椎间盘到底是什么?
སྐེད་ཚིགས་ཕང་ལོ་ཞེས་པ་ཡང་སྙིང་གང་ལ་ཟེར།

发布时间:2022年09月26日

我们的脊柱是由一节一节脊椎构成的,脊椎与脊椎之间的部分,就是椎间盘。椎间盘由两部分构成,中央为胶冻状的髓核,外围为层层纤维环。椎间盘像一个减震器,分散和吸收一部分作用于脊柱的力量负荷,将椎体连接成一个整体,同时又允许椎体之间的运动。没有椎间盘,人会变成一个完完全全的直立行走的动物。

Q:腰椎间盘突出有什么症状?

腰椎间盘突出后会刺激周围神经引起腰痛,突出的腰椎间盘如果压迫腰椎神经根,则会引起腿痛、腿麻或力量下降;若压迫脊髓或马尾神经,则会引起大小便功能障碍。

如果出现了相应的神经根症状且有明确的影像学(核磁、腰椎X线平片、CT)表现,则可以诊断为腰椎间盘突出症。

Q:如何治疗与预防?

缓解腰椎间盘突出,可以采用卧床休息、运动疗法、理疗、推拿、按摩、药物治疗、牵引治疗,手术等方法。有些运动疗法在家就能完成:

1、俯卧位,双手置于肩下,双手用力把上半身撑起,腰部不发力,肚子尽量贴着床。末端保持2秒,重复10个。

2、仰卧位,翘脚,膝盖伸直,抬腿,如果出现腿痛或腿麻,维持10秒,重复6个。

3、坐位,埋头,弓腰驼背,伸直膝盖,翘脚,如果出现腿痛或腿麻,维持10秒,重复6个。

4、四点跪位,抬起一侧上肢和对侧下肢,保持躯干平衡,维持10秒,重复10个。

如果进行以上居家锻炼时出现疼痛、在一周内疼痛没有缓解甚至疼痛加重或是出现新的症状,可以到医院进行明确诊断与治疗!


ང་ཚོའི་སྒལ་ཚིགས་ནི་རུས་པའི་ཕང་ལོ་རེ་རེ་ལས་གྲུབ་པ་ཞིག་ཡིན་ཏེ། ཕང་ལོ་དང་ཕང་ལོའི་དབར་གྱི་གནས་དེར་ཚིགས་པ་མཁར་ཞེས་བརྗོད། ཚིགས་པ་མཁར་ནི་ཁག་གཉིས་ལས་གྲུབ་པ་སྟེ། དབུས་སུ་ནི་འགྱིག་རིལ་ལྟ་བུའི་རྒྱུངས་པ་ཡིན་པ་དང་། ཕྱི་ངོས་ནི་ཚི་སྣའི་རིམ་པས་བཏུམས་ཡོད།

ཚིགས་པ་མཁར་ནི་འགྱིག་སོབ་ཅིག་དངའདྲ་བར་སྒལ་ཚིགས་ལ་ཕོག་པའི་ཕྱིའི་གནོན་ཤུགས་འཕྲི་བའམ་ཡང་དུ་གཏོང་ཐབས་བྱེད་པ་དང་ཆབས་ཅིག རུས་པའི་ཕང་ལོ་དེ་དག་མཉམ་དུ་འབྲེལ་ནས་འགུལ་ཐུབ་པ་བྱེད་ཀྱི་ཡོད། ཚིགས་པ་མཁར་མེད་ན་མི་རྣམས་གུག་མི་ཐུབ་པར་དགྱེ་དགྱེ་རུ་འགྲོ་མཁན་ཤ་སྟག་ཡིན།

སྐེད་ཚིགས་རུས་འབུར་ལ་ནད་རྟགས་གང་དག་ཡོད་དམ་ཞེ་ན། 

སྐེད་ཚིགས་རུས་འབུར་ནད་ཕོག་ན་ཉེ་འཁོར་གྱི་རྩ་དཀར་ལ་ཕོག་ཐུག་བྱུང་རྐྱེན་སྐེད་པ་ན་བ་དང་། འབུར་དུ་ཐོན་པའི་ཚིགས་པ་མཁར་གྱིས་གལ་ཏེ་སྐེད་ཚིགས་ཕང་ལོའི་ནང་གི་རྩ་དཀར་མནན་ན། རྐང་པ་ན་བ་དང་། རྐང་པ་སྦྲིད་པ། རྐང་པར་ཤུགས་མེད་པ་བཅས་བྱུང་བ་དང། གལ་ཏེ་རྒྱུངས་པའམ་རྟ་རྔ་ཅན་གྱི་རྩ་དཀར་མནན་ཚེ། བཙོག་གཅིན་འགོག་མི་ཐུབ་པའི་ནད་ཕོག་གི་ཡོད། གཞན་ཡང་རྩ་དཀར་གྱི་ནད་རྟགས་ཐོན་པ་མ་ཟད། བརྙན་ལམ་རིག་པའི་མངོན་ཚུལ་(རྡུལ་ཕྲན་ཁབ་ལེན་དང་།

སྐེད་ཚིགས་ཀྱི་Xའོད་རླབས་བརྙན་པར)གསལ་པོ་ཡོད་ན།

སྐེད་ཚིགས་ཀྱི་རུས་འབུར་ནད་དུ་ངོས་འཛིན་པ་ཡིན།

བཅོས་ཐབས་དང་སྔོན་འགོག་ཇི་ལྟར་བྱེད་དགོས་སམ། 

སྐེད་ཚིགས་རུས་འབུར་ནད་ཀྱི་ན་ཟུག་གཅོག་ཐབས་ལ། ཉལ་ཁྲིར་ཉལ་ནས་ངལ་གསོ་བ་དང་། འགུལ་སྐྱོད་ཀྱི་བཅོས་ཐབས། དངོས་ཁམས་ཀྱི་བཅོས་ཐབས། འཕུར་མཉེད། སྨན་རྫས་ཀྱི་གསོ་ཐབས། འཐེན་ནས་བཅོས་ཐབས། གཤག་བཅོས་ཀྱི་བཅོས་ཐབས་སོགས་ཡོད།

 འགུལ་སྐྱོད་ཀྱི་བཅོས་ཐབས་འགའ་རེ་ཁྱིམ་དུ་བསྡད་ནས་སྦྱོང་བརྡར་བྱེད་ཆོག 

1、ཁ་སྦུག་སློག་པ་དང་ལག་པ་གཉིས་དཔུང་པའི་འོག་བཞག་ནས་གྱེན་དུ་ཤུགས་བརྒྱབ་ཏེ་ལུས་སྟོད་གོང་དུ་འདེགས་པ་དང་།

 སྐེད་པས་ཤུགས་མ་བརྒྱབ་པར་གྲོད་པ་ཉལ་ཁྲིར་གང་ཐུབ་སྦྱར་དགོས། འདི་ལྟར་སྐར་ཆ་2ཙམ་རྒྱུན་འཁྱོངས་བྱས་ཏེ་ཡང་སྐོར་བསྐྱར་སྐོར་ངང་ཐེངས་10ཙམ་རྩེད་དགོས། 2、གན་རྐྱལ་དུ་ཉལ་ནས་དཔུས་མོ་གཉིས་འདྲོང་པོར་བཟོས་ཏེ་རྐང་པ་གྱེན་དུ་བརྐྱངས་དགོས། གལ་ཏེ་རྐང་པ་ན་བའམ་སྦྲིད་ན། སྐར་ཆ་10རྒྱུན་འཁྱོངས་བྱས་རྗེས་དེ་ལྟར་ཡང་བསྐྱར་ཐེངས་6རྩེད་དགོས།

 3、མར་བསྡད་ནས་མགོ་སྒུར་བ་དང་

སྐེད་པ་གུག་ནས་སྟོད་སྒུར་པོ་བཟོ་བ། དཔུས་མོ་འདྲོང་པོ་བཟོས་ནས་རྐང་པ་གཉིས་ཕན་ཚུན་བརྩེགས་དགོས། གལ་ཏེ་རྐང་པ་ན་བ་དང་སྦྲིད་ན། སྐར་ཆ་10རྒྱུན་འཁྱོངས་བྱས་རྗེས་དེ་ལྟར་ཡང་བསྐྱར་ཐེངས་6རྩེད་དགོས།

 4、གནས་བཞིར་དཔུས་མོ་དང་ལག་པ་བཙུགས་རྗེས། གཞོགས་གཅིག་གི་ལག་པ་ཡར་བཀྱགས་པ་དང་། གཞོགས་གཞན་དེའི་རྐང་པ་ཡར་བཀྱག་ནས་ལུས་པོ་གཡས་གཡོན་དུ་མ་འཁྱོག་པར། སྐར་ཆ་10ཙམ་རྒྱུན་འཁྱོངས་བྱས་རྗེས། དེ་ལྟར་ཡང་བསྐྱར་ཐེངས་10རྩེད་དགོས། 

གལ་ཏེ་གོང་གསལ་ལྟར་ཁྱིམ་དུ་བསྡད་ནས་སྦྱོང་བརྡར་བྱས་རྗེས། ན་ཟུག་གཏོང་བ་དང་གཟའ་འཁོར་སོང་ནའང་ན་ཟུག་ཆུང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་ན་ཟུག་ལྕི་རུ་འགྲོ་བའམ་ནད་རྟགས་གསར་པ་ཐོན་ན།  སྨན་ཁང་དུ་ཕྱིན་ནས་བརྟག་དཔྱད་གསལ་པོ་བྱས་ནས་སྨན་བཅོས་བྱེད་དགོས།