感染奥密克戎毒株检测不出来
ཨའོ་སྨི་ཁེ་རུང་དུག་སྲིན་ཞིབ་དཔྱད་ཚད་ལེན་བྱེད་མི་ཐུབ་ཟེར་བ།

发布时间:2022年10月10日

image003.jpg

【流言】新冠病毒奥密克戎毒株有一种隐形变体,能躲避新冠测试,感染后检测不出来。

【真相】世界卫生组织在2021年11月底就已确认,PCR检测可有效测出奥密克戎毒株。这条流言可能来自英国科学家的新发现,即奥密克戎其实有两个谱系,其中一个谱系采用常规的PCR检测能够确认它是新冠病毒,但无法判断其是奥密克戎还是其他毒株,因此被戏称为“隐形”。总之,无论是哪个谱系的毒株,都能用PCR检测发现,因此不用担心新冠病毒逃脱检测。

理由:来势汹汹的奥密克戎在全球多个地方引发新一轮疫情恐慌,新的流言也借此开始滋生和传播。奥密克戎也是一种可以被检测到的新冠病毒,只不过有些新冠病毒无法立即被认定为奥密克戎而已。


དཀྲོག་གཏམ།  ཏོག་དབྱིབས་ནད་དུག་གསར་པ་ཨའོ་སྨི་ཁེ་རུང་དུག་སྲིན་ལ་མངོན་མེད་སྒྱུར་གཟུགས་ཡོད་པས་ཏོག་དབྱིབས་ནད་དུག་གསར་པ་བརྟག་དཔྱད་བྱེད་སྐབས་རྙེད་མི་སྲིད་ལ། ནད་དུག་འགོས་རྗེས་བརྟག་དཔྱད་ཀྱང་བྱེད་མི་ཐུབ།

དོན་དངོས་གསལ་འགྲེལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2021ལོའི་ཟླ་11པའི་ཟླ་མཇུག་ནས་བཟུང་། PCRབརྟག་དཔྱད་བྱས་ནས་ཨའོ་སྨི་ཁེ་རོང་དུག་སྲིན་ནུས་ལྡན་ངང་རྙེད་ཐུབ་པ་གཏན་འཁེལ་བྱུང་ཡོད། དཀྲོག་གཏམ་དེ་དབྱིན་ཇིའི་ཚན་རིག་མཁས་ཅན་གྱིས་ཤེས་རྟོགས་གསར་པ་ཞིག་ལས་བྱུང་བ་ཡིན་སྲིད། ཨའོ་སྨི་ཁེ་རུང་ལ་དོན་དངོས་ཐོག་རྒྱུད་གཉིས་ཡོད་ཅིང་། དེའི་ནང་གི་རྒྱུད་གཅིག་ལ་རྒྱུན་གཏན་གྱི་PCRབརྟག་དཔྱད་བྱས་རྗེས་ཏོག་དབྱིབས་ནད་དུག་གསར་པ་ཡིན་པ་གཏན་འཁེལ་བྱེད་ཐུབ། འོན་ཀྱང་དེ་ནི་ཨའོ་སྨི་ཁེ་རུང་ཡིན་ནམ་ཡང་ན་དུག་སྲིན་གཞན་ཞིག་ཡིན་པ་གཏན་འཁེལ་བྱེད་མི་ཐུབ། དེར་བརྟེན་ཨའོ་སྨི་ཁེ་རུང་ལ་ཡིབ་ནུས་ཡོད་ཅེས་བརྗོད་ཀྱི་ཡོད། མདོར་ན། རྒྱུད་གང་ཞིག་གི་དུག་སྲིན་ཡིན་ཡང་ཚང་མ་PCRབརྟག་དཔྱད་བྱས་ནས་རྙེད་ཐུབ་པས་སེམས་ཁྲལ་བྱེད་དགོས་དོན་མེད།

རྒྱུ་མཚན། ཨའོ་སྨི་ཁེ་རུང་གིས་གོ་ལ་ཧྲིལ་པོའི་ས་ཆ་མང་པོར་རེས་སྐོར་གསར་པའི་རིམས་ནད་ཀྱི་འཇིགས་སྣང་བཟོས་ཡོད་པས་དཀྲོག་གཏམ་གསར་པ་དེ་རིགས་སྐབས་འདི་དང་བསྟུན་ནས་ཐོན་པ་དང་བསྒྲགས་ཡོད། ཨའོ་སྨི་ཁེ་རུང་ཡང་བརྟག་དཔྱད་བྱས་ནས་རྙེད་ཐུབ་པའི་ཏོག་དབྱིབས་ནད་དུག་གསར་པའི་རིགས་གཅིག་ཡིན། ཏོག་དབྱིབས་ནད་དུག་གསར་པ་ཁག་གཅིག་ལམ་སེང་ཨའོ་སྨི་ཁེ་རུང་ལ་ངོས་འཛིན་བྱེད་མི་ཐུབ་པས་རེད།