戴口罩前必须甩一甩,否则口罩上的残留物会致癌
ཁ་རས་མ་བརྒྱབ་གོང་ངེས་པར་དུ་གཡུག་གཡུག་བྱེད་དགོས། དེ་ལྟར་མ་བྱས་ན་ཁ་རས་ཐོག་གི་འཕྲོ་ལུས་དངོས་པོས་སྐྲན་ནད་བཟོ་སྲིད་ཟེར་བ།

发布时间:2022年10月10日

image001.jpg

【流言】新口罩从包装中取出必须先甩一甩再戴,否则口罩中残留的环氧乙烷会致癌。

【真相】合格的医用口罩并没有这种风险。口罩可吸附消毒时所用的环氧乙烷。虽然环氧乙烷属于一类致癌物,但谈毒性也要看剂量,根据国家标准,口罩残留的环氧乙烷含量不超过10μg/g就是安全的。厂家使用环氧乙烷给口罩灭菌后,会待残留量合格后再出厂。此外,残留的环氧乙烷在流通过程中也会自然挥发掉。因此,符合国家标准的口罩完全可以正常使用,实在没必要再甩几下。

理由:口罩是当前人们的日常必备品,流言自然也盯上了口罩。其实从正规渠道购买的达标口罩,不甩也不会有超标残留致癌物质;真要有残留致癌物质,也绝不会是甩几下就能轻易甩得掉。所以从正规渠道购买口罩,才是保证安全的关键。


དཀྲོག་གཏམ།  ཐུམ་ཤོག་ནས་བཏོན་མ་ཐག་པའི་ཁ་རས་གསར་པ་སྔོན་ལ་གཡུག་གཡུག་བྱས་རྗེས་གཞི་ནས་རྒྱག་དགོས། དེ་ལྟར་མ་བྱས་ན་ཁ་ར་ཐོག་གི་འཕྲོ་ལུས་དངོས་པོ་ཧོན་དབྱང་དབྱི་ཝན་གྱིས་སྐྲན་ནད་བཟོ་སྲིད།

དོན་དངོས་གསལ་འགྲེལ། ཚད་ལོན་པའི་སྨན་སྤྱོད་ཁ་རས་ལ་ཉེན་ཁ་དེ་རིགས་མེད། ཁ་རས་ལ་དུག་སེལ་བྱེད་སྐབས་སྤྱོད་པའི་ཧོན་དབྱང་དབྱི་ཝན་འགོས་སྲིད། ཧོན་དབྱང་དབྱི་ཝན་ནི་སྐྲན་ནད་བཟོ་སྲིད་པའི་དངོས་པོ་གཙོ་བོ་ཡིན་ཡང་། དུག་ཤེད་ཆེ་ཆུང་དང་འབོར་ཚད་ལ་ལྟ་དགོས། རྒྱལ་ཁབ་ཀྱི་ཚད་གཞིར་ལྟར་ན། ཁ་རས་ཐོག་གི་འཕྲོ་ལུས་དངོས་པོ་ཧོན་དབྱང་དབྱི་ཝན་གྱི་འདུས་ཚད་10μg/gལས་བརྒལ་མེད་ན་སྐྱོན་མེད། བཟོ་གྲྭས་ཧོན་དབྱང་དབྱི་ཝན་སྤྱད་ནས་ཁ་རས་ལ་དུག་སེལ་བྱས་རྗེས། ཁ་རས་ཐོག་གི་འཕྲོ་ལུས་དངོས་པོར་ཞིབ་དཔྱད་བྱས་ནས་ཚད་ལོན་རྗེས་གཞི་ནས་ཕྱིར་འཚོང་བྱེད་ཀྱི་ཡོད། གཞན་ཡང་། འཕྲོ་ལུས་ཀྱི་ཧོན་དབྱང་དབྱི་ཝན་དེ་ཡང་དབོར་འདྲེན་བྱེད་པའི་བརྒྱུད་རིམ་ནང་རང་བཞིན་གྱིས་ཡལ་འགྲོ་གི་ཡོད། དེར་བརྟེན་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ཁ་རས་བློ་བདེ་པོས་སྤྱོད་ཆོག་གི་ཡོད་པས་གཡུག་གཡུག་གཏོང་དགོས་དོན་མེད།

རྒྱུ་མཚན། ཁ་རས་ནི་དེང་སྐབས་མི་རྣམས་ལ་མེད་དུ་མི་རུང་བའི་དངོས་པོ་ཞིག་ཡིན་པས། དཀྲོག་གཏམ་དེ་རིགས་ཐོན་སྲིད། དོན་དངོས་ཐོག་ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་ཉོས་པའི་ཚད་ལོན་ཁ་རས་ཡིན་ན། གཡུག་གཡུག་མ་བཏང་ནའང་ཚད་ལས་བརྒལ་བའི་སྐྲན་ནད་བཟོ་སྲིད་པའི་དངོས་པོ་ཐོན་མི་སྲིད། གལ་ཏེ་སྐྲན་ནད་བཟོ་སྲིད་པའི་དངོས་པོ་ཡོད་པའི་དབང་དུ་བཏང་ནའང་གཡུག་གཡུག་བྱས་ནས་མེད་པ་བཟོ་ག་ལ་ཐུབ། དེར་བརྟེན་ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་ཁ་རས་ཉོ་བ་ནི་བདེ་འཇགས་འགན་ལེན་བྱེད་པའི་འགག་རྩ་དེ་རེད།