宝宝穿纸尿裤导致O形腿、红屁股
ཕྲུ་གུ་དམར་འབྱར་གྱིས་ཤོག་བུའི་གཅིན་དོར་གྱོན་ན། རྐང་པ་Oདབྱིབས་སུ་གྱུར་བ་དང་རྐུབ་དམར་པོར་གྱུར་སྲིད་ཟེར་བ།

发布时间:2022年10月10日

image007.jpg

【流言】纸尿裤会让宝宝腿无法并拢,还会让屁股一直潮湿,易导致O形腿、红屁股。

【真相】这两种现象都与纸尿裤无关。胎儿在母亲肚子里为蜷缩状,双腿呈O形,这种腿型在胎儿出生后会延续至2岁左右,属正常现象。而出现“红屁股”是宝宝皮肤长期接触排泄物受到刺激所致,与穿不穿纸尿裤没有直接关系。若想减少这种现象的发生,最好的办法就是从正规渠道购买合格的产品,并及时更换。

理由:涉及婴幼儿安全的议题总是特别能引发人们关注,所以这也是流言高发的领域。宝宝双腿呈O形和“红屁股”非常常见,如不了解正确的原因,想当然地怪罪于穿纸尿裤,不仅解决不了问题,还常常会引发家庭矛盾。


དཀྲོག་གཏམ།  ཤོག་བུའི་གཅིན་དོར་གྱིས་ཕྲུ་གུ་དམར་འབྱར་གྱི་རྐང་པ་གཉིས་རུབ་རུབ་ཏུ་གྱུར་བ་མ་ཟད། ད་དུང་རྐུབ་ལ་དབུགས་སུབ་ཐེབས་ནས་རྐང་པ་Oདབྱིབས་སུ་གྱུར་བ་དང་རྐུབ་དམར་པོ་ཆགས་སྲིད།

དོན་དངོས་གསལ་འགྲེལ། སྣང་ཚུལ་འདི་གཉིས་ཤོག་བུའི་གཅིན་དོར་དང་རྩ་བ་ནས་འབྲེལ་བ་མེད། ཨ་མའི་མངལ་གནས་ནང་གི་ཕྲུ་གུའི་རྐང་པ་གཉིས་ཀ་འཁུམ་ནས་སྡོད་པ་དང་Oདབྱིབས་ཡིན། གནས་ཚུལ་དེ་ཕྲུ་གུ་བཙས་རྗེས་ལོ་གཉིས་ཙམ་བར་ཐོན་སྲིད་པས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། རྐུབ་དམར་པོ་ཆགས་པ་ནི་ཕྲུ་གུ་དམར་འབྱར་གྱི་རྐུབ་དང་སྐྱགས་གཅིན་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་འབྲེལ་བ་ཡོད་པ་ལས། ཤོག་བུའི་གཅིན་དོན་གྱོན་མིན་དང་ཐད་ཀར་འབྲེལ་བ་མེད། གལ་ཏེ་སྣང་ཚུལ་དེ་རིགས་ཐོན་ཉུང་དུ་གཏོང་འདོད་ན། ཐབས་ཤེས་ཡག་ཤོས་ནི་ཚད་ལྡན་གྱི་ཐབས་ལམ་ནས་ཚད་ལོན་གྱི་ཐོན་རྫས་ཉོས་དགོས་པ་དང་གཅིན་དོར་དུས་ཐོག་ཏུ་བརྗེ་དགོས།

རྒྱུ་མཚན། ཕྲུ་གུ་དམར་འབྱར་གྱི་བདེ་ཐང་དང་འབྲེལ་བའི་གྲོས་གཞིར་རྟག་ཏུ་མི་རྣམས་ཀྱིས་དམིགས་སུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། དེ་ཡང་དཀྲོག་གཏམ་འབྱུང་མང་བའི་ཁྱབ་ཁོངས་ཤིག་རེད། ཕྲུ་གུ་དམར་འབྱར་གྱི་རྐང་པ་Oདབྱིབས་སུ་གྱུར་བ་དང་རྐུབ་དམར་པོ་ཆགས་པ་ནི་རྒྱུན་མཐོང་གི་གནས་ཚུལ་ཞིག་རེད། གལ་ཏེ་ཡང་དག་པའི་རྒྱུ་རྐྱེན་མ་ཤེས་ན། ཤོག་བུའི་གཅིན་དོར་ལ་སྐྱོན་འཛུགས་བྱེད་སྲིད། དེ་ལྟར་བྱས་ན། གནད་དོན་ཐག་གཅོད་མི་ཐུབ་པ་མ་ཟད། རྒྱུན་དུ་ཁྱིམ་ཚང་ནང་འགལ་བ་ཡང་འབྱུང་སྲིད།