自来水中有避孕药
རང་འབབ་ཆུའི་ནང་དུ་སྦྲུམ་འགོག་སྨན་ཡོད་ཟེར་བ།

发布时间:2022年10月11日

image053.jpg

【流言】自来水中有避孕药,难怪不孕不育越来越多!避孕药环境污染可导致野生动物不育或降低再生能力。另外,它们作为持久污染物,一般水处理技术去不掉;人体积累,后果难料……

【真相】饮用合格达标的自来水绝对不会导致不孕不育,标准规定范围内微量的雌激素也不会对身体有其他什么影响。避孕药中主要避孕的成分为乙炔雌二醇,每颗药的含量在20-30微克之间。而自来水中其物质的含量一般在0-0.005微克/升,也就是说,一个人至少需要饮用4000升自来水才能够达到一颗避孕药的含量。而一个人一天的饮水量一般最多为2.5升,一个人要连续饮水1600天才有可能摄入一颗避孕药所含有的避孕成分的含量。在如此长的时间下,人体通过新陈代谢早就将其排出了,根本就不会对人体的生殖系统造成影响。


དཀྲོག་གཏམ། རང་འབབ་ཆུའི་ནང་དུ་སྦྲུམ་འགོག་སྨན་ཡོད་པས། མངལ་མི་འཁོར་མཁན་མང་དུ་འགྲོ་ཡི་ཡོད། སྦྲུམ་འགོག་སྨན་ལས་ཁོར་ཡུག་སྦགས་བཙོག་ཆགས་ནས་རི་སྐྱེས་སྲོག་ཆགས་ལ་མངལ་མི་འཁོར་བའམ་ཡང་ན་སླར་སྐྱེའི་ནུས་པ་ཆུང་དུ་འགྲོ་ཡི་ཡོད། དེ་མིན། ཡུན་རིང་ཆགས་པའི་སྦགས་བཙོག་དངོས་པོ་དེ་རིགས་བཙོག་ཆུ་གཙང་སིང་ལག་རྩལ་གྱིས་དག་པར་བྱེད་མི་ཐུབ་པས། མིའི་ལུས་པའི་ནང་དུ་གསོག་འཇོག་ཐེབས་ཚེ་མཇུག་འབྲས་གང་བྱུང་མིན་བརྗོད་པར་དཀའ།

དོན་དངོས་གསལ་འགྲེལ། ཚད་གཞི་ལོན་པའི་རང་འབབ་ཆུ་བཏུངས་པ་ལས་མངལ་མི་འཁོར་བའི་གནས་ཚུལ་ཟེར་བ་གཏན་ནས་ཐོན་མི་སྲིད། ཚད་ལྡན་གཏན་འབེབས་ཁྱབ་ཁོངས་ནང་གི་ཕྲ་རབ་མོ་སྐུལ་རྩི་དེ་ལས་གཟུགས་པོར་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད། སྦྲུམ་འགོག་སྨན་ནང་དུ་ཡོད་པའི་སྦྲུམ་འགོག་གྲུབ་ཆ་གཙོ་བོ་ནི་དབྱི་ཆུའེ་ཞུང་ཨེར་ཁྲུན་རྒྱུ་ཡིན་ཞིང་། སྨན་རིལ་བུ་རེའི་ནང་འདུས་ཚད་ཝུའེ་ཁེ་20ནས30བར་ཟིན་གྱི་ཡོད། རང་འབབ་ཆུ་ཧྲེང་1ནང་དུ་རྒྱུ་དེ་རིགས་འདུས་ཚད་སྤྱིར་ན་ཝུའེ་ཁེ་0ནས་0.005ལས་ཟིན་གྱི་མེད། དེ་ཞིབ་ཕྲ་བཤད་ན། མི་གཅིག་གིས་ཉུང་མཐར་ཡང་རང་འབབ་ཆུ་ཧྲེང་4000བཏུངས་ན་སྦྲུམ་འགོག་སྨན་རིལ་བུ་གཅིག་ནང་འདུས་པའི་ཚད་དུ་གཞི་ནས་སླེབས་ཀྱི་ཡོད། མི་གཅིག་ལ་ཆ་མཚོན་ན་ཉིན་གཅིག་ལ་ཆུ་མང་ཤོས་ལའང་ཧྲེང་2.5ལས་འཐུང་ཐུབ་ཀྱི་མེད་པས་མིའི་ལུས་ཁམས་ཀྱི་སྐྱེ་འཕེལ་མ་ལག་ལ་ཤུགས་རྐྱེན་གཏན་ནས་ཐེབས་མི་སྲིད།