
【流言】接种HPV疫苗,有可能让女性怀不上孩子。
【真相】这种说法没有确切的证据支持。世界卫生组织(WHO)疫苗安全委员会曾总结所有关于HPV疫苗与不孕的研究结果,得出HPV疫苗安全性良好,与卵巢功能不全或不孕并无因果联系。此外,HPV疫苗在上市前已进行过几十万例的临床试验,上市后仍在不断监测接种疫苗后的不良反应,包括发热、头痛、恶心及注射反应(局部疼痛、红斑、瘙痒、肿胀、肌肉痛等)。这些不良反应与一般疫苗的常见反应相似,并不特殊。综上,HPV疫苗安全性有保证,接种HPV疫苗并不会导致不孕。
དཀྲོག་གཏམ། HPVརིམས་འགོག་སྨན་ཁབ་བརྒྱབ་ན་བུད་མེད་ལ་མངལ་འཁོར་མི་ཐུབ་ཟེར་བ།
དོན་དངོས་གསལ་འགྲེལ། བཤད་ཚུལ་དེ་རིགས་ལ་དཔང་རྟགས་ཁུངས་བཙན་མེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱི་རིམས་འགོག་སྨན་ཁབ་བདེ་འཇགས་ཨུ་ལྷན་གྱིས་HPVརིམས་འགོག་སྨན་ཁབ་དང་མངལ་མི་འཁོར་བའི་སྐོར་གྱི་ཞིབ་འཇུག་འབྲས་བུ་ཚང་མ་ཕྱོགས་སྡོམ་བྱས་པ་བརྒྱུད་HPVརིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་ལེགས་པ་དང་ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཆ་མི་ཚང་བའམ་ཡང་ན་མངལ་མི་འཁོར་བའི་རྒྱུ་འབྲས་དང་འབྲེལ་བ་མེད་པ་ཤེས་རྟོགས་བྱུང་ཡོད།
གཞན་ཡང་HPVརིམས་འགོག་སྨན་ཁབ་ཁྲོམ་རར་མ་བཏོན་གོང་ནད་པ་ཁྲི་བཅུ་ཕྲག་ཁ་ཤས་ལ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་པ་དང་ཁྲོམ་རར་བཏོན་རྗེས་ད་དུང་རིམས་འགོག་སྨན་ཁབ་བརྒྱབ་རྗེས་མི་འཕྲོད་པ་དཔེར་ན། ཚ་བ་རྒྱག་པ་དང་། མགོ་ན་བ། སྐྱུག་མེར་ལངས་བ་བཅས་དང་སྨན་ཁབ་བརྒྱབ་རྗེས་གཟུགས་པོའི་ཆ་ཤས་སུ་ན་ཟུག་གཏོང་བ་དང་།
ཐོར་པ་དམར་པོ་སྐྱེ་བ། ཟ་འཕྲུག་ལངས་པ། སྐྲངས་པ། ཤ་གནད་ན་བ་སོགས་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱས་ཡོད། མི་འཕྲོད་པའི་གནས་ཚུལ་དེ་རིགས་སྤྱིར་བཏང་གི་རིམས་འགོག་སྨན་ཁབ་མི་འཕྲོད་པ་དང་འདྲ་པོ་ཡོད་པས་དམིགས་བསལ་གྱི་ཁྱད་པར་མེད། གོང་གསལ་གྱི་གནས་ཚུལ་དེ་ཐོག་ནས་HPVརིམས་འགོག་སྨན་ཁབ་བདེ་འཇགས་ཡིན་པ་དང་HPVརིམས་འགོག་སྨན་ཁབ་བརྒྱབ་ཚེ་མངལ་མི་འཁོར་བའི་གནས་ཚུལ་ཐོན་མི་སྲིད་པ་གསལ་བཤད་ཐུབ་ཡོད།