་དཔྱད་བྱེད་དགོས། སྤྱིར་ན། གཤམ་གསལ་གྱི་བྱེད་ཐབས་དེ་དག་ལ་བརྟེན་ནས་ནད་གཞི་ངོས་འཛིན་བྱེད་པ་སྟེ།

1、ཁབ་ལེན་མཉམ་འགུལ་(MRI)གྱི་བརྟག་དཔྱད(གདམ་ག་ཡག་ཤོས)

2、སྐེད་ཚིགས་ཀྱི་Xའོད་བརྙན (གདམ་ག་ཡག་ཤོས)

3、CTབརྟག་དཔྱད།

བཞི། སྐེད་ཚིགས་རུས་འབུར་ནད་ཇི་ལྟར་བྱས་ནས་ཡང་དུ་གཏོང་དགོས་སམ། 

1.ཉལ་ཁྲིར་ཉལ་ནས་ངལ་གསོ་བ། 

ཉལ་ཁྲིར་ཉལ་ནས་ངལ་གསོ་ཐབས་ནི་སྐེད་ཚིགས་རུས་འབུར་ནད་ཀྱི་སྲོལ་རྒྱུན་བཅོས་ཐབས་གལ་ཆེན་གྲས་ཤིག་ཡིན། 

འོན་ཀྱང་ན་ཟུག་དྲག་པོ་གཏོང་བའི་ནད་པར་ངེས་པར་དུ་ཉལ་ཁྲིར་ངལ་གསོ་བའི་དུས་ཚོད་གང་ཐུབ་ཐུང་དུ་གཏོང་དགོས་པ་དང་ཆབས་ཅིག ན་ཟུག་ཆུང་དུ་ཕྱིན་རྗེས་ནད་པར་གང་སྔ་སྔ་འོས་འཚམས་ངང་རྒྱུན་ལྡན་གྱི་འགུལ་སྐྱོད་ཐུབ་པ་སླར་གསོ་བྱེད་དགོས་པ་དང་དུས་མཚུངས། ཉིན་ལྟར་གྱི་ལུས་པོའི་འགུལ་ཕྱོགས་ལ་ཡིད་གཟབ་བྱེད་དགོས་པ་དང་། ལུས་པོ་གཅུ་བ་དང་དགྱེ་སྒུག་བྱེད་པ། ངལ་དུབ་ཆེ་དྲགས་པ་བཅས་བྱེད་མི་རུང་། 

2、རྩལ་སྦྱོང་གི་བཅོས་ཐབས་དང་། དངོས་ཁམས་གསོ་བཅོས། འཕུར་མཉེད་རྩལ་སྦྱོང་བཅས་སུ་ཤ་གྲིམས་གནད་ཀྱི་སྦྱོང་བརྡར་དང་། ཕྱོགས་འགུལ་དམིགས་བསལ་ཅན་གྱི་སྦྱོང་བརྡར། སྐེད་ནད་སློབ་གྲྭ་སོགས་ཚུད་ཡོད་པས། བདེ་ཐང་སླར་གསོའི་གསོ་རིག་ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་སྦྱོང་བརྡར་བྱེད་དགོས། དངོས་ཁམས་གསོ་བཅོས་དང་འཕུར་མཉེད་ལས་ན་ཟུག་འཇོམས་པར་ཕན་ཞིང་སྐེད་ཚིགས་ཕང་ལོའི་དབར་གྱི་གནོན་ཤུགས་ཡང་དུ་གཏོང་ཐུབ་པས། ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་སྦྱོང་བརྡར་བྱེད་དགོས།

3、སྨན་རྫས་ཀྱི་བཅོས་ཐབས་ལ་རྫས་མིན་རིགས་ཀྱི་གཉན་འཇོམས་སྨན(NSAIDs)དང་། ཐང་ཕི་ཀྲེའི་སྐུལ་རྩི། ཤ་གྲིམས་ལྷུག་གཏོང་སྨན་བཅས་ཡོད་པས། ཆེད་ལས་སྨན་པའི་མཛུབ་ཁྲིད་འོག་བེད་སྤྱོད་བྱེད་དགོས།

4、འཐེན་བཅོས་བྱ་ཐབས་ནི་མཚང་རུས་ཀྱི་འཐེན་ཐབས་ཀྱིས་སྒལ་ཚིགས་ཕང་ལོའི་དབར་གྱི་བར་མཚམས་ཆེ་རུ་ཕྱིན་ནས་ཕང་ལོའི་དབར་གནོན་ཤུགས་སྤྲོད་ཚད་ཆུང་དུ་ཕྱིན་ནས་ཚིགས་པ་རང་གནས་སུ་འབྱོར་ཏེ་རྩ་དཀར་གྱི་ན་ཟུག་དང་གནོན་ཤུགས་གཉིས་ཀ་ཡང་དུ་གཏོང་ཐུབ་པས།

ཆེད་ལས་སྨན་པའི་མཛུབ་ཁྲིད་འོག་བཅོས་ཐབས་བྱེད་དགོས།

གཤམ་གསལ་གྱི་གནས་ཚུལ་ཐོན་སྐབས། སྨན་ཁང་དུ་ཕྱིན་ནས་གཤགས་བཅོས་བྱེད་དགོས། 

1、སྐེད་ཚིགས་རུས་འབུར་ནད་ཕོག་ནས་གཟའ་འཁོར་6ནས་12བར་སོང་བ་དང་། སྲོལ་རྒྱུན་གྱི་བཅོས་ཐབས་ཆ་ཚང་བ་བྱས་རྗེས་ཕན་པ་མི་ཐོན་པའམ་སྲོལ་རྒྱུན་གྱི་སྨན་བཅོས་བྱེད་རིང་ནད་གཞི་ལྕི་རུ་འགྲོ་བའམ་བསྐྱར་ལོག་བྱུང་བ། 

2、སྐེད་ཚིགས་རུས་འབུར་ནད་ཀྱི་ན་ཟུག་ཆེ་བའམ་ལུས་པོའི་འགུལ་སྟངས་ཕྱོགས་གཅིག་ཁོ་ན་ཡིན་པ་ལས་ལས་ཀ་དང་འཚོ་བར་ཤུགས་རྐྱེན་ཕོག་པ། 

3、སྐེད་ཚིགས་རུས་འབུར་ནད་ལས་ཤ་གྲིམས་ཞ་བའམ་ལོང་དང་ལྒང་པའི་ནད་ཕོག་པ་བཅས་རེད།