གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་གོམ་སྟབས་གསུམ་ལ་དབྱེ་ནས་སྐྱོད་པའི་དམིགས་ཚད་ལས་འགན།

འགྲེམས་བསྒྲགས་དུས་ཚོད།:2022-09-19

2020ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ལ་འཕེལ་རིམ་གལ་ཆེན་བྱུང་ནས་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་བྱ་རྒྱུ་དང་། 

2035ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་བྱུང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ། 

2050ལོར་སླེབས་སྐབས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་།  ཞིང་ལས་སྟོབས་ཆེན།  གྲོང་གསེབ་མཛེས་སྡུག་ལྡན་པ།  ཞིང་པ་འབྱོར་ཕྱུག་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་རེད། 

གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་ཐབས་ལམ།

གྲོང་གསེབ་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ་དང་། 

གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ།

གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་བཏང་ནས་གྲོང་སྲོལ་ཤེས་དཔལ་གྱི་རྣམ་པ་གསར་པ་མངོན་པ།

གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་བཅོས་སྐྱོང་གི་མ་ལག་གསར་དུ་གཏོད་པ།

གྲོང་གསེབ་ཀྱི་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པ།

གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་སྟེ་དབུལ་ཕོངས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་བ།

སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་ལུགས་རང་བཞིན་གྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ།

སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།

མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ལ་མ་དངུལ་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། 

ཏང་གིས"ཞིང་གསུམ"ལས་དོན་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་རེད།


ཕྱི་ནས་ཅ་དངོས་ཉོ་སྐབས་གང་ཞིག་ལ་དོ་སྣང་བྱེད་དགོས་སམ། དྲ་ཐོག་ནས་ཉོས་པའི་ཚོང་ཟོག་ཇི་ལྟར་བླངས་ན་དེ་བས་བློ་བདེ་པོ་ཡོད་དམ། —— རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཉོ་སྒྲུབ་སྐོར་གྱི་འགོག་སྲུང་ཤེས་བྱ། བཅའ་ཁྲིམས་ལ་བརྟེན་ནས་བཟའ་བཅའ་འཕྲོ་བརླག་མི་འགྲོ་བའི་འགན་ལེན་བྱེད་དགོས། ཇི་ལྟར་བྱས་ཏེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་འགོག་དགོས་སམ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་ཇི་ལྟར་བྱེད་དགོས། (གཉིས) ཆུ་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་དང་ཆུ་ནང་གློད་པ་དང་།དམངས་ཁྲོད་ཀྱིས་ཚེ་ཐར་གཏོང་སྟངས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་བརྡ་ཐོ། 2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་ཤེས་བྱ། (གཉིས།) 2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་ཤེས་བྱ།(གསུམ།) ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཚན་རིག་ཁྱབ་གདལ་ཤེས་བྱ། ཞིང་ལས་ཀྱི་འགན་བཅོལ་ཤེས་བྱ་ངོ་སྤྲོད།