电池充电要充到100%,对电池更好
གློག་རྫས་ལ་གློག་གསོག་སྐབས་100%ཟིན་པ་བྱེད་དགོས། དེ་ལྟར་བྱས་ན་གློག་རྫས་ལ་གནོད་པ་མེད།

发布时间:2022年10月10日

image003.jpg

【流言】给手机充电时要彻底充满,这样能让电池寿命更持久。

【真相】经常给手机充电至100%,对手机中的锂离子电池并不好。因为这种电池之所以能够工作,靠的是锂离子在正负极之间的移动。而电池的正负极所能容纳的锂离子数量,与容量直接相关。锂离子电池深度充放电,可能损坏其正负极的材料结构,使容纳锂离子的空间变少,其容量也随之降低,电池寿命就降低了。虽然手机都有电池管理系统,能够避免过充或过放,但长期让手机保持低电量或满电量,有可能损伤电池,导致其容量减少。因此,充电的最好方式就是浅充浅放,没电就充,充满就拔。长期不使用手机,可保留一半电量,这样能有效延长电池寿命。

理由:给手机充电,几乎是每个人每天都要做的事,所以该谣言传播范围极广。正确理解充放电原理,以正确的方式为手机充电,一方面可以缓解大家的电量焦虑,另一方面也可以保护资源,有利于可持续发展。


དཀྲོག་གཏམ། ཁ་པར་ལ་གློག་གསོག་དུས་100%ཟིན་པ་བྱེད་དགོས། འདི་ལྟར་བྱས་ན་གློག་རྫས་ཡུན་རིང་པོ་སྤྱོད་ཐུབ།

དོན་དངོས་གསལ་འགྲེལ། གློག་གསོག་དུས་རྟག་ཏུ100%ཟིན་པ་བྱས་ན་ལག་ཐོགས་ཁ་པར་གྱི་གློག་རྫས་ལ་གནོད་ཀྱི་ཡོད། གང་ཡིན་ཟེར་ན། གློག་རྫས་ནི་ལི་གྱེས་རྡུལ་གྱི་ཕོ་སྣེ་མོ་སྣེ་ཕན་ཚུན་སྒུལ་སྐྱོད་བྱས་ནས་གློག་བྱུང་གི་ཡོད། གློག་རྫས་ནང་གི་ཕོ་སྣེ་མོ་སྣེས་ཤོང་བའི་ལིས་གྱེས་རྡུལ་གྱི་གྲངས་འབོར་དང་གློག་ཤོང་ཚད་དབར་ཐད་ཀར་འབྲེལ་བ་ཡོད། ལིས་གྱེས་རྡུལ་གྱི་གློག་རྫས་ལ་གློག་སྡག་སྡག་གསོག་པ་དང་རྫོགས་རྫོགས་བཏང་ན། ཕོ་སྣེ་མོ་སྣེའི་རྒྱུ་ཆའི་གྲུབ་ཆར་གནོད་ནས་ལི་གྱེས་རྡུལ་ཤོང་བའི་བར་སྟོང་ཉུང་དུ་སོང་སྟེ་དེའི་ཤོང་ཚད་ཀྱང་དེ་དང་བསྟུན་ནས་ཆག་པ་དང་གློག་རྫས་ཡུན་རིང་སྤྱོད་མི་ཐུབ། ལག་ཐོགས་ཁ་པར་ཚང་མར་གློག་རྫས་དོ་དམ་མ་ལག་ཡོད་པས་གློག་སྡག་སྡག་གསོག་པ་དང་རྫོགས་རྫོགས་བཏང་བའི་གནས་ཚུལ་མི་ཐོན་པ་བྱེད་ཐུབ་ཀྱང་། ཁ་པར་ཡུན་རིང་པོ་གློག་ཉུང་ཉུང་དང་གློག་སྡག་སྡག་བཞག་ན། གློག་རྫས་ལ་གནོད་སྲིད་ལ། གློག་ཤོང་ཚད་ཀྱང་ཉུང་དུ་འགྲོ་སྲིད། དེར་བརྟེན་ཁ་པར་ལ་གློག་གསོག་སྐབས་ཚད་རན་པོ་བྱེད་དགོས། དཔེར་ན། ཁ་པར་ལ་གློག་མེད་དུས་གློག་གསོག་པ་དང་གློག་ཁེངས་དུས་གློག་གསོག་མཚམས་བཞག་པ་སོགས་བྱེད་དགོས། ཁ་པར་ཡུན་རིང་པོ་བེད་སྤྱོད་མ་བཏང་ན། གློག་རྫས་ཕྱེད་ཀ་བསགས་ནས་རང་སོར་བཞག་ཆོག  དེ་ལྟར་བྱས་ཚེ། གློག་རྫས་ཡུན་རིང་པོ་སྤྱོད་ཐུབ།

རྒྱུ་མཚན། ཁ་པར་ལ་གློག་གསོག་པ་ནི་ཕལ་ཆེར་མི་ཚང་མས་བྱེད་པའི་བྱ་བ་ཞིག་ཡིན་པས། དཀྲོག་གཏམ་དེའི་ཁྱབ་རྒྱ་ཤིན་ཏུ་ཆེན་པོ་ཡོད། ང་ཚོས་གློག་གསོག་གློག་གཏོང་གི་རྩ་བའི་རིགས་པར་རྒྱུས་ལོན་བྱས་ཏེ་ཡང་དག་པའི་སྒོ་ནས་ཁ་པར་ལ་གློག་གསོག་དགོས། དེ་ལྟར་བྱས་ཚེ། ཕྱོགས་གཅིག་ནས་གློག་འདང་ཚད་ལ་སེམས་ཁྲལ་བྱེད་མི་དགོས་ལ། ཕྱོགས་གཞན་ཞིག་ནས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཐུབ་ལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཕན་པ་ཡོད།