肥胖者血管里会流油,可以通过透析的方法去油减肥
ཤ་རྒྱགས་པ་ཞིག་གི་ཁྲག་རྩའི་ནང་ནས་སྣུམ་སིམ་ཐུབ་པས་བསིང་བཅོས་ཀྱི་ཐབས་ལ་བརྟེན་ནས་ལུས་ཤ་སྐམ་ཐུབ།

发布时间:2022年10月10日

image005.jpg

【流言】肥胖者血液里会有很多脂肪,用透析的方法把这些脂肪提取出来,就能减肥。

【真相】透析无法去除血液中的“油”,也不可用来减肥。血液中含有的脂类,简称“血脂”,是以血浆脂蛋白的形式存在的。常规的血液透析,多用于排出体内多余的水分和小分子代谢废物,并不能去除血脂。使用吸附脂肪的吸附柱,虽能够将血脂滤出,但这种方法不能用于减肥。因为就算过滤掉血液中的脂类,身体其他部位的脂肪也不会减少,而且这种方法在去除血脂的同时,还可能造成血液中部分蛋白质的丢失。所以,想靠这种方法来去油减肥,只会得不偿失,医生更不可能随便为减肥者进行这种治疗。想要健康减肥,仍应从调整饮食和加强锻炼等方面着手。

理由:世界上没有免费的午餐,减肥同样也没有捷径,惟有科学饮食和加强锻炼才能健康减肥。减肥的目的本来是为了身体健康,但听信流言想要走捷径,最后往往会发现与健康背道而驰。


དཀྲོག་གཏམ། ཤ་རྒྱགས་པ་ཞིག་གི་ཁྲག་རྩའི་ནང་ནས་སྣུམ་སིམ་ཐུབ་པས་བསིང་བཅོས་ཀྱི་ཐབས་ལ་བརྟེན་ནས་ཤ་ཚིལ་དེ་དག་འཐེན་ཚེ། ལུས་ཤ་སྐམ་ཐུབ་ཟེར་བ།

དོན་དངོས་གསལ་འགྲེལ། བསིང་བཅོས་བྱས་ནས་ཁྲག་ནང་གི“སྣུམ་”འཐེན་མི་ཐུབ་ལ། ལུས་ཤ་སྐམ་པོ་ཡང་ཆགས་མི་ཐུབ། ཁྲག་ནང་འདུས་པའི་ཤ་ཚིལ་དེ་ལ་ཁྲག་ཚིལ་ཟེར། དེ་ནི་ཁྲག་ཁུའི་ཚིལ་དང་སྤྲི་དཀར་གྱི་རྣམ་པའི་ཐོག་ནས་གནས་ཡོད། རྒྱུན་ལྡན་གྱི་ཟུང་ཁྲག་བསིང་བཅོས་བྱ་ཐབས་དེ་རིགས་ལུས་ཆུ་ལྷག་མ་ཕྱིར་འབུད་བྱེད་པ་དང་འདུས་རྡུལ་ཆུང་བ་རྙིང་ཚབ་གསར་བརྗེས་ཐད་སྤྱོད་ཀྱི་ཡོད་པ་ལས་ཁྲག་ཚིལ་འཐེན་མི་ཐུབ།  ཤ་ཚིལ་འཇིབ་བྱེད་ཀྱི་འཇིབ་སྦུབས་ཀྱིས་ཁྲག་ཚིལ་བསིང་ཐུབ་ཀྱང་བྱ་ཐབས་དེ་རིགས་ཀྱིས་ལུས་ཤ་སྐམ་མི་ཐུབ། གང་ཡིན་ཟེར་ན། ཁྲག་ཚིལ་ནང་གི་ཚིལ་ལོ་འཚག་རྒྱག་ཐུབ་ཀྱང་ལུས་པའི་དབང་པོ་གཞན་དག་གི་ཤ་ཚིལ་ཉུང་དུ་གཏོང་མི་ཐུབ། ཐབས་ཤེས་དེ་རིགས་ཀྱིས་ཁྲག་ཚིལ་འཐེན་ཐུབ་ནའང་ཟུང་ཁྲག་ནང་གི་སྤྲི་དཀར་ཁག་གཅིག་ཤོར་སྲིད། དེར་བརྟེན་ཐབས་འདི་བརྒྱུད་ནས་ཁྲག་ཚིལ་འཐེན་ཏེ་ལུས་ཤ་སྐམ་དུ་འཇུག་འདོད་ན་ཐོབ་ཤོར་ཁ་མི་འཐབ་ལ། སྨན་པས་གང་འདོད་ལྟར་ཐབས་འདི་རིགས་སྤྱོད་མི་སྲིད། ལུས་ཤ་སྐམ་དུ་གཏོང་འདོད་ན། སྔར་བཞིན་བཟའ་བཏུང་གོམས་གཤིས་ལེགས་སུ་གཏོང་བ་དང་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་སོགས་བྱེད་དགོས་ཀྱི་ཡོད།

རྒྱུ་མཚན། དཀའ་བ་མ་སྤྱད་པར་འབྲས་བུ་ཐོབ་ག་ལ་སྲིད། ལུས་ཤ་སྐམ་དུ་འཇུག་པར་མགྱོགས་ལམ་གང་ཡང་མེད། ཚན་རིག་དང་མཐུན་པའི་བཟའ་བཏུང་བྱེད་པ་དང་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ཚེ། གཞི་ནས་བདེ་ཐང་ངང་ལུས་ཤ་སྐམ་ཐུབ། ལུས་ཤ་སྐམ་དུ་གཏོང་བའི་དམིགས་ཡུལ་ནི་གཟུགས་པོ་བདེ་ཐང་གི་ཆེད་དུ་ཡིན། གལ་ཏེ་དཀྲོག་གཏམ་དེ་རིགས་ལ་ཡིད་ཆེས་བྱས་ན། མཐར་བདེ་ཐང་ཡོང་བའི་དམིགས་ཡུལ་དང་རྒྱབ་འགལ་དུ་འགྱུར་སྲིད།