ཞིང་ལས་ཀྱི་འགན་བཅོལ་ཤེས་བྱ་ངོ་སྤྲོད།

འགྲེམས་བསྒྲགས་དུས་ཚོད།:2022-09-19

ཞིང་ལས་ཀྱི་འགན་བཅོལ་རིགས་ལ་གྲོ་དང་། ཨ་ཤོམ། སྲིང་བལ། ཉིད་འོད་དྲོད་ཁང་སོགས་ཡོད། གྲོའི་འགན་བཅོལ་གྱི་འགན་འཁྲི་ནི་མེ་སྐྱོན་དང་། སེར་སྐྱོན། རླུང་སྐྱོན། འཁྱག་སྐྱོན། ཞོད་སྐྱོན། ཐན་སྐྱོན་བཅས་ཡིན་པ་དང་། ཨ་ཤོམ་འགན་བཅོལ་གྱི་འགན་འཁྲི་ནི་སེར་སྐྱོན་དང་། ཞོད་སྐྱོན། རླུང་སྐྱོན། ཐན་སྐྱོན། ས་ཡོམ་བཅས་རེད། སྲིང་བལ་འགན་བཅོལ་གྱི་འགན་འཁྲི་ནི་སེར་སྐྱོན་དང་། ཞོད་སྐྱོན། ཐན་སྐྱོན། ས་ཡོམ་བཅས་རེད།

གནོད་འཚེ་ཐོན་རྗེས་འགན་བཅོལ་རྒྱག་མཁན་གྱིས་ཆུ་ཚོད་ཉེར་བཞིའི་ནང་གྲོང་རྡལ་དང་ཁྲོམ་གཞུང་གི་ཞིང་ནགས་ས་ཚིགས་ལ་གྱོད་ཐོ་དགོས་པ་དང་། གྲོང་རྡལ་དང་ཁྲོམ་གཞུང་ནས་ཆུ་ཚོད་ཉེར་བཞིའི་ནང་འགན་བཅོལ་ཀུང་སི་དང་རྫོང་གི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དུ་སོ་སོར་སྙན་སེང་ཞུ་དགོས། འབྲེལ་ཡོད་སྡེ་ཚན་དང་གྲོང་རྡལ་དང་ཁྲོམ་གཞུང་ཁག་གིས་དཔྱད་དཔོག་ཚོགས་ཆུང་བཙུགས་ནས་ས་ཆ་དངོས་སུ་ཞིང་པར་ཚན་རིག་དང་མཐུན་པའི་རོགས་སྐྱོབ་བྱེད་པར་མཛུབ་ཁྲིད་བྱེད་པ་དང་། གནོད་འཚེར་བརྟག་དཔྱད་དང་། པར་རྒྱག་པ། ཐོ་འགོད་སྙན་ཞུ་བཅས་ཡག་པོ་བྱེད་པ་མ་ཟད། གནོད་འཚེ་ཕོག་པའི་ལོ་ཏོག་ཐོན་འབབ་ཚད་འཇལ་བྱེད་པའི་ཆ་རྐྱེན་ཚང་ཚེ། རིགས་གཅིག་མཁས་ཅན་གྱིས་སྟབས་བསྟུན་འཐེན་བཤེར་བྱས་ནས་གྱོང་གུན་གཏན་འཁེལ་བྱེད་དགོས།


ཕྱི་ནས་ཅ་དངོས་ཉོ་སྐབས་གང་ཞིག་ལ་དོ་སྣང་བྱེད་དགོས་སམ། དྲ་ཐོག་ནས་ཉོས་པའི་ཚོང་ཟོག་ཇི་ལྟར་བླངས་ན་དེ་བས་བློ་བདེ་པོ་ཡོད་དམ། —— རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཉོ་སྒྲུབ་སྐོར་གྱི་འགོག་སྲུང་ཤེས་བྱ། བཅའ་ཁྲིམས་ལ་བརྟེན་ནས་བཟའ་བཅའ་འཕྲོ་བརླག་མི་འགྲོ་བའི་འགན་ལེན་བྱེད་དགོས། ཇི་ལྟར་བྱས་ཏེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་འགོག་དགོས་སམ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་ཇི་ལྟར་བྱེད་དགོས། (གཉིས) ཆུ་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་དང་ཆུ་ནང་གློད་པ་དང་།དམངས་ཁྲོད་ཀྱིས་ཚེ་ཐར་གཏོང་སྟངས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་བརྡ་ཐོ། 2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་ཤེས་བྱ། (གཉིས།) 2022ལོའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་ཤེས་བྱ།(གསུམ།) གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་གོམ་སྟབས་གསུམ་ལ་དབྱེ་ནས་སྐྱོད་པའི་དམིགས་ཚད་ལས་འགན། ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཚན་རིག་ཁྱབ་གདལ་ཤེས་བྱ།