ཚན་རིག་རྒྱུན་ཤེས།

འགྲེམས་བསྒྲགས་དུས་ཚོད།:2018-09-28

5.png


Δརྒྱ་མཚོ་ནི་གང་འདྲ་བྱས་ཏེ་འཁྱགས་པ་་ཡིན་ནམ།ཚང་མའི་བསམ་པར་རྒྱ་མཚོའི་ནང་ཚྭ་འདུས་ཡོད་པས་འཁྱགས་པ་ཆགས་ཀྱི་མེད་བསམ་གྱི་ཡོད།དོན་དངོས་ཐོག་དྲོད་ཚད་དམའ་རུ་འགྲོ་སྐབས་ཆུ་ཡི་བཞུར་ཚད་དེ་དམའ་རུ་འགྲོ་བ་དང་ཆབས་ཅིག་ཆུ་ཡི་ནང་གི་ཚྭ་ཐོན་ཏེ་ཆུ་ལ་འཁྱགས་པ་ཆགས་ཀྱི་ཡོད།

Δགང་འདྲ་ཞིག་ལ་ལྗང་མདོག་ཟས་རིགས་ཟེར།ལྗང་མདོག་ཟས་རིགས་ནི་ཀྲུང་གོའི་ལྗང་མདོག་ཟས་རིགས་གོང་འཕེལ་ལྟེ་གནས་ཀྱིས་ངོས་འཛིན་གཏན་འབེབས་བྱས་པའི་ཟས་སྤྱོད་ཆོག་པའི་ལྗང་མདོག་ཟས་རིགས་མཚོན་རྟགས་ཀྱི་སྦགས་བཙོག་མེད་པ་དང་བདེ་འཇགས་ཡིན་པ།སྤུས་དག་བཅས་ཀྱི་འཚོ་བཅུད་ཟས་རིགས་ལ་བརྗོད།

Δརང་རྒྱལ་གྱི་ལྗང་མདོག་ཟས་རིགས་ཀྱི་མཚོན་རྟགས་ནི་ཉི་མ་དང་ལྕང་ལོ།ཟེའུ་འབྲུ་བཅས་ལས་གྲུབ་ཡོད།

Δམཁའ་རླུང་ནི་གཙོ་བོ་ཏཱན་རླུང་དང་དབྱང་རླུང་།དྲི་ངན་དབྱང་རླུང་།དེ་བཞིན་རླུང་གཟུགས་སྣ་ཚོགས་ལས་གྲུབ་པ་ཞིག་ཡིན།

Δསའི་གོ་ལའི་དྲི་ངན་དབྱང་རླུང་ནི་རླུང་གཟུགས་ཆེན་མོའི་་ཁྲོད་ཀྱི་གལ་ཆེའི་བང་རིམ་ཞིག་ཡིན་པ་དང་དེས་ཉི་འོད་ཁྲོད་ཀྱི་སྨུག་ཕྱིའི་འོད་མང་ཆེ་བ་བསྡུ་རུབ་བྱས་ཏེ་ས་གཞི་གོ་ལའི་སྐྱེ་དངོས་སྲུང་སྐྱོང་ཐུབ་སྟེ་ཁོང་ཚོར་ཚད་བརྒལ་གྱི་སྨུག་ཕྱིའི་འོད་འཕྲོའི་གནོད་འཚེ་ཕོག་གི་མེད།