高血压是遗传疾病,预防也没有用
ཁྲག་ཤེད་མཐོ་བའི་ནད་ནི་རྒྱུད་ཁྲིད་རང་བཞིན་གྱི་ནད་ཅིག་ཡིན་པས་སྔོན་འགོག་བྱས་ནའང་ཕན་ཐོགས་མེད།

发布时间:2022年10月11日

image051.jpg

【流言】高血压是遗传疾病,父母一方或双方于较年轻时发生高血压,其子女未来发生高血压的风险会显著升高,反正躲也躲不开,预防也没有用。

【真相】高血压虽然是遗传性的疾病,但它是可以预防的,健康的生活方式可以推迟高血压的发病年龄,减少降压药的服用种类和用量,和预防一部分高血压的并发症。研究显示,除外伤外,几乎所有疾病都和基因有关系。高血压虽然和遗传有关系,但也和很多其他环境因素相关。比如高钠盐低钾盐饮食、肥胖、喝酒、抽烟、熬夜等不健康的生活习惯也会引起高血压。建立良好的生活习惯,可以降低发生高血压的风险,预防及推迟高血压的发病。对于有高血压家族遗传基因的人,应更注意保持健康的生活方式。


དཀྲོག་གཏམ། ཁྲག་ཤེད་མཐོ་བའི་ནད་ནི་རྒྱུད་ཁྲིད་རང་བཞིན་གྱི་ནད་ཅིག་ཡིན་ཞིང་། ཕ་མ་ཕྱོགས་གཅིག་གམ་ཡང་ན་དེ་གཉིས་ལ་ལོ་ན་ཅུང་གཞོན་པའི་སྐབས་སུ་ཁྲག་ཤེད་མཐོ་བའི་ནད་ཕོག་ན། དེའི་བུ་ཕྲུག་ལ་མ་འོངས་པར་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་ཉེན་ཁ་གཞན་ལས་ཆེ་བ་ཡོད། དེས་ན་གཡོལ་དགོས་བསམས་ཀྱང་གཡོལ་ཐབས་བྲལ་བ་དང་སྔོན་འགོག་བྱས་ནའང་ཕན་ཐོགས་མེད།

དོན་དངོས་གསལ་འགྲེལ། ཁྲག་ཤེད་མཐོ་བའི་ནད་ནི་རྒྱུད་ཁྲིད་རང་བཞིན་གྱི་ནད་ཅིག་ཡིན་རུང་སྔོན་འགོག་བྱེད་ཐུབ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་བྱུང་ན་ཁྲག་ཤེད་མཐོ་བའི་ནད་ལངས་པའི་དུས་ཚོད་ནར་འགྱངས་བྱེད་ཐུབ་པ་དང་། ཁྲག་ཤེད་གཅོག་པའི་སྨན་གཏོང་བའི་རིགས་ཉུང་དུ་དང་སྤྱོད་ཚད་དམའ་རུ་གཏོང་ཐུབ་པ། ཁྲག་ཤེད་མཐོ་བའི་ནད་ཀྱི་མཉམ་བྱུང་ནད་རིགས་ཁ་ཤས་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། ཞིབ་འཇུག་ལས་མངོན་པར། ལུས་ཕྱིའི་རྨས་སྐྱོན་ཕུད་པའི་ནད་རིགས་ཕལ་ཆེ་བ་རིགས་རྒྱུད་དང་འབྲེལ་བ་ཡོད། ཁྲག་ཤེད་མཐོ་བའི་ནད་དེ་རིགས་རྒྱུད་དང་འབྲེལ་བ་ཡོད་ལ། ཁོར་ཡུག་གི་རྒྱུ་རྐྱེན་གཞན་དག་མང་པོ་དང་འབྲེལ་བའང་ཡོད་པ་དཔེར་ན། བ་ཚྭ་མང་ལ་ཅཱ་ཚྭ་ཉུང་བའི་ཟས་ལ་དགའ་བ་དང་། ཤ་རྒྱགས་པ། ཆང་རག་འཐུང་བ། ཐ་མག་འཐེན་པ། མཚན་འཁྱོངས་བ་སོགས་འཚོ་བའི་གོམས་གཤིས་ངན་པ་ལས་ཀྱང་ཁྲག་ཤེད་མཐོ་བའི་ནད་ཕོག་སྲིད། འཚོ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་ན་ཁྲག་ཤེད་མཐོ་བའི་ནད་ལངས་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་ལ། ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་དང་ནད་ལངས་པའི་དུས་ཚོད་ཀྱང་ནར་འགྱངས་བྱེད་ཐུབ། ཁྱིམ་རྒྱུད་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་མཁན་ཡོད་པའི་མིས་འཚོ་བ་སྐྱེལ་སྟངས་ལ་དེ་བས་ཀྱང་དོ་སྣང་ཆེན་པོ་བྱེད་དགོས།