食用隔夜菜会导致肾衰竭
ཞག་ལུས་ཚལ་བརྔོས་མ་བཟས་ན་མཁལ་མ་ཉམས་པ་ཟེར་བ།

发布时间:2022年10月10日

image047.jpg

【流言】据网络报道,3年前有名记者疑因吃隔夜剩菜引发急性肾衰竭,在重症监护室(ICU)住了近1个月。无独有偶,湖北荆州的一名渔民在吃了前一天剩下的鱼虾等食物后不久,便出现发热、腹泻等症状。服用止泻药3天,去厕所的次数虽然减少了,但却像得了重病一样,眼眶深凹,脸色蜡黄,连路都走不动,小便也排不出来。经医院检查发现,渔民的肾脏功能基本丧失,被诊断为急性肾衰竭。

【真相】通常情况下,人食用了变质的隔夜菜只会造成一些消化系统症状及不适感,并不会严重到引起肾衰竭。造成隔夜菜品质下降的主要原因包括细菌增殖引起的食物腐败变质和亚硝酸盐含量的增加。剩饭菜中的细菌可来自于烹饪环境、盛放器皿、食用方式、储存环境等。人在食用被污染的饭菜后很容易引发胃肠炎,产生腹痛、腹泻、腹胀、呕吐等身体不适感。在极个别情况下,人在食用腐败变质的隔夜菜导致腹泻又未能及时补充水分时,可导致人体严重脱水,造成肾脏缺血,进而引发急性肾衰竭。


དཀྲོག་གཏམ།  དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་གསུམ་གོང་སྐད་གྲགས་ཆེ་བའི་གསར་འགོད་པ་ཞིག་ལ་ཞག་ལུས་ཚལ་བརྔོས་མ་བཟས་པ་ལས་དོས་དྲག་རང་བཞིན་གྱི་མཁལ་མ་ཉམས་པའི་དོགས་གཞི་བྱུང་ཞིང་། ནད་པ་དེ་ནད་ལྕི་ལྟ་སྐྱོང་ཁང(ICU)དུ་ཟླ་གཅིག་ཙམ་བསྡད་ཡོད། གཞན་ཡང་ཧུའུ་པེ་ཅིང་ཀྲོའུ་ཡི་ཉ་པ་ཞིག་གིས་ཉིན་གཅིག་གོང་གི་ཉ་ཤ་ལྷག་མ་སོགས་བཟས་ནས་ཡུན་རིང་མ་སོང་བར་ཚ་བ་བརྒྱབ་པ་དང་གྲོད་ཁོག་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་ཡོད། བཤལ་སྨན་ཉིན་གསུམ་བཟས་རྗེས་གསང་སྤྱོད་དུ་འགྲོ་ཐེངས་ཉུང་དུ་སོང་མོད། འོན་ཀྱང་ནད་ལྕི་པོ་ཕོག་པ་དང་འདྲ་བར་མིག་ཀོང་ཆགས་པ་དང་། ངོ་གདོང་སེར་པོར་གྱུར་པ། གོམ་པ་སྤོ་མི་ཐུབ་པ་མ་ཟད། གཅིན་པའང་གཏོང་མི་ཐུབ་པར་གྱུར་ཡོད། སྨན་ཁང་དུ་བརྟག་དཔྱད་བྱས་པ་བརྒྱུད། ཉ་པ་དེའི་མཁལ་ནུས་གཞི་རྩའི་ཆ་ནས་ཤོར་ཞིང་། དོས་དྲག་རང་བཞིན་གྱི་མཁལ་མ་ཉམས་པའི་ནད་ཕོག་པའི་ནད་དཔྱད་བྱས་ཡོད།

དོན་དངོས་གསལ་འགྲེལ། སྤྱིར་ན་མིས་ངོ་བོ་གྱུར་པའི་ཞག་ལུས་ཚལ་བརྔོས་མ་བཟས་ན་འཇུ་བྱེད་དབང་པོའི་ནད་རྟགས་ཐོན་པ་དང་། ལུས་མི་བདེ་བའི་ཚོར་སྣང་འབྱུང་སྲིད་ལས་མཁལ་མ་ཉམས་པའི་ནད་གཞི་ཚབས་ཆེན་པོ་དེ་རིགས་ཕོག་མི་སྲིད། ཞག་ལུས་ཚལ་བརྔོས་མའི་སྤུས་ཀ་ཞན་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕྲ་སྲིན་སྐྱེ་འཕེལ་ལས་བྱུང་བའི་ཟས་རིགས་རུལ་ནས་ངོ་བོ་གྱུར་པ་དང་ཟེ་འབྲིང་སྐྱུར་ཚྭ་འདུས་ཚད་ཇེ་མང་དུ་འགྲོ་བ་དེ་རེད། ཟས་ལྷག་ནང་གི་འབུ་ཕྲ་ནི་གཡོས་སྦྱོར་ཁོར་ཡུག་དང་། བཟའ་འཐུང་བྱེད་སྟངས། ཉར་འཇོག་ཁོར་ཡུག་སོགས་ལས་བྱུང་བ་ཡིན་སྲིད། སྦགས་བཙོག་ཆགས་པའི་ཟས་ལྷག་མིས་བཟས་ན་ཕོ་རྒྱུའི་གཉན་ཚད་འབྱུང་སླ་ཞིང་། གྲོད་ཁོག་ན་བ་དང་། གྲོད་ཁོག་སྦོས་པ། གྲོད་ཁོག་བཤལ་བ་སོགས་ལུས་པོ་མི་བདེ་བའི་ཚོར་སྣང་འབྱུང་སྲིད། དམིགས་བསལ་གྱི་གནས་ཚུལ་ཉུང་ཤས་འོག རུལ་ནས་ངོ་བོ་གྱུར་པའི་ཞག་ལུས་ཚལ་བརྔོས་མ་བཟས་པ་ལས་གྲོད་ཁོག་བཤལ་བའི་ཁར། དུས་ཐོག་ཏུ་ཆུ་གསབ་རྒྱུ་བྱུང་མེད་པའི་སྐབས་སུ། ལུས་ཆུ་ཤོར་ཚབས་ཆེ་རུ་སོང་ཏེ་མཁལ་མར་ཁྲག་མི་འདེང་བར་དོས་དྲག་རང་བཞིན་གྱི་མཁལ་མ་ཉམས་པའི་ནད་ཕོག་སྲིད།