核磁共振有“核辐射”会致癌
ཉིང་རྡུལ་གློག་པར་གྱི“ཉིང་རྡུལ་འགྱེད་འཕྲོས”སྐྲན་ནད་ཕོག་སྲིད་ཟེར་བ།

发布时间:2022年09月28日

image025.jpg

【流言】核磁共振里有个“核”字,是通过辐射检查身体,经常做会致癌。

【真相】核磁共振的规范说法应该是“磁共振成像”(MRI),其中的“核”字指的是人体内的氢原子核,并非是“核辐射”。磁共振成像的原理是利用强大的磁场作用,记录组织器官内氢原子的原子核运动,再经过计算和处理后获得检查部位的图像。磁共振成像利用的是高能磁场,不会产生放射性辐射,也不会致癌,是一种应用广泛且非常安全的检查手段。 

理由:提及核,人们往往与“辐射”挂钩,“谈核色变”,这是由于对核知识和应用一知半解。要通过科学解读,一方面让公众认识到核技术对经济社会发展的积极作用,另一方面让公众不要误解那些与核辐射完全无关的技术。


དཀྲོག་གཏམ། ཉིང་རྡུལ་གློག་པར་ལ་ཉིང་རྡུལ་འགྱེད་འཕྲོ་ཡོད་པས་བརྟག་དཔྱད་བྱེད་སྐབས་གཟུགས་པོར་གནོད་པ་ཡོད། བརྟག་དཔྱད་དེ་རིགས་ཡང་ཡང་བྱས་ན་སྐྲན་ནད་ཕོག་སྲིད།

དོན་དངོས་གསལ་འགྲེལ། ཉིང་རྡུལ་གློག་པར་གྱི(MRI)ནང་ཉིང་རྡུལ་ཞེས་པའི་ཡིག་འབྲུ་དེ་ནི་མིའི་གཟུགས་པོའི་ནང་གི་རྙིང་རྡུལ་ཆིང་ལ་བརྗོད་པ་ལས། ཉིང་རྡུལ་གྱི་འགྱེད་འཕྲོར་བརྗོད་ཀྱི་མེད། ཉིང་རྡུལ་གློག་པར་གྱི་རྩ་བའི་རིགས་པ་ནི་ཁབ་ལེན་གྱི་ནུས་པ་ཆེན་པོ་སྤྱད་དེ་དབང་པོའི་ནང་གི་ཉིང་རྡུལ་ཆིང་གི་འགུལ་སྐྱོད་ཐོ་བཀོད་བྱས་ནས་རྩིས་རྒྱག་དང་ཞིབ་བསྡུར་བྱས་རྗེས་བརྟག་དཔྱད་བྱ་ཡུལ་པར་ལེན་བྱེད་ཀྱི་ཡོད། ཁབ་ལེན་བརྙན་གྲུབ་ཐད་ནུས་ཆེའི་ཁབ་ལེན་སྤྱོད་པས། འགྱེད་འཕྲོ་ཐོན་མི་སྲིད་ལ་སྐྲན་ནད་ཀྱང་ཕོག་མི་སྲིད། དེ་ནི་རྒྱ་ཁྱབ་ངང་སྤྱོད་པ་དང་ཧ་ཅང་བདེ་འཇགས་ཀྱི་བརྟག་དཔྱད་བྱེད་ཐབས་ཤིག་རེད།

རྒྱུ་མཚན། ཉིང་རྡུལ་སྐོར་བརྗོད་སྐབས། མི་ཚང་མས་རྒྱུན་དུ“འགྱེད་འཕྲོ”བློ་ལ་འཆར་གྱི་ཡོད། འདི་ནི་ཉིང་རྡུལ་གྱི་ཤེས་བྱ་དང་བཀོལ་སྤྱོད་ཐད་རྒྱུས་མངའ་མེད་པའི་རྐྱེན་གྱིས་རེད། ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ན། ཕྱོགས་གཅིག་ནས་སྤྱི་དམངས་ཚོས་ཉིང་རྡུལ་ལག་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོན་པའི་དགེ་མཚན་ལྡན་པའི་ནུས་པ་ཤེས་རྟོགས་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་དམངས་ཚོས་ཉིང་རྡུལ་ཁྱབ་འགྱེད་ཀྱི་བདེ་འཇགས་འབྲེལ་བ་གཏན་ནས་མེད་པའི་ལག་རྩལ་དེ་དག་ལ་གོ་ནོར་ཐེབས་མི་ཐུབ།