རྒྱལ་ལགས།

འགྲེམས་བསྒྲགས་དུས་ཚོད།:2018-05-31

དུས་ཡུན་རིང་པོའི་ནང་། གནམ་གཤིས་ཀྱི་ལས་སྒོ་དེང་རབས་ཅན་དང་ས་གཤིས་གནོད་འཚེ། གངས་སྐྱོན་དང་ཐན་ཞོད་ལ་སོགས་གནམ་གཤིས་གནོད་འཚེའི་ཆ་འཕྲིན་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་གྱི་ཕྱག་ལས་གནང་ཡོད། བོད་རང་སྐྱོང་ལྗོངས་གནམ་གཤིས་དངོས་ཐོག་ལས་སྒོའི་མ་ལག་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་བྱས་ཏེ་བོད་ཀྱི་གནམ་གཤིས་ལས་སྒོའི་མ་ལག་རྒྱལ་ཡོངས་སྔོན་ཐོན་ཆུ་ཚད་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅིང་། རྙོག་འཛིང་ཆེ་བའི་ས་དབྱིབས་ཆ་རྐྱེན་འོག་ཆུ་ཚོད་གཅིག་རིང་ཆར་ཆུ་བབས་ཚད་ཀྱི་ཚོད་རྩིས་བྱེད་ཐབས་གསར་སྤེལ་གནང་བ་དང་། གངས་སྐྱོན་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་སྔོན་དཔག་ལས་སྒོའི་མ་ལག་བཙུགས་ཤིང་། གནམ་གཤིས་ཀྱི་གནོད་འཚེའི་ཉེན་ཁ་དང་སྐྱོན་ཆག་ཤོར་ཉེན་ཆེ་བ་དང་ཉེན་ཁའི་ཁུལ་དབྱེ་འབྱེད་ཀྱི་དཔེ་རིས་སྒྲིག་འགོད་བྱས་ཡོད། དེ་བཞིན་བོད་ཀྱི་ས་ཁུལ་དུ་གཏད་རྒྱུག་དྲག་པའི་གནམ་གཤིས་ཀྱི་སྔོན་བརྡ་ཞེས་པའི་ཐ་སྙད་དང་ཐུང་ལིན་སྔོན་བརྡ།  ཉེན་ཟོན་ཉེན་བརྡའི་ལས་སྒོའི་མ་ལག་སོགས་ཀྱི་ལས་སྒོ་མང་པོ་ཞིག་བཙུགས་ཤིང་།  ཀྲུང་གོ་གནམ་གཤིས་ཅུས་ཀྱི་དབུ་བཞུགས་སྔོན་བརྡ་བ་ཞིག་ཀྱང་ཡིན།

བརྩམས་ཆོས་ལ་《 བོད་ཀྱི་གནམ་གཤིས་གནོད་འཚེའི་ས་ཁུལ་དབྱེ་འབྱེད་ཞིབ་འཇུག》 ལ་སོགས་པའི་ལྗགས་རྩོམ་མང་ཞིང་།རིག་གཞུང་དཔྱད་རྩོམ་ཁག30 ལྷག་ཙམ་སྤེལ་གནང་ཡོད།“ རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”དང་།“ ཀྲུང་གོའི་ཕུལ་བྱུང་གཞོན་ནུ་བཅུ”དང་“ཀྲུང་གོའི་གཞོན་ནུའི་ཚན་རྩལ་བྱ་དགའ”དང་།“ ཀྲེན་ཅིང་མང་གནམ་གཤིས་སྐོར་གྱི་ཚན་རྩལ་ཤེས་ལྡན་མི་སྣའི་བྱ་དགའ་”ལ་སོགས་པའི་མཚན་སྙན་གཟེངས་རྟགས་ཐོབ་མྱོང་བ་ཡིན།