打呼噜是睡得香
སྔུར་སྒྲ་རྒྱག་པ་ནི་གཉིད་སྐྱིད་པོ་ཁུག་པའི་རྟགས་ཟེར་བ།

发布时间:2022年10月11日

image055.jpg

【流言】“瞧你昨晚睡得真香,呼噜声震天响!”我们总能听到这样的对话,认为打呼噜是睡得香,呼噜声越大,睡眠质量越高!

【真相】打呼噜不仅不是睡眠质量好的表现,反而会伤害身体,影响健康。打鼾在医学上是一种常见的病症,叫做呼吸睡眠暂停综合征,是指响亮鼾声、短暂气喘及持续10秒以上的呼吸暂停交替组成,呼吸暂停,口鼻气流停止但胸腹式呼吸仍存在,甚至会遇到几十秒都没有呼吸。在睡眠过程中出现呼吸暂停,会导致血中氧气减少,而长期缺氧会影响大脑的功能。长期打呼噜的人可能会影响记忆力,也有人会出现晨起头痛、脾气暴躁等情况,严重的可能会引发高血压和脑血管疾病,甚至还会引起夜间猝死。当发现有严重的呼吸睡眠暂停的症状时,要及时就医,进行进一步诊断治疗。


 དཀྲོག་གཏམ།“མདང་དགོང་ཁྱེད་རང་གཉིད་སྐྱིད་པོ་ཁུག་སོང་། སྔུར་སྒྲ་འབྲུག་སྒྲ་ལྡིར་ལྡིར་རྒྱག་གི་འདུག”ཅེས་ཟེར་བ་ང་ཚོར་རྒྱུན་དུ་ཐོས་རྒྱུ་ཡོད། སྐད་ཆ་དེ་ཤོད་མཁན་གྱིས་སྔུར་སྒྲ་རྒྱག་པ་ནི་གཉིད་སྐྱིད་པོ་ཁུག་པ་དང་། སྔུར་སྒྲ་ཇི་ཙམ་ཆེ་ན་གཉིད་དེ་ཙམ་གྱིས་ཡག་པོ་ཁུག་པའི་ངོས་འཛིན་གྱི་ཡོད།

 དོན་དངོས་གསལ་འགྲེལ། སྔུར་སྒྲ་རྒྱག་པ་ནི་གཉིད་ཡག་པོ་ཁུག་པའི་རྟགས་མཚན་མིན་པར། དེ་ལས་ལྡོག་སྟེ་གཟུགས་པོར་གནོད་པ་དང་བདེ་ཐང་ལ་གནོད་ཀྱི་ཡོད། སྔུར་སྒྲ་རྒྱག་པ་ནི་གསོ་རིག་གི་ལམ་ནས་བརྗོད་ན་རྒྱུན་མཐོང་ནད་རྟགས་ཤིག་རེད། དེ་ལ་དབུགས་འབྱིན་རྔུབ་རྣམ་པའི་གཉིད་ཐེབས་གནས་སྐབས་མཚམས་འཇོག་གི་ཕྱོགས་བསྡུས་ནད་རྟགས་ཟེར། གཉིད་ཁུག་པའི་རིང་ལ་དབུགས་འབྱིན་རྔུབ་བྱེད་མཚམས་གནས་སྐབས་ཆད་ན་ཁྲག་ནང་གི་དབྱང་རླུང་ཉུང་དུ་འགྲོ་བ་དང་། ཡུན་རིང་དབྱང་རླུང་མི་འདང་ན་ཀླད་ཆེན་གྱི་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དུས་ཡུན་རིང་པོར་སྔུར་སྒྲ་བརྒྱབ་ན་དྲན་ཤེས་ལ་སྐྱོན་བྱེད་པ་དང་། མི་ལ་ལར་ཞོགས་པ་མལ་ནས་ལངས་རྗེས་མགོ་ན་བ་དང་རླུང་ལངས་པ་སོགས་ཀྱི་གནས་ཚུལ་ཐོན་པ། ཚབས་ཆེ་བར་ཁྲག་ཤེད་མཐོ་བ་དང་ཀླད་པའི་ཁྲག་རྩའི་ནད་ལངས་པ། ཐ་ན་མཚན་མོར་གློ་བུར་དུ་ཤི་བའང་ཡོད། དབུགས་འབྱིན་རྔུབ་རྣམ་པའི་གཉིད་ཐེབས་གནས་སྐབས་མཚམས་འཇོག་གི་ནད་རྟགས་ཐོན་སྐབས་དུས་ཐོག་ཏུ་ནད་གཞི་བརྟག་དཔྱད་དང་སྨན་བཅོས་སྔ་ཙམ་བྱེད་དགོས།