“非油炸”更健康
“སྣུམ་ནང་མ་སྲེག་པའི་ཟས་རིགས”དེ་བས་བདེ་ཐང་ལྡན་པ་ཟེར་བ།

发布时间:2022年10月10日

image037.jpg

【流言】油炸食品犹如“洪水猛兽”。我们经常看到商家强调“非油炸食品”,因为非油炸食品很健康,可以放心食用。

【真相】“非油炸”不一定健康,关键要看配料和工艺。首先,非油炸不等于无油,很多非油炸食物添加的食用油并不少。其次,非油炸不等于低脂肪,以方便面来说,油炸和非油炸相比,脂肪含量可以相差1倍多,但对于薯片而言,非油炸和油炸的脂肪含量相差不大。另外,非油炸不等于加热的温度低,非油炸的工艺如果温度高、时间长,依然存在营养破坏的。因此不能因为“非油炸”就敞开了吃。


དཀྲོག་གཏམ།   སྣུམ་སྲེག་ཟས་རིགས་ནི་ཧ་ཅང་མང་པོ་རེད། ང་ཚོས་རྒྱུན་དུ་ཚོང་པ་ཚོས“སྣུམ་ནང་མ་སྲེག་པའི་ཟས་རིགས”ཡིན་ཚུལ་ནན་བཤད་བྱེད་པ་མཐོང་ཐུབ། དེས་ན་སྣུམ་ནང་མ་སྲེག་པའི་ཟས་རིགས་ནི་ཧ་ཅང་བདེ་ཐང་དང་ལྡན་པ་དང་བློ་བདེ་པོས་ཟ་ཆོག་པ་ཡིན་ཚུལ་ཞིག་མངོན་གྱི་ཡོད།

དོན་དངོས་གསལ་འགྲེལ།“སྣུམ་ནང་མ་སྲེག་པའི”ཟས་རིགས་ཀྱང་བདེ་ཐང་ཡིན་པའི་ངེས་པ་མེད་ཅིང་། གཙོ་བོ་སྦྱོར་རྟ་དང་བཟོ་རྩལ་ལ་ལྟ་དགོས། དང་པོ། སྣུམ་ནང་མ་སྲེག་ཀྱང་སྣུམ་མེད་པ་ཡིན་པའི་ངེས་པ་མེད། སྣུམ་ནང་མ་སྲེག་པའི་ཟས་རིགས་མང་པོ་ཞིག་ལའང་ཟ་སྣུམ་མང་པོ་བསྣན་ཡོད། གཉིས། སྣུམ་ནང་མ་སྲེག་པའི་ཟས་རིགས་དེ་ཞག་ཚི་ཉུང་ཉུང་ཡིན་པའི་ངེས་པ་མེད། སྟབས་བདེའི་ཐུག་པ་ལྟ་བུར་ཆ་བཞག་ན། སྣུམ་ནང་སྲེག་པ་དང་མ་བསྲེག་པ་གཉིས་བསྡུར་ཚེ་ཞག་ཚི་འདུས་ཚད་དེ་ལྡབ་གཅིག་ཙམ་ཉུང་བ་ཡོད། འོན་ཀྱང་ཞོག་སྲེག་ལྟ་བུར་ཆ་བཞག་ན་སྣུམ་ནང་སྲེག་པ་དང་མ་བསྲེག་པ་གཉིས་ཀྱི་ཞག་ཚི་འདུས་ཚད་ལ་ཧ་ལམ་ཁྱད་པར་མེད། གཞན་ཡང་སྣུམ་ནང་མ་སྲེག་པའི་ཟས་རིགས་རྣམས་དྲོད་ཆེན་པོ་བཏང་ནས་བཟོས་པ་མིན་པའི་ངེས་པ་མེད་ཅིང་། གལ་ཏེ་དྲོད་ཆེན་པོ་བཏང་ནས་དུས་ཚོད་རིང་པོ་བཞག་པ་ཞིག་ཡིན་ཚེ་འཚོ་བཅུད་ཉམས་སྲིད། དེས་ན“སྣུམ་ནང་མ་སྲེག་པའི་ཟས་རིགས”ཡིན་ནའང་ཚང་མ་གང་འདོད་དུ་ཟ་རྒྱུ་མེད།