མིག་ནད་སྐྱ་གྲིབ་ཀྱི་མིག་སྨན་བླུགས་ན་ཕན་པ་ཡོད་མེད་སྐོར་ལ། མིག་ནད་སྨན་པ་མཁས་པས་མགྱོགས་པོ་མཚམས་འཇོག་བྱེད་དགོས་པའི་དྲན་སྐུལ་བྱས་པ།

འགྲེམས་བསྒྲགས་དུས་ཚོད།:2022-09-26

ཐེངས་འདིའི་གཙོ་གནད།

གང་འདྲ་ཞིག་ལ་མིག་ནད་སྐྱ་གྲིབ་ཟེར།

མིག་ནད་སྐྱ་གྲིབ་ནི་ང་ཚོའི་མིག་ནང་གི་ཤེལ་གཟུགས་སྐྱི་པགས་རྒས་ཏེ། དྭངས་བ་ནས་རྙོགས་པར་གྱུར་པ་དང་། ཕྱི་རོལ་འོད་མདངས་འགོག་པའི་ནུས་པ་ཉམས་ནས་ཐད་ཀར་མིག་གི་ནང་ཁོང་དུ་ཕོག་གི་ཡོད། 

མིག་ནད་སྐྱ་གྲིབ་ཀྱི་ནད་རྟགས།

མིག་ནད་སྐྱ་གྲིབ་ལ་གཤམ་གསལ་གྱི་ནད་རྟགས་5བྱུང་བ་སྟེ།

1.མཐོང་ཚོར་རབ་རིབ་ཏུ་གྱུར་པ་དང་མིག་ཤེད་ཉམས་པ།

2.འོད་ལ་སྐྲག་སྣང་ཆེ་བ། འོད་མདངས་ཆེ་སར་དེ་བས་མི་གསལ་བ།

3.རྒྱང་སྒྲིབ་དེ་བས་ཇེ་སྡུག་ཏུ་འགྲོ་བ།

4.ཁ་དོག་སྨུག་པོ་མཐོང་བ།

5.ཅ་དངོས་ཉིས་བརྩེགས་མཐོང་བ།

གལ་སྲིད་ཁྱེད་ལ་ནད་རྟགས་དེ་དག་ཐོན་ན། དངོས་གཞིའི་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་དགོས།

མིག་ནད་སྐྱ་གྲིབ་ཀྱི་བཅོས་ཐབས།

མིག་ནད་སྐྱ་གྲིབ་ནི་རྒན་འཁོགས་ཀྱི་མི་ཚོགས་ཁྲོད་ཕོག་ཧ་ཅང་མང་པོ་ཡོད། དེ་ནི་མིག་ལོང་བའི་མིག་ནད་ཨང་དང་པོ་དེ་རེད། དེ་དང་ཆབས་ཅིག མིག་ནད་སྐྱ་གྲིབ་ནི་རྒན་འཁོགས་ཁོ་ནར་ཕོག་པའི་ནད་ཅིག་མ་ཡིན་པར། ན་རྒས་མིག་ནད་སྐྱ་གྲིབ་ཕུད། ད་དུང་ལྷན་སྐྱེས་སྐྱ་གྲིབ་དང་། འདུས་ནད་སྐྱ་གྲིབ། རྨས་སྐྱོན་ཅན་གྱི་སྐྱ་གྲིབ། གསར་རྙིང་བརྗེ་ལེན་རང་བཞིན་གྱི་སྐྱ་གྲིབ་སོགས་ཡོད།

མིག་ནད་སྐྱ་གྲིབ་ཀྱི་གཤགས་བཅོས།

མིག་སྔར། གཤགས་བཅོས་ནི་མིག་ནད་སྐྱ་གྲིབ་ཀྱི་བཅོས་ཐབས་ཉག་ཅིག་དེ་རེད། མིང་གཞན་ལ་སྐྱ་གྲིབ་སྒྲ་རླབས་གཤེར་སྦྱོར་དང་མི་ཐབས་ཀྱིས་ཤེལ་གཟུགས་སྐྱི་པགས་བརྗེ་ཐབས་ཀྱང་ཟེར། དེའི་ལག་རྩལ་ནི་ཧ་ཅང་བྱང་ཆུབ་པར་གྱུར་ཡོད། དེ་ནི་མིག་རིལ་གྱི་ངོས་སུ་སྦྲིད་སྨན་བླུགས་རྗེས། (མིག་ནང་མིག་སྨན་ཐིགས་པ་བརྒྱབ་པ་བཞིན་བྱས་ན་སྦྲིད་པ་དང་། ཁབ་སོགས་རྒྱག་དགོས་མེད)རྨ་ཁ་3mmཙམ་ཞིག་ཕྱེ་ནས། རྙོག་པོར་གྱུར་པའི་ཤེལ་གཟུགས་སྐྱི་པགས་དེ་བཏོན་ནས་མི་བཟོས་ཀྱི་ཤེལ་གཟུགས་སྐྱི་པགས་དེ་བརྗེས་དགོས། བརྒྱུད་རིམ་ཧྲིལ་པོར་སྐར་མ་10ནས་20ཙམ་ལས་འགོར་གྱི་མེད་ལ། ན་ཟུག་ཀྱང་གཏོང་གི་མེད། གཤགས་བཅོས་བྱས་རྗེས་གསོས་མགྱོགས་པ་དང་ཉིན་གཉིས་པར་མིག་རས་བཀྲོལ་རྗེས་རྒྱུན་གཏན་ལྟར་བལྟ་ཐུབ་ཀྱི་ཡོད།

སྐྱ་གྲིབ་དེ་ཡོངས་སུ་སྨིན་ནས་མིག་མི་མཐོང་བར་གྱུར་རྗེས་གཞི་ནས་གཤགས་བཅོས་བྱེད་དགོས་སམ།

རྦད་དེ་ནོར་འཁྲུལ་རེད། མིག་ནད་སྐྱ་གྲིབ་སྨིན་ག་ཚོད་ཀྱིས་ཆེ་ན། གཤགས་བཅོས་དེ་ཚོད་ཀྱིས་དཀའ་ལས་ཆེ་བ་ཡོད། ད་དུང་མཉམ་དུ་ནད་གཞན་ཕོག་སླ་བ་སྟེ། སྔོ་གྲིབ་དང་སྐྱི་པགས་གཉན་ཚད་རྒུན་འབྲུམ་ཅན་སོགས་ཕོག་གི་ཡོད། གཞན་ཡང་། སྐྱ་གྲིབ་ཀྱིས་བཀབ་ནས་སྨན་པས་མིག་རྟིང་གི་ནད་གཞི་བརྟག་དཔྱད་བྱེད་པར་འགོག་རྐྱེན་བཟོས་ཏེ། ནད་གཞི་ངོས་བཟུང་བ་དང་སྨན་བཅོས་བྱེད་པར་འཐུས་ཤོར་ཕྱིན་ནས་གནོད་སྐྱོན་དེ་བས་ཆེ་བ་ཡོད། སྤྱིར་ན། ཁྱེད་ཀྱི་མིག་ཤེད་0.5ལས་ཆུང་བ་དང་ད་དུང་གོང་གི་བཤད་པའི་དངོས་པོ་རབ་རིབ་ལས་མི་མཐོང་བའི་ནད་རྟགས་ཐོན་པ། འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བ་བཅས་ཡོད་ཚེ། དངོས་གཞིའི་སྨན་ཁང་དུ་བརྟག་དཔྱད་བྱས་རྗེས། མིག་ནད་སྐྱ་གྲིབ་ཡིན་པ་གཏན་འཁེལ་བྱུང་ན། གཤགས་བཅོས་བྱེད་མིན་གྱི་དགོངས་པ་བཞེས་གལ་ཆེ།

མིག་ནད་སྐྱ་གྲིབ་ཀྱི་གཤགས་བཅོས་བྱས་ན། ཁྱེད་ཀྱིས་ཅ་དངོས་གང་ཞིག་གསལ་ཐིང་ཐིང་དུ་མཐོང་བ་ཡིན་ནམ་ཞེ་ན།

སྤྱིར་བཏང་དུ་བྱས་ན། མིག་ནད་སྐྱ་གྲིབ་ཀྱི་གཤགས་བཅོས་ཐེངས་གཅིག་ལས་བྱེད་དགོས་མེད། མི་ཉུང་ཤས་ལ་གཤགས་བཅོས་བྱས་རྗེས། མིག་ནད་སྐྱ་གྲིབ་ཀྱི་ནད་བསྐྱར་དུ་ཐོན་སྲིད་པ་དང་། འོན་ཀྱང་དེ་ལ་བསྐྱར་དུ་གཤགས་བཅོས་བྱེད་དགོས་མེད་པར། སྐུལ་འོད་ཀྱི་བཅོས་ཐབས་ཐེངས་གཅིག་བྱས་ན་འགྲིག་གི་ཡོད།

མིག་ནད་སྐྱ་གྲིབ་གཤགས་བཅོས་དེ་མི་ཕལ་ཆེ་བར་ཕན་མོད། འོན་ཀྱང་། མིག་ནད་སྐྱ་གྲིབ་ཀྱི་གཤགས་བཅོས་བྱས་རྗེས་མིག་ཤེད་སླར་གསོ་ག་ཚོད་ཐུབ་མིན་དེ་མིག་མཐིལ་གྱི་ནུས་པར་རག་ལས་པ་ཡིན། དེར་བརྟེན། མིག་ནད་སྐྱ་གྲིབ་སྔ་ཙམ་སྨན་བཅོས་བྱས་ན་ཡག་པ་ཡོད།

དོ་སྣང་བྱེད་དགོས་པ།

1.མིག་ནད་སྐྱ་གྲིབ་ཀྱི་གཤགས་བཅོས་མ་བྱས་གོང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ཕོག་པའི་ནད་པས་ཁྲག་ཤེད་དང་ཁྲག་གི་མངར་ཆ་ཚོད་འཛིན་ཡག་པོ་བྱེད་དགོས།

2.མིག་ནད་སྐྱ་གྲིབ་ཀྱི་གཤགས་བཅོས་བྱས་རྗེས། ཉི་མའི་འོད་དང་སྨུག་ཕྱིའི་འོད་ཆེ་སར་འགྲོ་སྐབས། སྨུག་ཕྱིའི་འོད་འགོག་པའི་མིག་ཤེལ་ནག་པོ་བཏགས་ནས་སྨུག་ཕྱིའི་འོད་ཀྱི་གནོད་འཚེ་མི་ཕོག་པ་བྱེད་དགོས།


ཇི་ལྟར་བྱས་ནས་ཐུམ་འབུའི་ནད་འགོག་བཅོས་བྱེད་དགོས་སམ། ན་ཟུག་བཏང་ན་སྡུག་རུས་གཏན་ནས་བྱ་རྒྱུ་མེད། དཔུང་པར་ན་ཟུག་རྒྱག་པ་དེ་དཔུང་ཚིགས་གཉན་ཚད་ཡིན་པའི་ངེས་པ་མེད་པར་དཔུང་པར་རྨས་སྐྱོན་ཕོག་པའང་ཡིན་སྲིད་པ། འདུས་འདྲིལ་གཅོང་ནད་ཐད་ཀྱི་ནོར་འཛོལ། རྒྱལ་ནང་གི་HPVསྔོན་ཁབ་ཐོག་མ་དེ་དངོས་སུ་སྤྱོད་འགོ་ཚུགས་པ། སྨན་པས་ཁྱེད་ལ་སྐེད་ཚིགས་རུས་འབུར་ནད་ཀྱི་ན་ཟུག་ཡང་དུ་གཏོང་ཐབས་ཞིག་བསླབ་ཆོག སྐེད་ཚིགས་ཕང་ལོ་ཞེས་པ་ཡང་སྙིང་གང་ལ་ཟེར། སྙིང་ཁམས་ཁྲག་རྩའི་ནད་སྨན་བཅོས་བྱེད་པར་ལྷོད་གཡེང་གཏན་ནས་གཏོང་མི་རུང་། འདུས་འདྲིལ་གཅོང་ནད་སྔོན་འགོག་བྱས་ནས་གཟུགས་གཞི་བདེ་ཐང་ཡོང་བ་བྱེད་དགོས།