སྔོན་ཁབ་མ་གཟེད་གོང་ཁྱེད་ཀྱིས་ཤེས་འདོད་པ་ཚང་མ་འདི་ན་ཡོད།
▲HPVནི་གང་ཡིན་ནམ། བུ་སྣོད་སྐེའི་ངན་སྐྲན་དང་འབྲེལ་བ་གང་ཡོད་དམ།
HPVནི། ནད་འགོག་ནུས་པ་ཞན་པ་དང་། རྒྱུད་ཁྲིད་སླ་བ། སྲིན་འབུ་དང་ནད་དུག་དང་དེ་བཞིན་དབྱི་ཡོན་སྲིལ་སྲིན་སོགས་སྐྱེ་དངོས་ཕྲ་རབ་སྣ་ཚོགས་འགོ་བ། སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཞན་པ། ཁོར་ཡུག་གི་རྒྱུ་རྐྱེན། སྦྲུམ་མང་བ་དང་བཙས་མང་བ།
ཆགས་སྤྱོད་སྔ་དྲགས་པ། དགའ་རོགས་མང་བ། བཟའ་ཟླའི་སྤྱོད་པ་མི་གཙང་བ། སྦྲུམ་འགོག་སྨན་གཏོང་བ། ཐ་མག་འཐེན་པ། ཆང་རག་འཐུང་བ། དུག་འཐེན་པ། འཚོ་བཅུད་མི་འདང་བ་སོགས་ལ་ཕོག་སླ།
HPVའགོས་ན་ད་དུང་ནད་ཡམས་གཞན་དག་སློང་གི་ཡོད།
བུ་སྣོད་སྐེའི་ངན་སྐྲན་ཕོག་ཚད་99.7%དང་། བཤང་སྒོའི་སྐྲན་ཕོག་ཚད་90% མཚན་མའི་ཕྱི་དང་མཚན་མའི་ན་ཚ་ཕོག་ཚད་40% མཇིང་པའི་སྐྲན་ཕོག་ཚད་12%
མིའི་རིགས་ལ་HPVའགོ་བའམ་ཕོག་པའི་ཚད་གཞི་ཧ་ཅང་མཐོ་པོ་ཡོད་ཅིང་། ཆགས་སྤྱོད་ཡོད་པའི་བུད་མེད་ལ་འགོས་ཚད་50%ནས་80%བར་ཟིན་པ་དང་། འགོས་མ་ཐག་པའི་སྐབས་སུ་ནད་རྟགས་གང་ཡང་མེད་པས་བུད་མེད་ཀྱི་ངན་སྐྲན་སྡུག་ཤོས་ཀྱི་གྲས་ཤིག་རེད།
▲HPVསྔོན་ཁབ་རྒྱག་དགོས་དོན་གང་ཡིན། བདེ་འཇགས་ཡོད་དམ།
HPVསྔོན་ཁབ་ནི་མིའི་རིགས་ཀྱིས་རིམས་འགོག་སྨན་ཁབ་ལ་བརྟེན་ནས་ངན་སྐྲན་འཇོམས་ཐབས་བྱེད་པའི་ཚོད་ལྟ་ཐོག་མ་ཞིག་ཡིན་ཞིང་། དུས་ཐོག་ཏུ་HPVསྔོན་ཁབ་གཟེད་ན་བུ་སྣོད་སྐེའི་ངན་སྐྲན་ཕོག་ཚད་ཆུང་དུ་ཆེས་ཆེར་གཏོང་ཐུབ། 2006ལོར། HPVསྔོན་ཁབ་དང་པོ་དེ་ཨ་རིར་བཏོན་པ་ནས་ད་བར།
དེའི་བདེ་འཇགས་རང་བཞིན་ལ་དབང་གྲགས་ལྡན་པའི་སྒྲིག་གཞིའི་ཁས་ལེན་ཐོབ་ཡོད།
མིག་སྔར། སྤྱོད་བཞིན་པའི་HPVསྔོན་ཁབ་ལ་སྣ་ཁ་གསུམ་ཡོད་དེ། ཚད་གཉིས། ཚད་བཞི། ཚད་དགུ་བཅས་རེད།
ད་ཐེངས་རྒྱལ་ནང་དུ་སྤྱོད་པའི་HPVསྔོན་ཁབ་ནི་ཚད་གཉིས་ཡིན་པ་དང་། HPVཅུང་ཞན་པའི་16དང་ཅུང་ཞན་པའི་18ལ་དམིགས་ནས་རྒྱག་གི་ཡོད་ཅིང་། དེ་ནི་ཉེན་ཁ་ཆེ་བའི་HPVགཙོ་ཆེ་ཤོས་ཤིག་རེད།
▲མི་གང་དག་ལ་རྒྱག་ཆོག་གམ།
གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་ཆེ་བར་ལོ་9ནས་45བར་ལ་རྒྱག་ཆོག་གི་ཡོད།
ཨ་རི་དང་ཀྲུང་གོར་ལོ་9ནས་26བར་རྒྱག་ཆོག་གི་ཡོད།
ཨ་རིའི་CDCཡིས་HPVསྔོན་ཁབ་རྒྱག་པའི་ལོ་ན་འཚམ་ཤོས་11དང་12ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ལོ་དེ་ལས་ཡོལ་ན་རྒྱག་ཆོག་གམ།
ལོ་ལས་གལ་ཆེ་བའི་དཔྱད་གཞིར་འཛིན་ས་ཞིག་ནི་ཆགས་སྤྱོད་བྱེད་འགོ་ཚུགས་པའི་དུས་ཚོད་རེད། ཆགས་སྤྱོད་བྱེད་འགོ་ཚུགས་རྗེས་འགོ་བའི་ཉེན་ཁ་ཆེ་རུ་སོང་བས་ཕན་འབྲས་ཀྱང་ཇེ་ཞན་དུ་འགྲོ་གི་ཡོད། ཆགས་སྤྱོད་བྱེད་བཞིན་པའི་བུད་མེད་ཚོས་བུ་སྣོད་སྐེའི་ངན་སྐྲན་འགོག་པའི་ཐབས་ཤེས་ཡག་ཤོས་ནི་དུས་བཀག་ནང་བུ་སྣོད་སྐེའི་སྐྲན་ཡོད་མེད་བརྟག་དཔྱད་བྱེད་པ་དེ་རེད།
▲མི་གང་དག་གིས་གཟེད་མི་རུང་ངམ།
མ་འཕྲོད་པའི་ནད་རྟགས་ཚབས་ཆེན་ཡོད་པ་དང་། མངལ་འཁོར་ཟིན་པའམ་སྦྲུམ་རྩིས་ཡོད་པ། གློ་བུར་དུ་ནད་གཞི་ཕོག་པ།
ཟླ་མཚན་འབབ་སྐབས་གཟེད་ན་འགྲིག་གམ། འགྲིག
▲དུས་རྒྱུན་དུ་ཇི་ལྟར་བྱས་ཏེ་བུ་སྣོད་སྐེའི་ངན་སྐྲན་སྔོན་འགོག་བྱེད་དམ།
1.བདེ་ཐང་གི་འཚོ་བ། ཐ་མག་མི་འཐེན་པ་དང་། ཆང་རག་ཉུང་ཙམ་འཐུང་བ། ལུས་རྩལ་མང་ཙམ་རྩེ་བ། སྔོ་ཚལ་དང་ཤིང་ཏོག་མང་ཙམ་ཟ་བ།
2.གཙང་སྦྲར་དང་དོད་བྱེད་པ། ཆགས་སྤྱོད་བྱེད་སྐབས་གཙང་སྦྲ་བྱེད་དགོས་ཤིང་། ཟླ་མཚན་འབབ་སྐབས་རང་ཉིད་ལ་དེ་བས་ཀྱང་སྲུང་སྐྱོབ་བྱེད་དགོས།
3.དུས་བཀག་ནང་བརྟག་དཔྱད་བྱེད་པ། ལོ་ལྟར་བུ་སྣོད་སྐེའི་ངན་སྐྲན་བརྟག་དཔྱད་བྱ་རྒྱུ་གལ་ཤིན་ཏུ་ཆེ།
4.གཉེན་སྒྲིག་དང་བུ་བཙའ་སྔ་དྲགས་རྒྱུ་མེད་པ་དང་། ཕྲུ་གུ་ཉུང་ཙམ་སྐྱེ་བ་དང་སྤུས་དག་སྐྱེ་བ་ཚང་མས་བུ་སྣོད་སྐེའི་ངན་སྐྲན་ཕོག་ཚད་ཆུང་དུ་ངེས་ཅན་གཏོང་ཐུབ།