出血热可通过草莓传播
ཁྲག་ཐོན་ཚ་ནད་འབྲི་ཏ་ས་འཛིན་བརྒྱུད་ནས་ཁྱབ་འགྲོ་ཡི་ཡོད་ཟེར་བ།

发布时间:2022年10月10日

image009.jpg

【流言】有人吃了草莓,感染了出血热,不要再吃疫区的草莓了。

【真相】这里的“出血热”,指的是肾综合征出血热,主要是由黑线姬鼠和褐家鼠携带的汉坦病毒感染人类所致,并不是由草莓本身传播的。感染病毒的鼠类,其唾液、血、尿、便中都含有病毒,均具有传染性。不管是什么食物,沾染上了带有病毒的鼠类排泄物又很快被食用的话,就可能传播出血热,但如果好好清洗食物或充分加热做熟食用,风险就会大大降低。肾综合征出血热并不是新出现的传染病,目前其病原体、主要传播途径都已非常明确,防控手段也较成熟,相关疫苗也早已上市多年,加上支持治疗手段的进步,无论是感染人数还是死亡人数都较低。接种疫苗、养成良好的卫生习惯即可预防。

理由:这则流言可以视为是新一轮新冠疫情带来的恐慌效应扩大化的结果,在新冠疫情流行的背景下,任何关于传染病的消息都会被放大,结果草莓不幸成了“背锅侠”,而种草莓的农户则损失惨重。


དཀྲོག་གཏམ། མི་ཞིག་འབྲི་ཏ་ས་འཛིན་བཟས་ནས་ཁྲག་ཐོན་ཚ་ནད་འགོས་འདུག་པས། རིམས་ནད་ཐོན་ཁུལ་གྱི་འབྲི་ཏ་ས་འཛིན་བཟའ་རྒྱུ་མེད།

དོན་དངོས་གསལ་འགྲེལ། འདི་གར་བརྗོད་པའི“ཁྲག་ཐོན་ཚ་ནད”ཞེས་པ་ནི་མཁལ་མའི་རྟགས་འདུས་ཀྱི་ཁྲག་ཐོན་ཚ་ནད་ཟེར་ཞིང་། གཙོ་བོ་བྱི་བ་ནག་པོ་དང་བྱི་བ་ཐལ་མདོག་གིས་ཧན་ཐན་ནད་དུག་ཁྱེར་འོང་ནས་མིའི་རིགས་ལ་འགོས་ཀྱི་ཡོད་པ་ལས། འབྲི་ཏ་ས་འཛིན་ལས་འགོས་ཀྱི་མེད། ནད་དུག་འགོས་པའི་བྱི་བའི་ཁ་ཆུ་དང་། ཁྲག  སྐྱག་གཅིན་བཅས་ནང་ནད་དུག་འདུས་ཡོད་ལ། ཚང་མར་འགོས་ཁྱབ་རང་བཞིན་ལྡན་ཡོད། ཟས་གང་ཞིག་ཡིན་རུང་ནད་དུག་འགོས་པའི་བྱི་རིགས་ཀྱི་སྐྱག་གཅིན་ཐུག་པ་དང་ཟས་པ་ཡིན་ན། ཁྲག་ཐོན་ཚ་ནད་འབྱུང་སྲིད། གལ་ཏེ་སྐྱག་གཅིན་ཐུག་པའི་ཟས་རིགས་གཙང་འཁྲུས་ཡག་པོ་བྱེད་པའམ་ཡང་ན་ཚ་པོ་བཟོས་ནས་ཟས་པ་ཡིན་ན། ནད་དུག་འགོས་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ། མཁལ་མའི་རྟགས་འདུས་ཀྱི་ཁྲག་ཐོན་ཚ་ནད་ནི་གསར་དུ་བྱུང་བའི་འགོས་ནད་ཅིག་གཏན་ནས་མིན། མིག་སྔར་དེའི་ནད་ཀྱི་འབྱུང་རྩ་དང་ཁྱབ་ལམ་གཙོ་བོ་ཧ་ཅང་གསལ་བོ་ཤེས་ཡོད་ལ། སྔོན་འགོག་ཚོད་འཛིན་བྱེད་ཐབས་ཀྱང་ཅུང་འཐུས་སྒོ་ཚང་པོ་ཞིག་ཀྱང་ཡོད། དེས་མ་ཚད་འབྲེལ་ཡོད་རིམས་འགོག་སྨན་ཁབ་ཀྱང་ཁྲོམ་ཐོག་ཏུ་བཏོན་ནས་ལོ་མང་སོང་ཡོད། དེའི་ཐོག་སྨན་བཅོས་བྱེད་ཐབས་ཡར་རྒྱས་སོང་ནས་ནད་དུག་འདི་འགོས་པའི་མི་གྲངས་དང་དེ་ལས་ཤི་བའི་མི་གྲངས་གང་ཡིན་རུང་ཚང་མ་ཅུང་ཉུང་ཉུང་རེད། རིམས་འགོག་སྨན་ཁབ་བརྒྱབ་པ་དང་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་ན། ནད་དུག་འདི་སྔོན་འགོག་བྱེད་ཐུབ།

རྒྱུ་མཚན།དཀྲོག་གཏམ་དེ་ནི་རེས་སྐོར་གསར་པའི་ཏོག་གསར་རིམས་ནད་ཀྱི་འཇིགས་སྣང་ཆེ་རུ་བཏང་བ་ཞིག་རེད། ཏོག་གསར་རིམས་ནད་ཁྱབ་པའི་གནས་ཚུལ་འོག  རིམས་ནད་དང་འབྲེལ་བའི་ཆ་འཕྲིན་གང་ཞིག་ཡིན་རུང་ཚང་མ་ཁྱབ་ཆེ་རུ་གཏོང་གི་ཡོད། དེར་བརྟེན་འབྲི་ཏ་ས་འཛིན་ལ་སྟབས་མ་ལེགས་པར་ཉེས་མེད་སྐྱོན་བཙུགས་ཕོག་པས་འབྲི་ཏ་ས་འཛིན་འདེབས་མཁན་ཞིང་དུད་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད།