རིམས་འགོག་ཕྱོགས་སྟོན།

འགྲེམས་བསྒྲགས་དུས་ཚོད།:2022-09-15

བར་ཁྱམས་ཀྱི་གློག་སྐས་འཛུལ་ས།

བར་ཐག་ངེས་ཅན་བཞག་ནས་འཚང་ཁ་རྒྱག་མི་རུང་།

འགོག་སྲུང་གི་གྲོས་འགོ

1.གཞུང་དོན་ཁང་དུ་མ་འཛུལ་གོང་རང་འགུལ་ངང་ཚ་བ་ལྟ་དགོས་པ་དང་། ཚ་བ་རྒྱུན་གཏན་ཡིན་ན་གཞི་ནས་འཛུལ་དགོས།

2.ཡག་ཤོས་བྱུང་ན་རྡོ་སྐས་ནས་བབས་ཏེ་མི་ཚོགས་ལས་གཡོལ་དགོས།

3.གལ་སྲིད་ལས་ཀའི་དགོས་པའི་དབང་གིས་ངེས་པར་དུ་གློག་སྐས་འཛེག་དགོས་ན་ཁ་རས་ཡིན་ཅིག་འདོགས་དགོས།

4.ཐད་ཀར་གློག་སྐས་ཀྱི་མཐེབ་བཀྱག་དང་ལག་པ་འཇུ་སར་རེག་རྒྱུ་མེད། རང་གིས་གཙང་ཤོག་འཁྱེར་ནས་གནོན་པ་དང་མནན་རྗེས་གཙང་ཤོག་གད་སྙིགས་བླུགས་སྣོད་ནང་བླུགས་དགོས།

གཞུང་དོན་སྒྲུབ་ས།

སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་ཐབས་བྱས་ཏེ་མཁའ་རླུང་གཙང་མ་ཡོང་བ་བྱེད་དགོས།

འགོག་སྲུང་གི་གྲོས་འགོ

1.གཞུང་དོན་སྒྲུབ་སའི་ཁོར་ཡུག་གཙང་མ་ཡོང་བ་བྱས་ནས་བྱི་རྟགས་དང་མཐེབ་གཤོང་སོགས་གཞུང་དོན་ཡོ་ཆས་ལ་དུག་སེལ་བྱེད་དགོས།

2.མི་མང་འཛོམས་པའི་ཚོགས་འདུ་ཉུང་ཙམ་འཚོགས་པ་དང་། ཚོགས་འདུ་འཚོག་དགོས་བྱུང་ན་དྲ་རྒྱའི་ཚོགས་འདུ་འཚོག་དགོས།

3.ལག་འཇུ་དང་ཆུ་ཀ་ལ་སོགས་སྤྱི་པའི་ཁུལ་དུ་དུག་སེལ་བྱེད་དགོས།

4.ལས་ཀའི་བར་གསེང་དུ་འགུལ་སྐྱོད་རན་ཙམ་བྱེད་པ་དང་། ལག་པ་ཡང་སེ་འཁྲུད་པ། ཆུ་འཁོལ་མང་ཙང་འཐུང་དགོས།

ལས་ཀར་འགྲོ་སྐབས་དང་ཁྱིམ་དུ་ལོག་སྐབས།

འཚང་ཁ་ལས་གཡོལ་ནས་འགྲོ་བ་དང་ལམ་བར་དུ་ཁ་རས་རྒྱག་དགོས།

འགོག་སྲུང་གི་གྲོས་འགོ

1.ལས་ཀར་འགྲོ་བ་དང་ཁྱིམ་དུ་ལོག་པའི་ལམ་བར་དུ་ཁ་རས་རྒྱག་དགོས།

2.རྐང་ཐང་ངམ་ཡང་ན་རྐང་འཁོར་བཞོན་ནས་ལས་ཀར་འགྲོ་དགོས།

3.ལས་ཁུངས་སམ་ཡང་ན་ཁྱིམ་དུ་སླེབས་མ་ཐག་ལག་པ་བཀྲུས་ནས་དུག་སེལ་བྱེད་དགོས།

4.གལ་སྲིད་ངེས་པར་དུ་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་སྡོད་དགོས་འཁེལ་ན་ལམ་བར་དུ་ཡག་ཤོས་བྱུང་ན་རླངས་འཁོར་གྱི་གང་སར་ལག་པས་རེག་རྒྱུ་མེད།


ཇི་ལྟར་བྱས་ནས་ཐུམ་འབུའི་ནད་འགོག་བཅོས་བྱེད་དགོས་སམ། ན་ཟུག་བཏང་ན་སྡུག་རུས་གཏན་ནས་བྱ་རྒྱུ་མེད། དཔུང་པར་ན་ཟུག་རྒྱག་པ་དེ་དཔུང་ཚིགས་གཉན་ཚད་ཡིན་པའི་ངེས་པ་མེད་པར་དཔུང་པར་རྨས་སྐྱོན་ཕོག་པའང་ཡིན་སྲིད་པ། འདུས་འདྲིལ་གཅོང་ནད་ཐད་ཀྱི་ནོར་འཛོལ། རྒྱལ་ནང་གི་HPVསྔོན་ཁབ་ཐོག་མ་དེ་དངོས་སུ་སྤྱོད་འགོ་ཚུགས་པ། མིག་ནད་སྐྱ་གྲིབ་ཀྱི་མིག་སྨན་བླུགས་ན་ཕན་པ་ཡོད་མེད་སྐོར་ལ། མིག་ནད་སྨན་པ་མཁས་པས་མགྱོགས་པོ་མཚམས་འཇོག་བྱེད་དགོས་པའི་དྲན་སྐུལ་བྱས་པ། སྨན་པས་ཁྱེད་ལ་སྐེད་ཚིགས་རུས་འབུར་ནད་ཀྱི་ན་ཟུག་ཡང་དུ་གཏོང་ཐབས་ཞིག་བསླབ་ཆོག སྐེད་ཚིགས་ཕང་ལོ་ཞེས་པ་ཡང་སྙིང་གང་ལ་ཟེར། སྙིང་ཁམས་ཁྲག་རྩའི་ནད་སྨན་བཅོས་བྱེད་པར་ལྷོད་གཡེང་གཏན་ནས་གཏོང་མི་རུང་།